Video Overview
This Khoray song is sung by Ap Rinzin of Shumar; at present, few people know the song. The lyrics of the Khoray describes how in the past they use to do orange business with Gudama (Daranga of India) and live their life. The song is sung during festivals or events. These kinds of songs are disappearing due to the domination of new songs, and few youth show interest in the tradition.
གླུ་གཞས་ཁོ་རེ་འདི་ པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ལས་འབྱུང་ནུག ཨིན་རུང་ཞབས་ཁྲ་འདི་གི་ བརྩམ་པ་པོ་དང་ ནམ་བརྩམ་ཡི་ག་འདི་མ་ཤེསཔ་ཨིན་མས། གླུ་གཞས་འདི་ཡང་ ཤུ་མར་ལས་ཨཔ་རིག་འཛིན་གི་ འཐེནམ་ཡོདཔ་ཨིན་མས གླུ་གཞས་འདི་མི་རྒད་ཤོས་ཚུ་ལས་བརྒྱུད་ དེ་འོང་ནུག། དེ་འབདཝ་ད་ ད་རེས་ནངས་པར་འབད་བ་ཅིན་ གཡུས་འདི་ནང་གླུ་གཞས་ཤེས་མི་འདི་ དག་པ་ཅིག་རྐྱངམ་ཅིག་ ཡོདཔ་ཨིན་མས། འདི་བཟུམ་གླུ་གཞས་འདི་ གཡུས་འདི་ནང་ ཡལ་ནི་ཉེན་ཁ་ཡོདཔ་ཨིན་མས། གླུ་གཞས་འདི་གི་ཚིག་འདི་ནང་ ཁོང་ཧེ་མ་གུ་ད་མ་ལུ་ ཚལ་ལུ་གི་ཚོང་འབྲེལ་འཐབ་བའི་སྐབས་ མི་ཚེ་ག་དེ་འབད་སྡོད་ཡི་སྐོར་ལས་ བཤདཔ་ཨིན་མས། གླུ་གཞས་འདི་ དགའ་སྟོན་དང་དུས་སྟོན་ཚུ་ནང་འཐེནམ་ཨིན་མས། ད་རེས་ནངས་པར་ ན་གཞོན་ཚུ་གི་རིག་གསེར་ཞབས་ཁྲ་ལུ་ སྤྲོ་བ་བསྐྱེདཔ་ལས་བརྟེན་ འདི་བཟུམ་མའི་ཞབས་ཁྲ་འདི་ལུ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ཨིན་མས།
- Shumar
- Pemagatshel
- རིན་འཛིན་Rinzin: ཁོ་རེད་ས་ཁོ་རེད། །ཟ་ལེ་ཇ་མེ་ཚཱས་ཉི་ས་ཁོ་རེད། ། ཁོ་རེད་ས་ཁོ་རེད། །ཟ་ནི་འཐུང་ནི་དགོ་སྟེ་ས་ཁོ་རེད། །
- རིན་འཛིན་Rinzin: བི་ནང་རི་ནང་ཨ་དུ་ས་ཁོ་རེད། །ཚ་ལུབ་པཱོན་ཐུར་བང་ཉི་ས་ཁོ་རེད། ། ལྟོ་བཀྱེས་ཁ་སྐོམ་འབད་འོང་ས་ཁོ་རེད། །ཚལ་ལུ་པཱོན་གཅིག་འབག་སྟེ་ས་ཁོ་རེད། །
- རིན་འཛིན་Rinzin: གོ་ག་ད་མ་ཉེ་ར་ས་ཁོ་རེད། །བཙོང་མ་ཏི་རུ་ཐུར་ཤོ་ས་ཁོ་རེད། ། བྱམོ་རྒྱ་གར་ལུ་ས་ཁོ་རེད། །བཙོངམ་ད་ཏི་རུ་གཅིག་རྐྱངམ་ཅིག་ས་ཁོ་རེད། །
- རིན་འཛིན་Rinzin: རང་ཏེན་མང་པོ་རྒྱསི་ལ་ས་ཁོ་རེད། །བང་ནི་ལོག་པ་(ཉི་)གཤེགས་པ་ས་ཁོ་རེད། ། [རང་གི་མང་པོ་རྒྱགས་སྐལ་?]ས་ཁོ་རེད། །འབག་སྦེ་ལོག་སྟེ་ལྷོད་ཅི་ས་ཁོ་རེད། །
- རིན་འཛིན་Rinzin: དང་པ་ ལོག་པ་ན་དང་ཏོ་ཁ་ས་ཁོ་རེད། །ན་ལུང་ཟཱན་ཐཱན་ཨོ་ཕ་ས་ཁོ་རེད། ། ལོགཔ་ད་[ན་དང་ཏོ་ཁ་ས་ཁོ་རེད། །ན་ལུང་ཟ་སྦེ་?]འོང་ཡི་ས་ཁོ་རེད། །
- རིན་འཛིན་Rinzin: གཉིས་པ་ངམ་ཁེན་ར་དེན་ས་ཁོ་རེད། །ཟཱན་ཐཱན་བི་ནང་དང་ཉི་ས་ཁོ་རེད། ། གཉིས་པ་[གནམ་བསྲོ་ཞིནམ་ལས་ས་ཁོ་རེད། །ཟ་སྦེ་ནུབ་མོ་རྐང་ཐང་སྦེ་ས་ཁོ་རེད། །?]
- རིན་འཛིན་Rinzin: ན་དང་ས་ག་ཙ་ལོ་ས་ཁོ་རེད། །ཤོང་ག་ཐེམ་པ་ལཱན་ཐཱན་ས་ཁོ་རེད། ། ངལ་འཚོ་ས་དམརཔོ་ས་ཁོ་རེད། །ཡུདཔ་ཐེངས་ཅིག་ངལ་འཚོ་སྦེ་ས་ཁོ་རེད། །
- རིན་འཛིན་Rinzin: ཨོ་ཉའི་མིང་ཏེག་པ་ལ་ས་ཁོ་རེད། །བྲཱོ་ཕུང་ལབ་རྩ་འཁོར་ཀོ་ས་ཁོ་རེད། ། [འ་ནཱ་ལས་གནམ་ནངསམ་ད་ས་ཁོ་རེད། །བྲཱོ་ཕུང་ལབ་རྩ་མཐའ་འཁོར་ལུ་ས་ཁོ་རེད། །?]
- རིན་འཛིན་Rinzin: ལྟོ་གུ་ཕེ་ལ་མ་ལ་ས་ཁོ་རེད། །ལབ་ཀ་ཚེ་བཟང་རི་གེ་ས་ཁོ་རེད། ། [ལྟོ་ལུ་ཁྱིམ་འདིན་མིན་འདུག་ས་ཁོ་རེད། །ལམ་ཁའི་ཚེ་བཟང་ཆུ་གནང་ས་ཁོ་རེད། །?]
- རིན་འཛིན་Rinzin: ཀཱན་ལ་ཨ་ལ་ཁབ་ཉི་ས་ཁོ་རེད། །ཝག་ཙ་ལབ་ཀ་གཤེགས་པ་ས་ཁོ་རེད། ། [ཨའུ་རྐྱབ་པའི་སྐབས་སུ་ས་ཁོ་རེད། །ཨ་ལོ་ལམ་ཁར་ལྷོད་ཅི་ས་ཁོ་རེད། །?]
- རིན་འཛིན་Rinzin: རྒྱསི་ཀ་ཕ་ཙ་གེ་ཉི་ས་ཁོ་རེད། །ཕའི་ག་གཤེགས་ཉི་རུ་མ་ས་ཁོ་རེད། ། རྒྱགས་སྐལ་ཕད་ཙི་སྟོན་ཏེ་ས་ཁོ་རེད། །ཁྱིམ་ནང་ལྷོད་དེ་འཕྱད་ཅི་ས་ཁོ་རེད།། །།