Video Overview
Almost every important festival in the country will be followed by entertainment programmes such as archery, Khuru, Degor, etc. Similarly this particular archery match was also played after the Buli Chodpa festival in Buli Gewog (county) in Zhemgang Dzongkhag (district). Prior to the main archery match, an offering ceremoney to the local deities was conducted mainly to wish for a joyful and peaceful day without any misfortunes. The event is called as marchang ceremony and is practiced all over the country since long ago.
རྒྱལ་ཁབ་ཀྱི་ས་གནས་ག་སྟེ་ལུ་ཡང་ སྤྲོ་བའི་ལས་རིམ་ མདའ་རྐྱབ་ནི་དང་ ཁུ་རུ་རྐྱབ་ནི་ དེ་ལས་ རྡོས་སྒོར་རྩེད་ནི་ལ་སོགས་པ་ཚུ་ མང་ཆེ་ཤོས་ཅིག་ དུས་སྟོན་དང་ དགའ་སྟོན་ཚུ་མཇུག་བསྡུཝ་ད་ རྩེད་འགྲན་འབདཝ་ཨིན། དེ་བཟུམ་སྦེ་རང་ གཞལམ་སྒང་རྫོང་ཁག་ནང་ལུ་ མདའ་རྩེད་འགྲན་འབད་ནི་འདི་ བུ་ལི་མཆོད་པ་འདི་མཇུག་བསྡུ་བའི་སྐབས་ བརྩེ་འགྲན་འབདཝ་ཨིན་མས། མདའ་རྩེད་འགྲན་མ་འབད་བའི་ཧེ་མ་ གནས་བདག་ཚུ་ལུ་མཆོད་པ་ཕུལ་དོ་ཡོདཔ་དང་ དེ་ཡང་ ཉིནམ་དེའི་སྐབས་ལུ་ འགལ་རྐྱེན་བར་ཆད་ག་ནི་ཡང་མ་འབྱུང་པར་ བདེ་སྐྱིད་དང་ དགའ་སྤྲོ་ཐོག་ལས་ མཇུག་བསྡུ་ནིའི་དོན་ལུ་ཨིན་མས། མཆོད་པ་འདི་ མར་ཆང་ཕུལ་གཏོར་ནི་འདི་ཨིནམ་དང་ འདི་བཟུམ་མའི་སྲོལ་འདི་ རྒྱལ་ཁབ་ནང་ལུ་ དུས་སྔོན་མ་ལས་རང་ ལག་ལེན་འཐབ་སྡོད་ནུག
- Juli
- བུ་ལི་གི་གཡུས་མི་ Villagers of Buliལེགས་པས་ས་དབའི་ ཨ་ལེགས་པས་ཕྱོགས་ལས་དབའི་ཤོག་ཅིག་གེ།
- བུ་ལི་གི་གཡུས་མི་ Villagers of Buliའོད་ཁྲི་གདུགས་གསེར་གྱི་དབའི་བུམ་པ་འདྲ་བུམ་པ་་།
- བུ་ལི་གི་གཡུས་མི་ Villagers of Buli་་་གེ་ཤོག་ཅིག་གེ གངས་སྟོད་གསེར་ཤོག་དབའི་གཡང་་་།
- བུ་ལི་གི་གཡུས་མི་ Villagers of Buli་་་་ས་དབའི་ ཨ་ལེགས་པས་ཕྱོགས་ལས་དབའི་ཤོག་ཅིག་གེ །
- བུ་ལི་གི་གཡུས་མི་ Villagers of Buli་་་དགོངས་པ་ཞུ་དགོངས་པ་ཞུ།
- བུ་ལི་གི་གཡུས་མི་ Villagers of Buli་་་ཨ་ལེགས་པས་ཕྱོགས་ལས་དབའི། ཤོག་ཅིག་གེ་ཤོག་ཅིག་གེ དགུང་སྟོད་མཐོན་པོ་དབའི་་་།
- བུ་ལི་གི་གཡུས་མི་ Villagers of Buli་་་བུམ་པ་འདྲ། ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། ཨ་ལེགས་པས་ཕྱོགས་ལས་དབའི་ཤོག་ཅིག་གེ་ཤོག་ཅིག་གེ །
- བུ་ལི་གི་གཡུས་མི་ Villagers of Buliཨོ ཾ་ཨཱཿཧཱུཾ། ཨོ ཾ་ཨཱཿཧཱུཾ། ཨོ ཾ་ཨཱཿཧཱུཾ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག་རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliབྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་ཕེད་པའི་རྒྱུད་དང་འབྲེལ་བའི་ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཛ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliགནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དོར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliདཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུས་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliགཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིད་སྡེ་བརྒྱུད། འགྲོ་བ་རིགས་དྲུག སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliལྟའི་་་་ཨེ་ཧུ་ཧུ་ཧུ་་་་ལྟའི་་་ལྟའི་་་་ཨེ་ཧུ་ཧུ་ཧུ་་་་ལྟའི་་་་ལྟའི་་་་ཨེ་ཧུ་ཧུ་ཧུ་་་་ལྟའི།
- བུ་ལི་གི་གཡུས་མི་ Villagers of Buliལྟའི་་་ལྟའི་་་་ལྷ་རྒྱལ་ལོ་ འདྲེ་ཕམ་སོང་ ལྷ་རྒྱལ་བའི་མདའ་ཅིག་ཁལ་ལྔ་ཏག་ཏ། འདྲེ་ཕམ་པའི་རྟས་ཐག་ཁལ་ལྔ་ཏག་ཏ།
- བུ་ལི་གི་གཡུས་མི་ Villagers of Buliརང་གི་མི་ལྟག་ལས། ཕྱི་གི་མི་འོག་ལས། ཟེར་སླབ་ནི་བརྗེད་སོང་འདུག་ཏེ།
- བུ་ལི་གི་གཡུས་མི་ Villagers of Buliཡ་ཡ་མདའ་རྩེདཔ་ཚུ་གི་མར་ཆང་ སྐད་འཐོན་འོང་སྐད་འཐོན་འོང་།
- འོང་ལགས་སོ་ལགས་སོ་ བཀའ་དྲིན་ཆེ། བཀག་རེག་མི་ཕོག་མེན་ན་ད་རུང་ཁྱོད་ཚུ་གིས་དབའི།
- ཨ་ཛིའི་བཀག་རེག་མི་ཕོག་ལོ།
- སིང་ཆང་བཞེས་ད་ཡ་སིང་ཆང་།
- མི་ཞུ་ཨ་ཞེམོ།
- ཡ་བཀའ་དྲིན་ཆེ།
- ཨ་ཙི་ཅིག་འདི་བཞེས་དགོ་མི་བཏུབ་ལོ་མེན་ན? ཨ་ཙི་རེ་ ལྟ་མ་བཀག་རེག་མི་ཕོག་མས་ མེན་བཞེས་ཆང་ནང་སྦེ་རང་བཞེས་དགོ།
- ཛའི་ཡ་ཡ།
- དབའི་་་ང་བཅས་རའི་ནང་གི་ཨ་མ་ཚུ་གིས་ ང་བཅས་ཕྱི་ཁར་ལས་འོང་མི་ཚུ་ཡུདཔ་ཅིག་ མང་སུ་མང་སུ་ལྟིར་ནི་ཡོད་མས།
- ཨིན་པས་ཨ་ཅོ།
- སིང་ཆང་ ཡ་ང་བཅས་ཀྱི་ཨ་ཅོ་ བཀག་རེག་ལེ་ཤ་ཕོག་བཅུག་ཤིག།
- བུ་ལི་གི་གཡུས་མི་ Villagers of Buliཨོ ཾ་ཨཱཿཧཱུཾ། ཨོ ཾ་ཨཱཿཧཱུཾ། ཨོཾ་ཨཿཧཱུ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག་ རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliབྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་ཕེད་པའི་རྒྱུད་དང་འབྲེལ་བའི་ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཛ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliགནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དོར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliདཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུས་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་ Villagers of Buliགཞན་ཡང་་་ལྟའི་་་་་་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིད་སྡེ་བརྒྱུད། འགྲོ་བ་རིགས་དྲུག སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི། ཨེ་ཧུ་ཧུ་ཧུ་་་་ལྟའི་་་ལྟའི་་་ཨེ་ཧུ་ཧུ་ཧུ་་་་ལྟའི་་་་ལྟའི་་་་་ཨེ་ཧུ་ཧུ་ཧུ་་་་ལྟའི།
- བུ་ལི་གི་གཡུས་མི་ Villagers of Buliལྟའི་་་ལྟའི།
- བུ་ལི་གི་གཡུས་མི་ Villagers of Buliལེགས་ཤོམ་སྦེ་འགྱོ་ནི་གི་
- འབའ་བཏེག་པར་འགྱོ་་་་དབའི།
- ཡར་སོང་ཡི་ཡར་སོང་ཡི།
- ད་ཕར་ཨིན་པས་ང་བཅས་རའི་འབའ་ཡ།
- ག་རྐྱབ་ནི་ཧེ་མ་དབའི?
- ང་གིས་རྐྱབ་གེ་ནོ།
- ཡ་ཡ།
- སྐད་རྐྱབ་ཤིག་ འེང་འེང་འབད་མས་ཏེ།
- ང་བཅས་ལུ་དར་ཡང་མེད་པར་ཨིན་པས།
- དར་ཡོད་དབའི།
- ཡ་ཡ་་
- རྐྱབ་ཐངས་འདི་ཡོད་པ་ ཕོག་ཐངས་མེད་པའི་ཟེར་ཁོ་ལུ་ རྐྱབ་ཐངས་འདི་ཡོད་པ་ཁོ་ལུ།
- ཡ་ཡ་ཨ་ཞང་།
- ད་དོ་རུང་ཡང་མར་ལུས་སོང་ཡི་དབའི་ མ་བྱང་དབའི་(ཤར་ཕྱོགས་པའི་ཁ་) ངེའི་དཔྱལཝ།
- མེན་པས་ག? ཨིན་སྨ་རེད་ ཏོག
- ལྟག་ལས་ལྟག་ལས།
- འོ་བྱོན་་་་་དགོ་་་ཕ་རྒྱལ་པོ་་་ཡ་དབའེ་་་འགོ་རྡབ་རྐྱབ་ཤིག་འགོ་རྡབ།
- འགོ་དང་འགོ་ལས།
- ཡར་སོང་ཡི་དབའི།
- དབའི་དབའི།
- ཡ་་་སྡོད་་་འོ་་་དབའི་་་ལེགས་ལེགས་ འོང་འོང་ ཛའི་མགུ་ཏོག་གུ་ལུ་རེག་ཡི་མས་དབའི།