Video Overview
Tshering Choden from Gangzur gewog under Lhuntse District sings "Sharchog Gyelpoi Lingla." This is a regional song that can be categorized as an old boedra song. Boedra is one of the two most prominent Bhutanese genres of folk songs; it originated in western Bhutan. This song is the praise for the royal palace. The stunning beauty of the palace is compared to that of a realm filled with abundant white flowers. The song expresses an aspiration that the flowers are not destroyed neither by “hell stones,” nor by the wind.
༉ ལྷུན་རྩེ་ཆ་འདུས་ སྒང་ཟུར་རྒེད་འོག་ལས་ཨིན་མི་ཚེ་རིང་ཆོས་སྒྲོན་གྱིས་ ཤར་ཕྱོགས་རྒྱལ་པོའི་གླིང་ནི་གང་གི་གླིང་། །ཤར་ཕྱོགས་རྒྱལ་པོའི་གླིང་ནི་མེ་ཏོག་གླིང་ཟེར་མི་གླུ་གཞས་འདི་འཐེན་ཏེ་ཡོདཔ་ཨིན། འ་ནཱི་བཟུམ་གྱི་རང་ལུགས་འབྲུག་པའི་གླུ་གཞས་ཚུ་ ཧེ་མ་ཕམ་ཚུ་གི་སྐབས་ལུ་ཡོངས་གྲགས་ཅན་སྦེ་ཡོད་དེ་འབད་རུང་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ མར་ཉམས་ཏེ་འགྱོ་བཞིན་དུ་ཡོདཔ་ཨིན། གླུ་གཞས་འདི་གིས་ ཤར་ཕྱོགས་རྒྱལ་པོའི་གླིང་ལུ་བསྟོད་པ་རྐྱབ་དོ་ཡོདཔ་ད་ ཤར་ཕྱོགས་རྒྱལ་པོའི་གླིང་ལུ་ཡོད་པའི་མེ་ཏོག་དེ་ཡང་ བཀྱག་དཀརཔོ་སྦེ་ ཕྱི་ཁ་ལས་བལྟ་བ་ཅིན་ སྤྲིན་ཆེན་དང་འདྲཝ་སྦེ་དང་ ནང་ན་ལས་བལྟ་བ་ཅིན་ དྲིལ་བུ་དང་འདྲཝ་སྦེ་མཐོང་དོ་ཡོདཔ་མས། དེ་ལས་ མཇུག་གི་ཚིག་ལུ་བལྟ་བ་ཅིན་ ང་བཅས་ར་ཕམ་སྤུན་ཆ་འབད་རུང་ ལྟ་ལྟོ་ཚང་འབད་རུང་ དགའཝ་མཐུནམ་ལ་སོགས་པ་འཛོམས་སྡོད་པའི་མཐའ་མར་ ཁ་འབྱལ་འགྱོ་བའི་སྐབས་ལུ་ འཐེན་འཐེནམ་གི་གླུ་གཞས་ཅིག་ཨིན་མས། དེ་ཡང་ བཞུགས་པའི་མི་ལ་བཀྲ་ཤིས་གཡང་ཆགས་ཤོག །འབྱོན་པའི་མི་ལ་ཅི་བསམ་དོན་འགྲུབ་ཤོག་ཟེར་ འབྱོན་བཞུགས་སྦེ་འཐེན་པའི་གླུ་གཞས་ཅིག་ཨིན་པས།
- Gangzur
- Lhuntse
- ཚེ་དབང་ཆོས་སྒྲོན་Tshewang Choden: ཤར་ཕྱོགས་རྒྱལ་པོའི་གླིང་ཉིད་ལ་གང་གི་གླིང་ལ། །ཤར་ཕྱོགས་རྒྱལ་པོའི་གླིང་ཉིད་ལ་ནི་མེ་ཏོག་གླིང་། །
- ཚེ་དབང་ཆོས་སྒྲོན་Tshewang Choden: མེ་ཏོག་ཁྱོད་ཀྱི་མདངས་ཁ་ལ་གང་ནི་ཤར་ལ། །མེ་ཏོག་ཁྱོད་ཀྱི་མདངས་ཁ་ལ་ནི་དཀར་པོ་ཤར་ལ། །
- ཚེ་དབང་ཆོས་སྒྲོན་Tshewang Choden: མེ་ཏོག་ཕྱི་ལས་བལྟས་ན་ལ་སྤྲིན་ཆེན་འདྲ་ལ། །མེ་ཏོག་ནང་ལས་བལྟས་ན་ལ་ནི་ཤེལ་འཛོམས་་་་དྲིལ་བུ་འདྲ་ལ། །
- ཚེ་དབང་ཆོས་སྒྲོན་Tshewang Choden: མེ་ཏོག་སེརཝ་གིས་མ་འཁྱེར་ལ་ཞལ་འཛུམ་བཞུགས་ལ། །སྤྲང་པོ་རླུང་གིས་མ་འཁྱེར་ལ་ནི་ཞལ་འཛུམ་བཞུགས་ལ། །
- ཚེ་དབང་ཆོས་སྒྲོན་Tshewang Choden: བཞུགས་པའི་་་་བཞུགས་པའི་ལ་མི་ནི་བཀྲ་ཤིས་ལ་གཡང་ཆགས་ཤོག་ལ། །བྱོན་པའི་མི་ནི་ཅི་བསམ་ལ་ནི་དོན་འགྲུབ་ཤོག་ལ། །
- ཚེ་དབང་ཆོས་སྒྲོན་Tshewang Choden: འ་ནཱིམ་ཅིག་སྦེ་བཞག་གེ། ལགས་སོ།། །།