Skip to main content Skip to search
05 Feb 2016
4 min 2 sec
Video Overview
Creators: 
Norzin Lhamo
Transcript search
No results found for this search
0 of 0
  • ཧི་སྦི་སའི་ཨམ་སྲུ་ཚུ། Women From Hebesa
    ཤར་ལ་(ལས་)ནི་ཧ་ལས་མི་ཤར་ཧ་ལས་ཤར་ལ། །ཤར་ལ་(ལས་)ནི་ཧ་ལས་ཁྲི་གདུགས་ཉི་མ་ཤར་ལ། །ཤར་ལ་(ལས་)ནི་ཧ་ལས་ཁྲི་གདུགས་ཉི་མ་ཤར། །
    In the east it will not rise from the early morning. From the east the sun rises. From the east the sun rises.
  • ཧི་སྦི་སའི་ཨམ་སྲུ་ཚུ། Women From Hebesa
    ཤར་ལ་(ལས་)ནི་ཧ་ལས་ཁྲི་གདུགས་མ་ཤར་ན་ལ། །ནུབ་ཀྱི་ནི་(ལ་)གངས་རི་དཀར་པོ་ཞུ་རྒྱུ་མེད་ལ། །ནུབ་ཀྱི་ནི་(ལ་)གངས་རི་དཀར་པོ་ཞུ་རྒྱུ་མེད། །
    If sun does not rise from the east, snow on the western mountain will not melt. Snow on the western mountain will not melt.
  • ཧི་སྦི་སའི་ཨམ་སྲུ་ཚུ། Women From Hebesa
    ནུབ་ལ་(ལས་)ནི་གངས་རི་དཀར་པོ་མ་ཞུ་ན་ལ། །ཆུ་ལ་དཀྱིལ་ཆུ་སྔོན་མོ་འབབ་རྒྱུ་མེད་ལ། །ཆུ་ལ་ནི་དཀྱིལ་ཆུ་སྔོན་མོ་འབབ་རྒྱུ་མེད། །
    If the snow on the western mountain does not melt, there is no source for the water to fall. There is no source for the water to fall.
  • ཧི་སྦི་སའི་ཨམ་སྲུ་ཚུ། Women From Hebesa
    ཆུ་ལ་དཀྱིལ་ཆུ་སྔོན་མོ་མ་འབབ་ན་ལ། །མཚོ་ལ་གསེར་མཚོ་གཡུ་མཚོ་འཁྱིལ་རྒྱུ་མེད་ལ། །མཚོ་ལ་གསེར་མཚོ་གཡུ་མཚོ་འཁྱིལ་རྒྱུ་མེད། །
    If the water does not fall from the source, there is no source for the ocean to get stagnant. There is no source for the ocean to get stagnant.
  • ཧི་སྦི་སའི་ཨམ་སྲུ་ཚུ། Women From Hebesa
    མཚོ་ལ་ནི་གསེར་མཚོ་གཡུ་མཚོ་མ་འཁྱིལ་ན་ལ། །ཤིང་ལ་ནི་ཙན་དན་སྡོང་པོ་འཁྲུངས་རྒྱུ་མེད་ལ། །ཤིང་ལ་ནི་ཙན་དན་སྡོང་པོ་འཁྲུངས་རྒྱུ་མེད། །
    If the ocean does not get stagnant, there is no source for the cypress tree to grow. There is no source for the cypress tree to grow.
  • ཧི་སྦི་སའི་ཨམ་སྲུ་ཚུ། Women From Hebesa
    ཤིང་ལ་ནི་ཙན་དན་སྡོང་པོ་མ་འཁྲུངས་ན་ལ། །བྱ་ལ་ནི་ཁུ་བྱུག་སྔོན་མོ་ཆགས་རྒྱུ་མེད་ལ། །བྱ་ལ་ནི་ཁུ་བྱུག་སྔོན་མོ་ཆགས་རྒྱུ་མེད། །
    If the cypress tree does not grow, there will not be a place for cuckoo to land. There will not be a place for cuckoo to land.
  • ཧི་སྦི་སའི་ཨམ་སྲུ་ཚུ། Women From Hebesa
    བྱ་ལ་ནི་ཁུ་བྱུག་སྔོན་མོ་མ་ཆགས་ན་ལ། །ཁྱོད་དང་ལ་འདྲ་བའི་གསུང་སྐད་ང་ལ་མེད་ལ། །ཁྱོད་དང་ལ་འདྲ་བའི་གསུང་སྐད་ང་ལ་མེད། །
    If there is no place for cuckoo to land. I do not have a voice like you do have. I do not have a voice like you do have.