Skip to main content Skip to search
15 Dec 2011
8 min 36 sec
Rating
0
No votes yet
  • ཀ།
    ད་དེ་རིང་སྨན་སྒྲུབ་དེ་ཡིན་ན་ད་ལོ་རྒྱུས་ཞེ་དྲག་རིང་པོ་རེད།ད་གཡུ་ཐོག་རྙིང་མ་ཡོན་ཏན་དགོན་པོ་ཡི་ཡབ་ཀྱི་སྐབས་ནས་ཨ་ནི་བོད་ལ་དར་བྱས་དེ་འདྲས་རེད།ཐོག་མའི་བྱུང་ཁུངས་བྱས་པ་ཡིན་ན།རྒྱ་གར་འཕགས་པའི་ཡུལ་གྱི་དེ་ནི།མགོན་པོ་ཀླུ་སྒྲུབ་སོགས་པ་ད་དེ་འདྲས་ཀྱི་རྦད་སྐུ་དུས་ནས་མར་རིམ་པས་དར་བྱས་དེ་རེད་ཟེར།
  • ཀ།
    གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཡིན་ན་སྤྱི་ལོ་བདུན་བརྒྱ་དགུ་བཅུ་ལ་ཨ་ནི་སྟོད་ལུང་སྐྱི་ནར་འཁྲུངས་བྱས་དེ་རེད།ད་དེའི་སྐེད་མཚམས་ལ་ཆ་བཞག་ན་ཨ་ནི་སྨན་སྒྲུབ་ལ་སོགས་པ་དེ་གས་ཡང་ཡར་རྒྱས་ཕྱིན་ནས་ཨ་ནི་དཀོན་མཆོག་བདེ་ལེགས།བྱམས་པ་བདེ་ལེགས་སྟེ་བསྟན་ཆེན་གསོ་བ་རིག་པའི་འཁོར་རྒྱུན་འཁོར།གཡུ་ཐོག་རྙིང་མའི་རྒྱུད་འཛིན་འདི་ཡང་ཡིན་ཟེར་བྱས་ནས་དེ་འདྲས་རེད།
  • ཀ།
    ད་དེའི་རྗེས་སུ་ཡིན་ན་ཨ་ནི་གཡུ་ཐོག་པས།ཨ་ནི་སྐུ་དུས་མི་ལོ་ཅུ་གསུམ་པའི་ཐོགས་ལ་ལྷ་མ་ཡོན་ཏན་མགོན་པོ་ཟེར་དེ་རྒྱ་གར།འདི།རྒྱང་རྩེ་ལ་འཁྲུངས་པ་རེད།འདི་ཡིན་ན་རྦད།ཨོང་།སྨན་སྒྲུབ་དང་ད་ག་ནང་བཞིན་གྱི་རྦད་རྒྱུད་གཞི་ལ་སོགས་པའི་ཐད་ལ་འཕེལ་རྒྱས་འགྲོ་ཡས་ལ་མཛད་རྗེས་ཤིན་ཏུ་ཆེན་པོ་བྱས་དེ་འདྲས་རེད།
  • ཀ།
    འདིའི་རྣམ་ཐར་ནང་ལ་ཆ་བཞག་ན།བདུད་རྩིའི་སྨན་སྒྲུབ་སྨན་འཕྲིང་རལ་སྐོར་སོགས།དར་བར་དགོངས་ཀྱིས།དར་བར་དགོངས་ནས་སླར་ཡང་བསམ་བཞིན་དུ།སྐྱེ་བ་བཞེས་པའི།སྐྲབ་པ་བཞེས་པའི་སྐྱེས་བུ་དམ་པ་ནི།འདྲེ་རྗེ་བྫ་ཁྱུང་པོ་རྡོ་རྗེ་དང་།གཡུ་ཐོག་སྲ་ལུ་རྡོ་རྗེ་གྲགས་པ་ལྔས།སྨན་འཕྲེང་སྨན་སྒྲུབ་དར་ཞིང་རྒྱས་པར་མཛད།
  • ཀ།
    ཨོང་།གཡུ་ཐོག་གསར་མའི་རྒྱུད་འཛིན་དེ་ཡང་ཡིན་ཟེར།ཨོའོ་ད་ཡང་གཡུ་ཐོག་གསར་མའི་འདྲེ་རྗེ་བྫ་དེ་ཁྱུང་པོ་རྡོ་རྗེ་དང་།དེ་ནས་གཡུ་ཐོག་རང་དང་ཨ་ནི་གཡུ་ཐོག་སྲ་ལུ་དང་དེ་ནས་རྡོ་རྗེ་གྲགས་པ་དེ་གས་ལྔ་པོ་དེ་ཡིན་ན་ཨ་ནི་རྦད་གཡུ་ཐོག་རྙིང་མའི་སྐབས་ལ་ཡོད་པ་དེ་གས་རྦད་ཉམས་པ་གསོ་རྒྱུད་མོ་ཉམས་གོང་འཕེལ་གྱི་འདི་རེད།འདི་ལ་ཆ་བཞག་ན་ད་ལྟ་བར་དུ་ལོ་གཅིག་སྟོང་ལྷག་ཙམ་འགྲོ་གི་ཡོད་རེད།
  • ཀ།
    དེ་ནས་བྱས་ནས་ད་རྦད་དེ་ཨ་ནི་ག་རེ་ཟེར་དགོས་རེད།རྒྱུན་མི་རིང་བར་ཨ་ནི་ལག་ལེན་དང་།ད་ག་ནང་བཞིན་གྱི་དབང་།རླུང་།མཁྲིས་ལ་སོགས་པ་དེ་འདྲས་ཀྱི་འདི་གནང་།དེ་འདྲས་ཅིག་རེད།ད་ང་ཚོ་སྨན་རྩིས་ཁང་ལ་ཨ་ནི་ད་ལྟ་འཚུགས་ཡས་དེ་གང་འདྲས་རེད་ཟེར་ན།ད་གཡུ་ཐོག་གསར་མའི་རྗེས་སུ་ཡིན་ན།བྲང་ལྡི་དཔལ་ལྡན་མཚོ་སྐྱིད་དང་།ད་ག་ནང་བཞིན་གྱི་རྦད་དེའི་རྗེས་སུ་ཨ་ནི་ས་སྐྱ་ལ་དར།ས་སྐྱ་ནས་རིམ་པས་བྱས་བྱས་ཨ་ནི་བྱང་པ་རྣམ་རྒྱལ་གྲགས་བཟང་།རྫུ་དཀག་རྙིང་མའི་རྡོ་རྗེ།དེ་ནས་མར་རིམ་པས་བྱས་བྱས་ཨ་ནི།རྒྱལ་བ་ལྔ་པའི་སྐབས་ལ་མི་དབང་སངས་རྒྱས་རྒྱ་མཚོ།
  • ཀ།
    དེ་འདྲས་ཀྱི་དེ་དར་བྱས་དེ་རེད།ཨ་ནི་ད་འདི་དེ་ནི་ད་ལྟ་ལོ་གསུམ་བརྒྱ་ལྷག་ཙམ་ལྕོག་པོ་རི་ཡིན་ན་སྤྱི་ལོ་ཆིག་སྟོང་དྲུག་བརྒྱ་བཅུ་མེད་དྲུག་དེ་འདྲས་ཡ་འཚུགས་བྱས་དེ་འདྲས་རེད་པ།དེ་བྱེད་དུས་ད་ད་ལྟ་བར་དུ་ཡིན་ན་ལོ་གསུམ་བརྒྱ་ལྷག་ཙམ་ཕྱིན་བྱས་དེ་འདྲས་འདི་རེད།དེའི་རྗེས་སུ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལ་ཡིན་ན་ཨ་ནི་རྦད་ཡང་སྨན་སྒྲུབ་དེ་ལ་མཐོང་ཆེན་པོ་གནང་ནས་སླར་ཡང་རྦད་ཨ་ནི་ཅིག་གི་མཐུན་རྐྱེན་དང་ད་ག་ནང་བཞིན་གྱི་ཅིག་གི་གང་ཅིའི་ཐད་ནས་རྦད་རྒྱབ་སྐྱོར་གནང་ནས་ཡིན་ན་ཨ་ནི་ལྕོག་པོ་རི་ལ་སྨན་སྒྲུབ་ཀྱི་ཨ་ནི་ཡར་རྒྱས་ད་མ་སོང་ནས་བྱུང་།འདི་རེད།
  • ཀ།
    ད་ང་ཚོར་ཆ་བཞག་ན་ད།ཡོན་ཀྲང་མཁྱེན་རབ་་ནོར་བུའི་སློབ་མ་རེད།ཡོན་ཀྲང་མཁྱེན་རབ་ནོར་བུ་ཡིན་ན་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཨ་ནི་སྨན་རྩིས་ཁང་ཆིག་སྟོང་དགུ་བརྒྱ་བཅུ་དྲུག་ལོ་ལ་ཡ་གསར་དུ་བཙུགས་གནང་ནས་ཨ་ནི་ང་ཚོ་སྨན་རྩིས་ཁང་དེ་འདུག་ཟེར་བྱས་དེ་འདྲས་རེད།ད་ལྟ་ཡོན་ཀྲང་མཁྱེན་རབ་ནོར་བུ་ཡིན་ན་སྔོན་མ་ལྕོག་པོ་རི་ལ་སློབ་སྦྱོང་གནང་།ད་ག་ནང་བཞིན་གྱི་ཅིག་གི་དབང་རླུང་མཁྲིས་གསུམ་ཐམས་ཅད་ལོག་ཡར་ནས་གསན།དེ་འདྲས་བྱས་ནས་ད་ད་ལྟ་ང་ཚོ་རྦད་སྨན་སྒྲུབ་ད་ཅིག་མ་སོང་ནའི་རྦད་ཆུ་ལ་ཆུ་རྒྱུན་ཡོད་པ།དེ་བཞིན་གྱི་ཤིང་ལ་རྩ་བ་ཡོད་པ་དེ་ནང་བཞིན།དེ་རེད།
  • ཀ།
    ཨ་ནི་ད་ད་ལོ་ཡིན་ན་རྦད་སྐལ་པ་བཟང་པོ་བྱས།ང་ཚོའི་ཨེམ་ཇེ་རྒན་པ།ལྕོག་པོ་རི་དང་།སྨན་རྩིས་ཁང་དང་།དེ་མ་ཡིན་པའི་ཕྱོགས་ཕན་ཚུན་ལ་ཡོད་པའི་ཨ་ནི་སྨན་པ་ད་ལྟ་པད་མ་ཁུལ་གྱི་སྨན་པ་ཀརྨ་ཀ་ར་འདི་དང་།ད་དེ་མིན་གྱི་ཡུན་ནན་གྱི་སྨན་པ་པད་མ་བསྟན་འཛིན་ལ་སོགས་པ་དེ་འདྲས།ད་ཁོང་ཚོ་ཡོང་གི་ཡིན་ཟེར་མཁན་མངཔོ་འདུག་དེའི་ཨ་ནི་གང་ག་རྦད་དེ་འདོད་པ་བཀང་ཐུབ་ཀྱི་མི་འདུག་ཨ་ནི་ཁོང་ཚོ་འདི་གས་རྦད་ལོ་གཅིག་ལ་དུས་གཅིག་རེད།ད་ད་རེས་བལྟ་བསྐོར་རེད།སང་ཉིན་དངོས་གཞི་རེད།ད་སང་ཉིན་ནས་བཟུང་སྟེ་ཉི་མ་བདུན་སྨན་གྱི་སྒྲུབ་ཆ་ངོ་མ་དེ་འཚལ།ཨ་ནི་སྔགས་དྲངས།དེའི་སྔགས་འདི་རྒྱུན་མ་ཆད་པ་བྱས།
  • ཀ།
    ཨ་ནི་རྗེས་མ་ཚེས་པ་བཅོ་ལྔ་ལ་ཡིན་ན་ཨ་ནི་ཚར་ནས་བཏང་རག་འཕུལ།ད་འདི་གཙོ་བོ་དེ་ཡིན་ན་སྲུང་མ་དེ་ཚོ་ལ་ཐུགས་རྗེ་ཆེ་བཞུ་ཡས་དེ་འདྲས།བྱས་ཙང་ང་ཚོ་ཡིན་ན་དེ་སྨན་རྩིས་ཁང་ལ་ཡ་སྨན་སྒྲུབ་བཟོ་ཡས་འདི་ནི་གང་མིན་ཚད་ཀྱི་ད་ཁུངས་ལུང་ཡོད་པ།ཨོང་།ད་ག་ནང་བཞིན་གྱི་བླ་མ་རྒྱུད་པ་རིམ་པས་བྱས་མར་ཨ་ནི་གསུངས་བྱས་དེ་འདྲས་དེ་རེད།དེ་རིང་དེའི་ཕེབས་པའི་དགེ་རྒན་མཁས་དབང་།རྒན་ཚུལ་ཁྲིམས་རྒྱལ་མཚན་ལགས་ལ་ཆ་བཞག་པ་ཡིན་ན་གཡུ་ཐོག་རྙིང་གི་དབང་བྱེད་གནང་ཡས་ལ་སོགས་པ་དེ་འདྲས་དང་།དཔེ་རང་ཡོད་རེད།ངའི་རྩ་བའི་བླ་མ་ཡིན།
  • ཀ།
    འདི་ལ་ཡ་སྐུ་པར་དང་མ་སོང་ནའི་འཕུལ་རོགས་གནང་།ཨོང་།མཁས་བརྩོན་བཟང་གསུམ་དང་ལྡན་པ་དེ་འདྲས་ཅིག་ཡིན།ད་ང་ཚོ་ད་ལྟ་ཡོད་པ་ཚོས་ཡིན་ན་རྦད་དེ་འདྲས་ཀྱི་ད་སྔོན་གྱི་རྦད་སྨན་སྒྲུབ་མཁྱེན་རླབས་ཅན་དེ་ལ་ཡིན་ན་དད་པ་བྱས།ད་ག་ནང་བཞིན་གྱི་དེ་ལ་ཡིད་ཆེས་བྱས།ད་རྦད་སྨན་རྣམས་བདུད་རྩིར་འགྱུར་བ་ད་དེ་འདྲས་ལ་རྦད་ཨ་ནི་བྱིན་རླབས་ཞུས་ནས་ཡིན་ན།ཨ་ནི་རྦད་ནད་པའི་ནད་སེལ་བ།ཨ་ནི་ནད་མེད་རྣམས་ལ་ཚེ་རིང་བ།དུས་མ་ཡིན་པར་བྱུང་བ་རྟོག་པ།
  • ཀ།
    ད་དེ་འདྲས་ཀྱི་དེ་བྱས།སྨན་སྒྲུབ་དེ་ནི་ཞེ་དྲག་རྩ་ཆེན་པོ།ང་རང་ལ་ཆ་བཞག་ནའི་ད་ལོ་བདུན་ཅུ་བདུན་གྲངས་ལ་སླེབས་བྱས་ཨ་ནི་རྦད་ད་ད་ལྟ་ལྷག་བསྡད་པ་དེ་འདྲས་རེད།ཨོང་།ང་ཡིན་ན་ད་རྦད་འཁྱེར་བསྡད་པའི་གྲལ་མགོ་ཟེར་འདི་རེད་ད།དེ་འདྲས་ཀྱི་ཡོན་ཀྲང་གྱི་དེ་འདྲས་གའི་དེ་སླེབས་ཀྱི་མ་རེད་དེའི་ད་རྦད་དགེ་བའི་བཤེས་གཉེན་ལ་དད་པ་འགྱུར་ལྡོག་མེད་པ།བརྟན་པོ་བྱས་ནས་འདུག་ཟེར་སྔོན་མ་ཡིན་ནའི་དེ་འདྲས།ད་ལྟ་ཡིན་ནའི་ད་དགེ་བའི་བཤེས་གཉེན་ཞལ་བཞུགས་ཡོའོ་མ་རེད་དེའི།སྨན་རྩིས་ཁང་གི་རྦད་མཐོང་བ་རྒྱུད་པའི་ཕྱག་ལེན།ད་ག་ནང་བཞིན་གྱི་དཔལ་ལྡན་རྒྱུད་བཞི་།ལུང་།འཁྲིད་ད་ག་ནང་བཞིན་གྱི་བདུད་རྩི་སྨན་སྒྲུབ་ཀྱི་ཨ་ནི་ཆོ་ག་ཕྱག་ལེན་ལ་སོགས་པ་དེ་འདྲས་རྦད་ཉམས་པ་མེད་པ་དེ་འདྲས་འདི་བྱས་ཡོད་རེད།བྱས་ཚང་དེ་ཚོ་བྱེད་དུས་ང་རང་ལ་ཆ་བཞག་ནའི་ཨ་ནི་ཞེ་དྲག་དགའ་པོ།ང་ལོ་བཅུ་གསུམ་ལ་ཨ་ནི་སྨན་རྩིས་ཁང་ལ་སླེབས་ནས་སྨན་སྦྱངས་བྱས་དེ་འདྲས་ཡིན།
  • ཀ།
    ཨོང་།ལོ་དགུ་བསྡད།ཨ་ནི་དེ་ནས་སློབ་གྲྭ་ཐེབ་ཅག་འདྲ་ཅིག་ཐོན་བྱས།དེ་འདྲས་རེད།དེའི་རྗེས་སུ་ཡིན་ན་ཨ་ནི་ངས་སོ་སོའི་ལས་དབང་གི་རྐྱེན་པས།སླར་ཡང་སྨན་རྩིས་ཁང་ལ་སླེབས།ཨ་ནི་དགེ་རྒན།ཨ་ནི་རྦད་མཁྱེན་རབ་ནོར་བུའི་ཞབས་དབུས་ལ་མུ་མཐུད་བྱས་བཏུད།ཨོའོ་དེ་འདྲས་ཀྱི་དེ་བྱས་བྱས་དེ་རེད།ད་ང་ཚོ་མདོར་བསྡུས་ནས་བཤད་ན་བདུད་རྩི་སྨན་སྒྲུབ་དེ་ཤིན་ཏུ་ནས་བྱིན་རླབས་ཆེ་བ་དང་།ཨ་ནི་རྦད་ཅིག་ག་རེ་ཟེར་དགོས་རེད།རྩ་ཆེན་པོ་ཡིན་པ།ཨ་ནི་འདི་ཡིན་ན་རྦད་ཅིག་གི་ང་རང་ཚོ་རང་གི་སྨན་པ་སོ་སོའི་ངོས་ནས་ཆ་བཞག་ན་ཡིད་ཆེས་ཆེན་པོ་ཡོད་ལ།ང་དེ་རིང་དེ་བར་ལ་དེ་འདྲས་མི་དེ་འདྲས་ཚུད་བྱས་འདིའི་ནང་ལ་འདི་བྱེད་དུས་ད་རྦད་མང་ཚོགས་དགའ་པོ་ཞེ་པོ་འདུག་ཟེར།
  • ཀ།
    ག་རེ་རེད་ཟེར་ན།ད་སྨན་ལ་ཡ་སྨན་སྒྲུབ་ཡོད་རེད་ཟེར།ད་ཡིན་ན་སྨན་གྱི་ནུས་པ་དེ་ཁྱོན་ནས་འདྲ་གི་མ་རེད་ཟེར།འདི་རེད་ཡའི་རེད།ཨོང་།སྨན་རྣམས་མཐུ་དང་ལྡན་པ་དང་།གསང་སྔགས་དེ་ཚོ་བསྒྲུབས་ཡོད་རེད་ཟེར།ད་སྔགས་དྲངས་ན་ཨོའོ་དྲ་འདྲས་འདི་ཡོད་རེད།བྱས་ཙང་དེ་རིང་དེའི་ཕྱི་རྒྱལ་གྱི་ཨ་ནི་མཁས་པ་ཅན་ཕེབས་དེ་འདྲས་ཀྱི་འདི་ག་རེ་ཟེར་དགོས་རེད།འབྱུང་ཁུངས་དང་།ང་ཚོས་དེའི་གང་འདྲས་ཟེར་བྱེད་ཀྱི་ཡོད་མེད་འདི་གས་དེ་ལ་བལྟོས་ན་ཨ་ནི་རྦད་འཛམ་གླིང་ཐོག་ལ་ཡ་བོད་ཀྱི་གསོ་བ་རིག་པ་དེ་འཕེལ་རྒྱས་འགྲོ་ཡས་ལ་སོགས་པ་དེ་འདྲས་ཡིན་ན་ཡོང་གི་རེད་ཟེར།ང་ཚོའི་འདི་ཡ་མཚན་པོ་འདྲ་ཅིག་ཡོད་རེད་ད།ཨོང་།
  • ཀ།
    ད་དེ་སྔགས་ཟེར་འདི་དང་།བདུད་རྩི་ཟེར་ཡས་དེ་ཚོ།ཡོད་མ་རེད་ཟེར་བཤད་ན་ལབ་ཐུབ་ཡས་ཡོད་མ་རེད།ཡོད་རེད་བྱས་ན་ངས་ལམ་སང་བསྟན་ཐུབ་ཡས་ཡོད་མ་རེད།གང་ལྟར་ཁྱོན་ནས་འདྲ་ཡས་ཁྱོན་ནས་མེད།ཨོའོ་ཐུགས་རྗེ་ཆེ་གནང་།ཨ་ནི་ཁྱེད་རྣམས་ཚོར་ཐུགས་རྗེ་ཆེ་ཞུ་ཡས་ཡིན།