04 Nov 2014
7 min 4 sec
Video Overview
Creators:
Tibetan & Himalayan Library
This is a video of Khato Jyid from Sonak Village in Rebkong telling a story called "The Engagement." This story is part of a series of folktales from the Rebgong cultural area.
- གནའ་གནའ་ཞིག་ལ་རྒད་པོ་ཞིག་ལ་བུ་མོ་གསུམ་ཡོད།
- ཉིན་ཞིག་ཁོ་ནགས་འཐུ་རུ་སོང་།
- སྡོང་བོ་ཞིག་གི་སྟེང་དུ་སྟ་རེ་བཤར་བཤར་རྗེས་སྟ་རེ་དེ་གོང་དུ་སྦྲུལ་ཞིག་འཁྱིལ་ཡོད་པ་དེར་ལྷུང་སོང་།
- དེ་ནས་ཁོ་དེ་ལེན་པར་སྐྲག་ནས་ཐེ་ཚོམ་བྱས་ནས་བསྡད་པར།
- བར་མཚམས་ཤིག་ལ་སྦྲུལ་ཞིག་གིས་ཨ་རོད་རྒད་པོ་ཞེས་བོས་པར་ཁོས་ཨ་ཞེས་ལན་བཏབ།
- ཁྱོད་ལ་བུ་མོ་གསུམ་ཡོད་དམ་ཞེས་དྲིས་པར་ཡོད་ཅེས་བཤད།
- ཁྱོད་ཀྱི་བུ་མོ་གཅིག་ང་ཚོར་བྱིན་ན་སྟ་རེ་སྟེར་ཞེས་བཤད།
- དེ་ནས་ཁོས་སྟ་རེ་ལོན་རྒྱུ་མ་རེད་བསམ་ནས་ཡ་ཞེས་བཤད།
- དེ་ནས་ཁོ་ལ་ཁྱོད་ཀྱི་སྟ་རེ་ཁྱེར་ཞེས་བཤད་པར་ཡ་ཞེས་ལན་བཏབ་ནས་བུད་ཡོང་།
- ཁོས་སྟ་རེ་ཁྱེར་ནས་ཡུལ་ལ་ཡོང་རྗེས་སེམས་སྡུག་བྱས་ནས་བསྡད།
- ཉི་མར་ལྡེ་ནས་བསྡད་དུས་བུ་མོ་ཆེ་བ་ཡོང་ནས་ཨ་ཕ་ཇ་འཐུང་བར་ཤོག་ཟེར།
- ཡ་མོད་ཨ་ཕས་ཁྱོད་ཅིག་ལ་བྱིན་པ་ཡིན་ཟེར།
- ཁྱོད་ཀྱིས་ང་སུ་ལ་བྱིན་པ་ཡིན་ཞེས་དྲིས།
- སྦྲུལ་ཞིག་ལ།
- ཁྱོད་ཀྱིས་ང་ས་ཁའི་མི་ལ་མི་སྟེར་བར་ས་འོག་གི་འབུ་ལ་སྟེར་དགོས་སམ་ཞེས་བཤད་དེ།
- ཨ་ཕའི་མགོར་ཐོམ་བུས་གཅིག་བརྒྱབ་ནས་བུད་སོང་།
- དེ་ནས་ཡང་བུ་མོ་འབྲིང་བ་དེ་ཡོང་ནས་ཨ་ཕ་ཇ་འཐུང་ཟེར།
- ཡ་མོད་ཨ་ཕས་ཁྱོད་ཅིག་ལ་བྱིན་པ་ཡིན་ཟེར།
- ཁྱོད་ཀྱིས་ང་སུ་ལ་བྱིན་པ་ཡིན་ཞེས་དྲིས།
- ཁྱོད་ཀྱིས་ང་ས་ཁའི་མི་ལ་མི་སྟེར་བར་ས་འོག་གི་འབུ་ལ་སྟེར་དགོས་སམ་ཞེས་བཤད་དེ།
- ཨ་ཕའི་མགོར་ཐོམ་བུས་གཅིག་བརྒྱབ་ནས་བུད་སོང་།
- དེ་ནས་ཡང་བུ་མོ་ཆུང་བ་དེ་ཡོང་ནས་ཨ་ཕ་ཇ་འཐུང་ཟེར།
- ཡ་མོད་ཨ་ཕས་ཁྱོད་ཅིག་ལ་བྱིན་པ་ཡིན་ཟེར།
- ཁྱོད་ཀྱིས་ང་སུ་ལ་བྱིན་པ་ཡིན་ཞེས་དྲིས།
- སྦྲུལ་ཞིག་ལ།
- ཁྱོད་ཀྱིས་ང་ས་ཁའི་མི་ལ་མི་སྟེར་བར་ས་འོག་གི་འབུ་ལ་སྟེར་དགོས་སམ་ཞེས་བཤད་དེ།
- འོན་ཀྱང་ཁྱོད་ཀྱིས་བྱིན་ས་དེར་ང་འགྲོ་དགོས།
- གང་ཡིན་རུང་ཁྱོད་ཀྱིས་བྱིན་ས་དེར་ང་འགྲོ་དགོས།
- ཤོག་དང་ཇ་འཐུང་ང་འགྲོ་ཟེར།
- དེ་ནས་ཨ་ཕ་དགའ་ནས་ཡོང་སྟེ་ཇ་འཐུང་།
- སྦྲུལ་དེ་ཡིས་སྦྲང་མ་ཞིག་ཁྱོད་ཚང་ལ་ཡོང་ངེས།
- སྦྲང་མ་ཞིག་འཁོར་ནས་འདུག་པ་དེའི་རྗེས་ལ་བུད་མོ་ཕུད་ཅེས་བཤད་ཡོད་པ་རེད།
- དེ་ནས་ཉིན་ཞིག་སྦྲང་མ་ཞིག་ཁྱིམ་ལ་ཡོང་ནས་འཁོར།
- དེ་ནས་ཨ་ཕས་བུ་མོ་ཁྱོད་འདིའི་རྗེས་ལ་དེད་ནས་འགྲོ་དགོས་ཟེར།
- བུ་མོ་སྦྲང་མ་དེའི་རྗེས་ལ་ལམ་ལ་ཕུད་པ་རེད།
- བུ་མོ་དེ་སྦྲང་མ་དེའི་རྗེས་སུ་དེད་ནས་ཡོང་རྗེས་སྒོ་ཞིག་ལ་འཕྲད་པ་རེད།
- དེ་ནས་ལྕགས་སྒོ་དེ་ཕྱེ་སྟེ་ཡར་ལ་སོང་དུས་གསེར་གྱི་སྒོ་ཞིག་ལ་འཕྲད་པ་རེད།
- དེ་ནས་ཡར་ལ་སོང་རྗེས་དངུལ་གྱི་སྒོ་ཞིག་ལ་འཕྲད།
- དེ་ནས་ཡར་ལ་སོང་རྗེས་དུང་གི་སྒོ་ཞིག་ལ་འཕྲད།
- དེ་ནས་ཡར་ལ་སོང་དུས་ཁྱིམ་ཆེན་ཞིག་ལ་ཐོན་འདུག
- དེ་ནས་མི་གཅིག་ཀྱང་མ་མཐོང་།
- ཐབ་ཀའི་རྩ་ན་སྦྲུལ་ལག་སྐོར་འདྲ་ཞིག་ཡོད་པ་རེད།
- གོ་ཁའི་དཀྱིལ་ན་སྦྲུལ་ལག་འཁོར་འདྲ་ཞིག་ཡོད་པ་རེད།
- མར་ཁའི་རྩ་ན་ཡང་སྦྲུལ་ལག་འཁོར་འདྲ་ཞིག་ཡོད་པ་རེད།
- དེ་ནས་སྦྲང་མས་ཁྱོད་རང་སྐྲག་དགོས་པ་མ་རེད།
- ཡར་གྱི་རྩ་ན་ཡོད་པ་དེ་ཁྱོད་ཀྱི་ཨ་མྱེས་རེད།
- མར་གྱི་རྩ་ན་ཡོད་པ་དེ་ཁྱོད་ཀྱི་ཨ་ནེ་རེད།
- གོ་ཁའི་དཀྱིལ་ན་ཡོད་པ་དེ་ཁྱོད་ཀྱི་མག་པ་རེད།
- ཁྱོད་ཀྱིས་འདི་ནས་ཁ་སྐོལ་བྱས་ནས་སྡོད་དང་།
- ལས་ཀ་ཁྱོད་ཀྱིས་ལས་དགོས་པ་མ་རེད།
- ཁྱོད་ལ་རྒྱུ་ནོམ་པའི་ཆད་པ་ཡོད་པ་མ་རེད།
- ཁྱོད་སྐྱིད་པ་རེད་ཅེས་བཤད།
- ཁྱོད་ལ་རྒྱུ་ནོམ་པའི་ཆད་པ་ཡོད་པ་མ་རེད།
- ཁྱོད་སྐྱིད་པ་རེད་ཅེས་བཤད།
- ཨོ་ཡ་ཞེས་བཤད།
- དེ་ནས་མོས་འབུད་ཤིང་དང་ཆུ་སོགས་བླངས་ནས་བསྡད།
- བསྡད་དེ་ཉིན་ཞིག་མོ་ཆུ་ལེན་དུ་སོངས་བ་རེད།
- ཆུ་ལེན་དུ་སོང་སྟེ་ཕྱིར་ཡོང་དུས་སྐྱེས་པ་ཡིས་སྦྲུལ་ཤུན་ཕུད་ནས།
- གཞན་ཞིག་ལས་ནས་བསྡད་ཡོད་པ་རེད།
- གསར་བུ་ཡག་པོ་ཞིག་ཡོད་པ་རེད།
- དེ་ནས་མོས་མི་ཞིག་རེད་འདོད་དེ་དགའ་ནས།
- རྒྱུགས་ཡོང་སྟེ་སྦྲུལ་ཤུན་ཁྱེར་སོང་ནས་མེ་ནང་དུ་འཕངས།
- ཁྱོད་ཀྱིས་དེ་ལྟར་བྱས་ནས་ངའི་མགོ་ཁེབ་པ་མ་རེད་ཅེས་བཤད།
- མོས་ངས་མགོ་ཁེབ་ཅེས་ལན་བཏབ།
- དེ་ནས་མོས་སྲུང་སྲུང་ལ་བསྡད་པ་རེད།
- འདྲེས་མོ་ཞིག་གིས་ཁོའི་སྙིང་ཁྱེར་རྩིས་བྱེད།
- འདྲེས་མོ་ཞིག་གིས་གནོད་པ་སྐྱེལ་བ་རེད།
- མོས་སྲུང་ནས་བསྡད་ན་འདྲེས་མོ་ཡོང་མི་ཐུབ་པ་རེད།
- དེ་བས་སྲུང་སྲུང་ལ་བསྡད།
- ཉིན་ཞིག་མོ་ཆུ་ལེན་དུ་འགྲོ་དགོས་ཏེ་སོང་ནས་ཆུ་ཁུར་ཏེ་ཕྱིར་ཡོང་དུས།
- སྐྱེས་པ་དེ་ཤི་འདུག
- འདྲེས་མོ་ཡོང་ནས་སྙིང་ཁྱེར་ཏེ་བུད་སོང་།
- དེ་ནས་གཅིག་བལྟ་དུས་ཁྲག་རྗེས་ཞིག་ཡོད་པ་རེད།
- རེ་མ་མོས་ཆུ་ཐང་ལ་བཞག་སྟེ་རྒྱུགས་ནས་སོང་དུས།
- རྟ་ཞིག་གིས་མཁལ་མ་དྲུད་ནས་བསྡད་ཡོད་པ་རེད།
- འདི་སྙིང་རྗེ་བསམ་ནས་མཁལ་མ་དེ་བྲང་ལ་བླངས་ཏེ།
- དེ་ནས་སོང་དུས་མཛོ་ཞིག་གི་སྣ་ལ་ཁ་བ་རིལ་བུ་ཆགས་འདུག
- འདི་སྙིང་རྗེ་བསམ་ནས་སྣ་ཡི་ཁ་བ་རིལ་བུ་བླངས་ཏེ།
- དེ་ནས་ཡང་ཁྲག་རྗེས་དེ་དེད་ནས་སོང་དུས་ཁྲག་རྗེས་དེ་བྲག་ཁུང་ཞིག་གི་ནང་དུ་བུད་སོང་།
- བྲག་ཁུང་དེའི་ནང་དུ་སོང་དུས་འདྲེས་མོ་ཡོད་པ་རེད།
- དེ་ནས་མོས་འདྲེས་མོ་ལ་ཁ་ཡག་བཤད་ནས།
- འུ་གཉིས་འདུག་ཅེས་བཤད་པར་འདྲེས་མོ་དེ་ཡིས་རོགས་པར་ཉན་གི་བསམ་ནས་ཡ་ཟེར།
- དེ་ནས་བསྡད་པ་རེད།
- མོས་གྲོད་པུ་ཞིག་ལ་ཁབ་གཙག་བརྒྱ་དང་འབིག་གཙག་བརྒྱ་བྱས་རྗེས།
- ཁྱོད་སོང་ནས་ཆུ་ཁུར་ཤོག་དང་ངས་འུ་གཉིས་ལ་ཇ་སྐོལ་ནས་འདུག་ཅེས་བཤད།
- ཡ་ཞེས་བཤད་དེ་འདྲེས་མོ་དེ་ཆུ་ཁར་སོང་ནས་གྲོད་པུ་ནང་ལ་ཆུ་བཅུས་དུས།
- ཆུ་བཞུར་ནས་མ་བསྡད་པར།
- དེའི་མཚམས་དེར་མོས་བྲག་གི་སྒམ་ཞིག་ཡོད་པ་དེའི་ཁ་ཕྱེ་དུས།
- ནང་ན་མིའི་སྙིང་བཀང་བཞག་ཡོད་པ་རེད།
- དཀྱིལ་ན་མོའི་སྐྱེས་པ་ཡི་སྙིང་ད་དུང་ཤི་མེད་པར་གནམ་ལ་ལྡིང་བཞིན་འདུག
- དེ་ནས་རེ་མ་དེ་ཅིག་གི་ནང་དུ་བཞག་ནས་ཁྱེར་ཡོང་སྟེ།
- སྔོན་གྱི་མཛོ་དེ་ཡོད་སར་ཐོན་དུས་འདྲེས་མོས་ཤེས་སོང་བ་རེད།
- རྗེས་ལ་རྒྱུགས་ཡོང་ནས་མཛོ་ཡི་གོང་དུ་ཤོར་མ་ཐག
- མཛོ་ཡིས་འདིས་ངའི་སྣ་ཡི་ཁ་བ་རིལ་བུ་བླངས་པ་ཡིན་པས་དྲིན་ཆེན་ཡིན་བསམ་ནས།
- འདྲེས་མོ་བཀག་ནས་བསྡད་པ་རེད།
- དེ་ནས་རྒྱུགས་ཡོང་དུས་རྟ་ལ་ཐུག་པ་རེད།
- རྟ་ཡི་གོང་དུ་ཐོན་མ་ཐག་ཏུ་འདྲེས་མོ་མཛོ་ཡི་ལག་ནས་ཤོར་སོང་བ་རེད།
- ཡང་རྟ་ཡིས་ངའི་མཁལ་མ་བྲང་ལ་བླངས་པ་ཡིན་ཞེས་བཀག་ནས་བསྡད།
- དེ་ནས་བྲོས་ཏེ་ཡོང་ནས་ཁོ་ཚང་གི་ཁྱིམ་ལ་ཐོན་དུས་འདྲེས་མོ་ཡང་ཐོན་ནས།
- དེ་ནས་མོ་ཐང་ལ་བརྒྱབ་པས་ལག་གི་སྙིང་ཡར་ནས་སོང་སྟེ་སྐྱེས་པའི་ཁོག་ལ་སོང་ནས་སྐྱེས་པ་དེ་ཕྱིར་གསོན།
- དེའི་རྗེས་སུ་འདྲེས་མོ་དེ་ཡོང་མ་ཐུབ་པ་རེད།
- དེ་ནས་བཟུང་འདྲེས་མོས་ཡང་བསྐྱར་གནོད་པ་སྐྱེལ་མ་ཐུབ་པ་རེད།
- དེ་བས་སྐྱིད་པོ་བྱས་ནས་བསྡད།