Skip to main content Skip to search
20 Jun 2018
1 min 36 sec
Video Overview
Creators: 
Duptho, Sonam Chophel

Kelzang Wangchuk from Lem village sings “Nima Shergi Bumpa Dung Bumpa.” The origins of this deeply spiritual song are mostly unknown, though there is a tradition that says a great spiritual master with profound knowledge of religious texts originally composed it. This song is sung during consecrations of fortresses (dzong), monasteries, houses, and stupas, but not usually performed for other formal occasions such as farewells, gatherings and celebrations. This song was composed in praise for the builders of sacred structures, that is great spiritual teachers and other religious figures. 

༉  ཉི་མ་ཤར་གྱི་བུམ་པ་དུང་བུམ་པ་ཟེར་མི་གླུ་གཞས་འདི་ བཀྲ་ཤིས་སྒང་རྫོང་ཁག་གཡུས་གླེམ་ལས་སྐལ་བཟང་དབང་ཕྱུག་གིས་འཐེན་ཏེ་འདུག གླུ་གཞས་འདི་ སྔོན་མ་ལས་གཡུས་ཚན་དེ་ནང་འཐེན་ནི་ཡོདཔ་ཨིན་མས། གླུ་གཞས་དེ་གིས་ གསེར་གྱི་བུམ་པ་དེ་ བུམ་པ་གཞན་ལས་ཁྱད་དུ་འཕགསཔ་སྦེ་བརྩིཝ་ཨིནམ་ད་ ཆོས་ལུ་མཁས་པ་ཡོད་མི་བླམ་ཅིག་གིས་བརྩམས་ཡོདཔ་སྦེ་སླབ་ཨིན་རུང་ ནམ་བརྩམས་བརྩམས་ཨིན་ནའི་སྐོར་ལས་མི་ཤེས་པས། མ་གཞི་གླུ་གཞས་ཀྱི་ཚིག་ལུ་བལྟ་བ་ཅིན་ ཆོས་ཚིག་ཚུ་ལག་ལེན་འཐབ་སྟེ་ཡོད་ནི་དེ་གིས་ བླམ་ཅིག་གིས་བརྩམས་བརྩམས་ཨིནམ་སྦེ་ ཆ་བཞག་ཚུགས་ནི་ཨིན་མས། གླུ་གཞས་དེ་ རྫོང་དང་ལྷ་ཁང་ ཁྱིམ་དང་མཆོད་རྟེན་ལ་སོགས་པ་རབ་གནས་གནངམ་ད་འཐེན་སྲོལ་ཡོདཔ་མ་གཏོགས་ སྤྱིར་བཏང་འཛོམས་འདུ་དང་དུས་སྟོན་ཚུ་ནང་འཐེན་སྲོལ་མིན་འདུག

Transcript search
No results found for this search
0 of 0
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: སྭོ་ ཉི་མ་ཤར་གྱི་བུམ་པ་དུང་བུམ་པ། །བུམ་པ་བྱང་ལས་བལྟ་ཚེ་བྱང་འོད་ཅན། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: སྭོ་ བུམ་པ་དྲུང་དུ་མཇལ་ཚེ་བྱིན་རླབས་ཅན། །བུམ་པ་བཞེངས་མཁན་སུ་ལོ་ཕྱག་བཟོ་ཅན། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: སྭོ་ བུམ་པ་དག་པ་གསེར་གྱི་བསོད་ནམས་ཅན། །བསོད་ནམས་ཀུན་ལས་ཁྱེར་ཏེ་མ་ཐར་ལོ། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ལགས་སོ་ལགས།། །།