Video Overview
ཕུན་ཚོགས་དོན་གྲུབ་ཀྱིས་འབད་བ་ཅིན་ ས་གནས་སིམ་གླིང་ལུ་ རྡོ་གུ་མཇལ་ནི་ཡོད་མི་ཞབས་རྗེས་འདི་ སྔོན་མ་ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ གླང་པོ་ཆེ་གུ་ཆིབས་ཏེ་བྱོན་པའི་སྐབས་ གླང་པོ་ཆེའི་ཞབས་རྗེས་ལུས་ཡོད་པའི་པར་ཨིནམ་སྦེ་ བཤདཔ་ཨིན་པས། གླངམོ་ཆེའི་སྐུ་གཟུགས་འདི་ ས་གནས་དོན་དུ་མེད་ཟེར་ས་ལུ་ གུ་རུ་རིན་པོ་ཆེ་མཆོག་གིས་ རྡོ་གུར་བྱིན་གྱིས་བརླབས་ཏེ་ གཏེར་ལུ་སྦས་བཞག་སྟེ་ ཡོད་ཟེར་ཨིན་པས། ཞབས་རྗེ་འདི་ ད་ལྟོའི་བར་ན་ཡང་ གྲ་མ་ཉམས་འབྲུ་མ་ཉམས་པར་ མཇལ་ནི་འདུག།
- Juli
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ལགས་སོ་ ད་འ་ནི་གི་ ས་གནས་ཀྱི་མིང་འདི་ སིམ་ལེང་ཟེར་ འ་ནི་སྦེ་སླབ་ནི་ཡོད་ལགས་ འ་ནི་འདི་ག་ཅི་ཨིན་ན་ཟེར་བ་ཅིན་ དང་ཕུ་དང་ཕུ་ གུ་རུ་རིན་པོ་ཆེ་ གླངམོ་ཆེའི་གུ་ལུ་ ཆིབས་ཏེ་བྱོནམ་ད་ ཏེ་ གླང་པོ་ཆེ་གི་ཞབས་རྗེས་ཀྱི་པར་འདི་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:གླངམོ་ཆེ་གི་སྐུ་གཟུགས་འདི་ གུ་རུ་རིན་པོ་ཆེ་ཆིབས་ཏེ་ གླངམོ་ཆེ་གུ་ཆིབས་ཏེ་བྱོནམ་ད་ དྭངས་ཞག་མར་ས་གནས་དོན་དུ་མེད་ཟེར་ས་ལུ་ཏེ་ རྡོ་སྦོམ་ཅིག་ གླང་པོ་ཆེ་ཨིན་པས་ལགས་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:གུ་རུ་རིན་པོ་ཆེ་གིས་ གཏེར་ལུ་སྦས་ཏེ་གིས་འབད་ ཏེ་གུ་རུ་རིན་པོ་ཆེ་གིས་ རྡོ་ལུ་སྤྲུལ་བཞག་སྟེ་གིས་སྦེ་ ཏེ་སྐུ་གཟུགས་འདི་མར་ཡོད་ ཏེ་རྐང་རྗེས་འདི་ འ་ནི་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།