Video Overview
འདི་ནི་འདྲེ་མོ་ཞིག་གིས་བུ་མོ་གསུམ་གྱི་ཨ་མ་བསད་ཅིང་བུ་མོ་གཉིས་འདྲེ་མོའི་ལག་ནས་ཤོར་ཏེ་ནམ་མཁའི་ཟླ་བའི་ནང་དུ་སོང་བའི་གཏམ་རྒྱུད་ཅིག་ཡིན།
- སྒྲོལ་མ་མཚོ།གནའ་ཞིག་ལ་ས་ཆ་ཞིག་ན་ཨ་ཡེ་ཞིག་ཡོད་པ་རེད།
- ཨ་ཡེ་དེར་བུ་མོ་གསུམ་ཡོད།
- བུ་མོ་གསུམ་ཡོད་པས།
- མོ་ཉིན་ཞིག་ལ།
- ཐང་ཞིག་ལ་སོང་དུས་འདྲེ་མོ་ཞིག་ཡོང་ནས།
- ས་ཆ་དེར་འདྲེ་མོ་ཞིག་ཡོང་ནས།
- ཨ་ཡེ་དེ་བསད་པ་རེད།
- ཟོས་པ་རེད།
- འདྲེ་མོ་དེ་ཨ་ཡེ་དེའི་སྤྲུལ་བ་བྱས་ནས།
- ཕྱིར་ཡུལ་ལ་སོང་།
- ཡུལ་ལ་སོང་ནས།
- དགོང་མོར་བུ་མོ་ཆུང་བར་ཁྱོད་ཁོའི་རུམ་ནས་ཉོལ་ཟེར།
- ཨ་མ་ཡིས་ཁྱོད་རུམ་ཟེར།
- བུ་མོ་གཉིས་ཀར་ཁྱོད་ཀྱིས་དེ་དགོང་།
- ཁོའི་སྔས་མགོར་ཆུ་དང་སྲན་མ་ཞོག་ཟེར།
- ཁོ་ནམ་གུང་སྐོམ་ན་ཆུ་དེ་འཐུང་དགོས།
- ཁོ་ནམ་གུང་ལྟོགས་ན་སྲན་མ་ཟ་དགོས་ཟེར།
- དེ་ནས་བུ་མོས་དེ་གཉིས་བཞག
- ནམ་གུང་ལ་སྤུན་གཉིས་གཉིད་ནས་བསྡད་དུས།
- བུ་མོ་ཆུང་བ་འདྲེ་མོ་ཡི་རུམ་ན་ཡོད་པས།
- ནམ་གུང་ལ་རྙོག་སྒྲ་གྲགས་ནས་འཐུང་བ་དང་།
- དེ་ནས་ཧྲིག་སྒྲ་གྲགས་ནས་ཟོས་པ་རེད།
- དེ་ནས་བུ་མོ་ཡིས་ཨ་མ་ཨ་མ་ཁྱོད་ཀྱིས་ཅི་ཞིག་ཟ་བཞིན་ཡོད་ཟེར།
- ཁྱོད་ཀྱིས་སྔས་མགོར་སྲན་མ་བཞག་པ།
- ངས་སྲན་མ་དེ་ཟ་བཞིན་ཡོད།
- ཁྱོད་ཀྱིས་ཅི་ཞིག་འཐུང་བཞིན་ཡོད་ཟེར།
- ངས་ཁྱོད་ཀྱིས་སྔས་མགོར་ཆུ་འཁྱགས་བཞག་པའི།
- ཆུ་འཁྱགས་དེ་འཐུང་བཞིན་ཡོད།
- དེ་མ་ཡིན་པར།
- འདྲེ་མོ་དེས་བུ་མོ་ཆུང་བ་ཟ་བཞིན་ཡོད།
- ཧྲིག་སྒྲ་གྲགས་པ་རུས་པ་ཟ་བ་ཡིན།
- རྙོག་སྒྲ་གྲགས་པ་ཁྲག་འབྱིན་པ་ཡིན།
- ཁྲག་འཐུང་ནས།
- དེ་ནས་ཨ་མ་ལ་ཁོ་གཉིས་ཀྱང་ལྟོགས་གི
- ཁོང་གཉིས་ལ་ཡང་བྱིན་ཟེར་དུས།
- ལག་པ་བརྐྱངས་ནས་ལག་པའི་ནང་དུ་བཞག་པར་བལྟས་དུས།
- བུ་མོ་ཆུང་བའི་སེན་མོ་ཡིན་པ་རེད།
- དེ་ནས་བུ་མོ་གཉིས་ཀྱིས་འདྲེ་ཡིན་པ་ཤེས་སོང་།
- ཤེས་སོང་བས་དེ་ནས་བཀོད་པ་འཐེན་ནས་འགྲོ་དགོས་ཟེར།
- ཅི་ལྟར་འགྲོ་ཞེས།
- ཨ་མ་ལ་ཁོ་གཉིས་སྒོར་འབུད་དགོས་ཟེར།
- དེ་ནས་ཨ་མས་ཐབ་ཁུང་ནང་དུ་ཐོང་ཟེར།
- ཐབ་ཁུང་ནང་དུ་བཏང་ན།
- སང་ཉིན་སྔ་མོར་ཨ་ཞང་ཚོ་ཡོང་ན།
- གཅིན་མཐོང་ན་གཅིན་སྐྱ་མ་གཉིས་ཀ།
- ཁྱིམ་ན་གཅིན་བཏང་འདུག་ཅེས་ཁོ་གཉིས་ལ་འཕྱ་སྨོད་བྱེད་པ་རེད་ཟེར།
- དེ་ནས་འདྲེ་མོ་ཡིས་བཀོད་པ་བྱས་ནས།
- དེ་ནས་ཡ་ཡ་ཐག་པ་ཞིག་འདོགས།
- ཁྱོད་གཉིས་ཀྱི་ལག་མགོར་ཐག་པ་དེ་བཏགས་ནས་སྒོར་འབུད་དུ་སོང་།
- དྲ་མ་ནང་ནས་མར་ལ་ཁྱོད་གཉིས་དེ་ལྟར་སོང་ན།
- ངས་དྲ་མའི་ནང་ནས་འཛིན་ན་འདུག་ཟེར།
- དེ་ནས་གཉིས་ཀ་སྒོར་སོང་།
- སྒོར་སོང་ནས་སྤུན་གཉིས་ཀྱིས།
- ཁོང་ཚང་གི་གླས་ན་ཕག་ཅིག་ཡོད།
- ཕག་དེའི་སུག་པ་མགོར།
- ཐག་པ་གཅིག་ཕག་གི་སུག་པའི་སྟེང་དུ་བཏགས།
- ད་རུང་བྱ་ཕོ་ཞིག་ཡོད་པ་རེད།
- ཐག་པ་གཅིག་བྱ་ཕོ་དེའི་རྐང་མགོར་བཏགས།
- དེ་ནས་ཕར་ལ་སོང་ནས།
- འདྲེ་མོ་ཡིས་ཡོང་ན་ཡོང་རྒྱུ་མེད་གི
- ཡོང་ན་ཡོང་རྒྱུ་མེད་གི་ཞེས་ཐག་པ་གཅིག་འཐེན་པས།
- བྱ་ཕོ་ཡིས་ཀག་ཀག་ཀག་ཟེར།
- ད་ལྟ་ཁྱེད་གཉིས་ཧབ་ཆ་བྱས་ནས་སྡོད་དང་།
- ཅུང་ཙམ་གྱི་རྗེས་ནས་ངས་ཁྱོད་གཉིས་ཟ་ཡ་ཟེར།
- དེ་ནས་ཡང་ཐག་པ་གཅིག་འཐེན་ནས།
- ཕག་གྲགས་ནས་དེ་ལྟར་བྱས་པས།
- ཡ་ཁྱེད་གཉིས་ཁོང་དགོད་བྱས་ནས་སྡོད་དང་།
- ཅུང་ཙམ་གྱི་རྗེས་ནས་ངས་ཁྱེད་གཉིས་ཟ་ཡ་འདོད་དེ།
- དེ་ནས་བསྡད་བསྡད་ནས་ཡོང་རྒྱུ་མེད་པ་རེད།
- འདྲེ་མོ་ཡིས་ཤེས་སོང་།
- ཐག་པ་འཐེན་ནས་སོང་དུས།
- ཕག་དང་བྱ་ཕོ་གཉིས་ཀྱི་ལག་པའི་མགོར་བཏགས་ཡོད།
- དེ་ནས་འདྲེ་མོ་ཡིས་བདའ་ནས་སོང་དུས།
- བདའ་བདའ་ནས་སོང་དུས།
- སྤུན་གཉིས་ཡར་གྱི་སྒང་མགོ་ཞིག་ན་འགྲོ་བཞིན་ཡོད།
- དེ་ནས་འདྲེ་མོ་དེ་སྒང་མགོར་འཛེགས་དུས།
- བུ་མོ་དེ་གཉིས་ཀྱིས་གསོལ་བ་བཏབ་ནས།
- གནམ་གྱི་ཟླ་ཤར་ནས་བསྡད་ཡོད།
- གསོལ་བ་བཏབ་ནས་ཨ་མ་ཟླ་བ།
- ངེད་གཉིས་ཀྱི་སྲོག་སྐྱོབས་དང་།
- འདྲེ་མོ་རྗེས་སུ་ཐོན་ལ་ཉེ།
- དེ་ནས་ཟླ་བ་ཡི་ནང་ནས་ལྕགས་ཐག་གཉིས་བསྣར་ནས།
- བུ་མོ་གཉིས་བུད་སོང་།
- དེ་ནས་འདྲེ་མོ་ཡིས་བུ་མོ་གཉིས་ལ།
- ཁྱོད་གཉིས་ཀྱིས་ཨ་མ་སྐྱུར་བ་ཡིན་ནམ་ཟེར།
- ཡང་ཕྱིར་ཨ་མ་ཡི་སྤྲུལ་བ་བྱས་ནས།
- དེ་ནས་ཨ་མ་ཁྱོད་ཀྱིས་གསོལ་བ་ཐོབ་དང་།
- ཁྱོད་ཀྱིས་བལ་ཐིག་ཅིག་ཤོག་དང་།
- ངའི་སྲོག་ཡར་ལ་སྐྱོབས་ཞེས་ཤོད་དང་ཡོང་ནི་རེད་ཟེར།
- དེ་ནས་འདྲེ་མོ་ཡིས་དེ་ལྟར་གསོལ་བ་བཏབ་ནས།
- དེ་ནས་བལ་ཐིག་ལྷོད་པོ་ཞིག་ཡོང་ནས།
- འདྲེ་མོ་དེ་ཅུང་ཙམ་ཞིག་ལ་ཡར་འཛེགས་དུས།
- ཐང་ལ་བརྒྱབ་ནས་བསད་པ་རེད།
- དེ་ནས་སྤུན་གཉིས་ཀྱིས་ཟླ་བའི་ནང་ནས།
- འཚོ་བ་སྐྱིད་པོ་རོལ་ནས་བསྡད།