Skip to main content Skip to search
15 Jul 2015
3 min 48 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Dawa Tshering

ཝང་མཚོ་ཆེན་བརྒྱད་ཟེར་ ཐིམ་ཕུག་དང་ སྤུ་ན་ཁ་རྫོང་ཁག་གཉིས་ཀྱི་མངའ་འོག་ལུ་ཡོད་པའི་རྒེད་འོག་བརྒྱད་དེ་ཅིག་ཡོདཔ་ཨིན། རྫོང་ཁག་དེ་གཉིས་ཀྱི་མངའ་འོག་ལུ་ཡོད་པའི་ཝང་མཚོ་ཆེན་བརྒྱད་ཀྱི་མི་སེར་ཆ་ཁྱབ་ ཧེ་མ་བྱཱར་ས་དགུན་ས་འབད་དེ་སྡོད་སྡོདཔ་ཨིན་རུང་ ཁྲལ་དང་འུ་ལག་རྒྱུག་དགོཔ་ད་ ཐིམ་ཕུག་རྫོང་ཁག་ནང་རང་རྒྱུག་སྡོད་སྡོདཔ་ཨིན་པས། ཨིན་རུང་ དུས་ཀྱི་འགྱུར་བ་ལས་བརྟེན་ཡར་རྒྱས་གོང་འཕེལ་འགྱོ། གོང་འཕེལ་གྱི་འཆར་གཞི་དང་བསྟུན་ཏེ་ གནམ་ལོ་ ༢༠༠༨ ལས་ ས་སྒོ་བགོ་བཀྲམ་འབད་བའི་སྐབས་ རྡོ་སྐྱོང་ལ་ཕར་བཅད་ རྒེད་འོག་ལྔ་དེ་ཅིག་སྤུ་ན་ཁ་རྫོང་ཁག་ནང་བརྡབས་ཏེ་ དེ་ནང་ཡོད་པའི་རྒེད་འོག་ལྔ་ཆ་ར་ སྤུ་ན་ཁ་རྫོང་ཁག་འོག་ལུ་ཕྱག་ཞུཝ་ཨིན་པས།

Show More

  • མཛེ་ཀོ། Zako མ་པ་ཝང་མཚོ་ཆེན་བརྒྱད་ཀྱི་ དང་ཕུ་འབད་བ་ཅིན་ ཝང་མཚོ་ཆེན་བརྒྱད་ཟེར་མི་འདི་ རོགས་ཁོང་རྒཔོ་བརྒྱད་འདུག་ལགས། There are eight gups (village headman) under Wang Tshogchengay (the Eight clans or blocks of Wang Thimphu) in the past.
  • མཛོ་ཀོ། Zako ཏེ་ རྒཔོ་བརྒྱདཔ་འདི་ ཐིམ་ཕུག་ཆ་འདུས་ར་ཨིན་མས། ཏེ་ ང་བཅས་ནཱ་ སྤུ་ན་ཁ་འོང་དགོཔ་མིན་འདུག The eight Gups were within Thimphu district. They did not come to Punakha
  • མཛེ་ཀོ། Zako ཏེ་ རོགས་ཕར་ ཐིམ་ཕུག་ལས་འབད་ཡི་ཤོན་ ཏེ་ དགུན་སུ་འདི་ ཁོང་ ནཱ་ ཐོན་ནི་དེ་གིས་ ཏེ་ རོགས་ ནཱ་ ཐོན་པ་མ་གཏོགས་ཅིགཔ མ་པ་རོགས་ ཕྱག་ལཱ་འདི་ ཕར་ཐིམ་ཕུ་རྫོང་ཁག་ ནང་ལུ་ར་ བཞུགས་དགོ་པས་ལགས། In winter, they came to Punakha, but most of the time they work in the Thimphu district.
  • མཛེ་ཀོ། Zako ཏེ་ ད་ ན་ཧིང་ཞེ་ཧིང་ཅིག་ཁར་འབད་བའི་བསྒང་ལས་ གནམ་ལོ་༢༠༠༠ ཚུར་ལུ་ འབད་བའི་བསྒང་ལས་ ཏེ་ནཱ་ རྫོང་ཁག་འདི་ ནཱ་རྡོ་སྐྱོང་ལ་ཚུར་བཅད་འདི་ ནཱ་བརྡབས་ད་ནི་དེ་གིས་ ཏེ་ཁོང་ མཚོ་ཆེན་བརྒྱད་ཀྱི་ཏེ་རྒཔོ་ ཁོང་ ལྔ་དེ་ཅིག་ཚུགས་སོང་མི་གི་རྒྱུ་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་ཨིན། The five blocks of Wang Tshogchengay came under Punakha district, the borders made from the Dochula in 2000.
  • མཛེ་ཀོ། Zakoཏེ་ འདི་ག་དང་ག་ཏེ་ཨིན་ན་ཟེར་ ང་གིས་ ཞུ་བ་ཅིན་ སྟོདཔ་འདི་ ལོ་མི་རྩ་བ། འཕྲིས་སྒང་། དེ་ལས་ ཕྱག་མདའ་ན། དེ་ལས་ཨ་ཕ་ ག་ཅི་ལོ་ ལྟོ་ཁ། བོད་སྒར་ནང་ལོ་ཟེར་ འ་ནཱི་ཚུ་པུ་ར(ག་ར) སྟོདཔ་ཨིན་ལགས། ཏེ་འ་ནཱི་ སྟོདཔ་རྒེད་འོག་ལུ་ ཁོང་ ཕཱི་ཁ་ལུ་ སྤྱི་འོག་ སྤྱི་དཔོན་བརྒྱད་དེ་ཅིག་འདུག་ལགས་ ཕཱི་ནང་ལུ་།If I tell which and where the Toep gup’s areas are Lemitso, Thinleygang, Chandana, Tokha, Bapchekha, these all are under Toep. There are around eight Chipon (village representatives) under Toep gewog.
  • མཛེ་ཀོ། Zako ཏེ་འ་ནཱི་ཚུ་ག་ར་ སྟོདཔ་རྒེད་འོག་ནང་ཚུད་པའི་ལགས། འདི་ས་མཚམས་འདི་ ག་ཅིནམ་ཟེར་བ་ཅིན་ ཨ་མར་ ལྕག་སི་བསྒང་ཡར་བཅད་ལུ་ སྟོད་པའི་རོགས་རྒཔོའི་ ས་མཚམས་ཨིན་པས་ལགས། These all areas were comes under Toep gewog and the borders of Toep gup that run above the Changsaga area.
  • མཛེ་ཀོ། Zako ཏེ་ མ་པ་ཁོ་ཡང་ ད་རྒེད་འོག་ ད་ཨིན་དེ་ར་འབད་རུང་ ཧེ་མ ་ཐིམ་ཕུག་རྫོང་ཁག་ནང་ཨིན་མས། ད་ནཱ་ སྤུ་ན་ཁ་རྫོང་ཁག་ནང་ ཚུད་སོང་ཡི་ལགས། The gewog was once under the Thimphu district and now it came under Punakha district.
  • མཛེ་ཀོ། Zako དེ་ལས་ འ་ནཱི་ མར་བཅད་ལུ་ ཏེ་ མར་ཨ་ནཱི་ རིན་ཆེན་སྒང་ཡར་བཅད་དང་ ཏེ་ཨ་ནཱི་ནང་ལས་ལུ་ མར་མེ་འཚིག་ན་འདི་ ཏེ་ཨ་ཕ་ འཆི་མེད་ལྷ་ཁང་ ལོདཔ་དབུ་ས་ཁ་ འ་མི་ལོ་ཟེར་མི་ཚུ་ གཡུ་བ་ཁ་ལོ་ དེ་ལས་ ཨ་ནཱ་ཟེར་མི་ཚུ་ ཚར་གཅིག་བུ་ བར་པའི་རྒེད་འོག་འོག་ནང་ཨིན་ལགས། འ་ནཱི་ སྦར་པའི་རྒེད་འོག་ནང་ལས་ ཁོང་ སྤྱི་འོག་བདུན་དེ་ཅིག་ཨིན་ན་ བརྒྱད་དེ་ཅིག་ཨིན་ནང་འདུག ཏེ་འ་ནཱི་དེ་ བར་པའི་རྒཔོ་གི་ ས་སྒོ་ཨིན། ཏེ་ འ་ནཱེ་ཡང་ ང་བཅས་ནཱ་ སྤུ་ན་ཁ་རྫོང་ཁག་ནང་ ཚུད་སོང་ཡིཟེར་་ སླབ་ནི་སྦེ་ཨིན། The area that runs from above the Rinchengang to Mitshina area, and Chimi lhakhang to Yuwakha areas were fall under Barp gup. There might be seven or eight chiwogs under Barp gup. These areas are under the jurisdiction of Barp gup. These all are came under the Punakha district.
  • མཛ་ཀོ། Zako དེ་ལས་ དཀར་སྦྱི་རྒཔོ་ཟེར་མི་འདི་ ཏེ་ནཱ་ལས་ ཡར་ལྟག་འགྱོ་བ་ཅིན་ ཡར་མགར་ས་འགྱོ་སའི་ལམ་ཁར་མམ ལགས་འ་ནཱ། རིམ་ཆུ་་འོག་བཅད་ལུ་ ཡར་ལས་མར་འབད་བ་ཅིན་ རིམ་ཆུ་འོག་བཅད། ཏེ་ནཱ་ལས་འབད་བ་ཅིན་ ཏེ་ཨ་ནཱ་ལག་འཁོར་ཡན་བཅད་ ཏེ་ཨ་ནཱི་ སྟོད་པའི་ས་ཨིན་ལགས། ཏེ་ཨ་ནཱེ་སྟོདཔ་འདི་ དཀར་སྦྱི་ས་ཨིན་ལགས། འ་ནཱི་དཀར་སྦྱི་རྒཔོ་གི་འོག་ཨིན། The Kabesa Gup jurisdiction was that run below the Rimchung area and footpath that goes to the Gasa area and run below Lhakhor area. These areas are fall under the jurisdiction of Kabesa gup.
  • མཛེ་ཀོ། Zako དེ་ལས་ རོགས་ཡར་ དཀར་སྦྱི་སྟོང་ཤི་་ནང་ལོ། དཀར་སྦྱི་སི་རི་སྒང་ལོ། དཀར་སྦྱི་གཡུས་གསར་ཁ་ལོ། ཏེ་ཡར་ལུ་ དཀར་སྦྱི་དུག་ཀུ་ནང་ལོ། འོག་ཀུ་ནང་ལོ་ ག་ར་ཁོང་ འ་ཡི་ཁར་ལུ་ཡང་ ཁོང་སྤྱི་འོག་ དགུ་བཅུ་ཐམ་དེ་ཅིག་འོང་ལགས། བཅུ་ཐམ་འོང་ག་ བཅུ་གསུམ་འོང་ག་ འ་ནཱེམ་དེ་ཅིག་འོང་ལགས། Kabesa gewog was also extended from Tongzhunang, Serigang, Yuserkha, Ogonang, and Wako. There might be around nine or ten chiwogs. It might be even ten or thirteen chiwogs.
  • མཛ་ཀོ། Zako ཏེ་ གཏན་གཏན་ ང་གིས་ ཞུ་མི་ཚུགས་པས་ལགས། འ་ནཱིམ་ཅིག་ རོགས་དཀར་སྦི་རྒེད་འོག་ནང་ཨིན་ལགས། ཁོང་ཡང་ ནཱ་ཚུད་སོང་ཡི་ལགས་ད་ ང་བཅས་ (གླིང་མུ་རྒེད་འོག) སྤུ་ན་ཁ་རྫོང་ཁག་ནང་ཚུད་སོང་ཡི། I am not able to tell exact. That is all; it falls under the Kabesa gup.
  • མཛེ་ཀོ། Zako དེ་ལས་ སྟོད་ཝང་ཟེར་མི་འདི་ ཕར་ལས་འབད་བ་ཅིན་ བསམ་ལྡིང་ཁ་ལས་ཨིན་ལགས། བསམ་ལྡིང་ཁ་ལས་འབད་བ་ཅིན་ ཚྭ་ཆུ་ཕུག་ཟེར་ ཏེ་ ཚྭ་ཆུ་ཕུག་ལས་ ཡར་ལིམ་ཁ་ ཁ་ཝ་ནང་ དེ་ལས་ ཕར་རྟ་རྨིག་འདམ་ཆུ་ ཐང་སྦྱིས་་ཨེང་་ག་ཅི་ལོ་་་བསམ་ལྡིང་ཡན་བཅད་ ཡར་ལས་ཕར་་ཡར་ལུ་་་་་འ་ནཱི་ཚ་གཅིག་བུ་ སྟོད་ཝང་རྒེད་འོག་ནང་ཨིན་ལགས། ཏེ་འ་ནཱི་ཁར་ལུ་ ཁོང་རྒཔོ་ ཡེ་ཁར་ལུ་ཡང་ སྤྱི་འོག་དགུ་བཅུ་ཐམ་དེ་ཅིག་འོང་ལགས། Toewang gewog has comprises the area such as Samadingkha, Tsachuphu, Limkha, Khawana, Tamidamchu, Samadingkha left area were fall under the jurisdiction of Toewang gup. There are around ten chiwogs.
  • མཛེ་ཀོ། Zako དེ་ལས་ ཤེལ་རྔ་ནང་རྒེད་འོག་འདི་ ཤེལ་རྔ་རྒེད་འོག་འདི་ འ་ནཱ་ལས་ཡར་ ཤེལ་རྔ་ལུང་ཁ་ཟེར་ འ་ནཱ་ལུང་ཁ་ལས་ཡར་བཅད་པ་ཅིན་ ཤེལ་རྔ་ན་ཨིན་ལགས། འ་ནཱི་ ཤེལ་རྔ་རྒེད་འོག་ཨིན། ཏེ་འ་ནཱི་རོགས་ དང་ཕུ་འབད་བ་ཅིན་ ཤེལ་རྔ་ཁསཔ་འདི་ཚུ་ ཕར་མཚོ་ཆེན་བརྒྱད་པའི་གྲལ་ཨིན་པས་ལགས། Shelngana Gup also falls under Tshogchengay (the eight blocks of Wang, Thimphu) in the past.