Skip to main content Skip to search
29 Dec 2015
2 min 22 sec
Video Overview
Creators: 
Tibetan & Himalayan Library

This is a video of Tashi Tsomo from Yak Village in Chentsa singing a song called "Eagles and Vultures Soar in the Sky." This song is part of a series of folk songs from the Rebgong cultural area.

འདི་ནི་སྤྱིར་བཏང་གི་དམངས་གླུ་ཞིག་ཡིན་ལ། འདིའི་ནང་དུ་གླག་རྒོད་དང་རྟ་མཆོག་གི་རང་དབང་ལ་བསྟོད་པ་བྱས་ཡོད།

གླུ་འདིའི་ནང་དུ་དགུང་སྔོན་གྱི་ནམ་མཁའི་དབྱིངས་སུ་རང་དབང་གིས་འཕུར་བའི་བྱ་རྒོད་ཀྱི་འཕུར་རྩལ་དང་མུ་མེད་ཀྱི་རྩྭ་ཐང་སྟེང་དུ་རང་དབང་གིས་བང་རྩལ་འགྲན་པའི་རྟ་མཆོག་གི་བང་རྩལ་ལ་སྨོན་པ་བྱས་ཡོད་པ་དང་། འདིས་བོད་ཀྱི་རི་ཀླུང་ཐང་གསུམ་ན་ལྷོད་ཀྱིས་འཚོ་ཞིང་རྒྱུ་བའི་སྲོག་ཆགས་ཀྱི་རྣམ་པ་མངོན་ཐུབ་ལ། མི་དང་སྲོག་ཆགས་བར་གྱི་འབྲེལ་ལམ་ཞིག་ཀྱང་མངོན་ཡོང་།

Transcript search
No results found for this search
0 of 0
  • ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • དགུང་གནམ་འཕང་སྟོད་པའི་གླག་རྒོད་ཚོ། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • དགུང་གནམ་འཕང་བསྟོད་ན་དེ་རིང་བསྟོད། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • བྱ་གུར་ཁང་ཕུབས་ནོ་ཡག་རེ་ལྟོས། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • རླུང་སྤུ་གྲིའི་བར་ན་སྐྱིད་རེ་ལྟོས། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • སྤང་མེ་ཏོག་དཀྱིལ་གྱི་རྟ་མཆོག་ཚོ། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • རྒྱུགས་གོམ་ལག་ཡོད་ན་དེ་རིང་རྒྱུགས། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • སྤང་མེ་ཏོག་སྐྱེས་ནོ་ཡག་རེ་ལྟོས། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽
  • ལམ་འཕྲེད་ཀྱིས་བཅད་ནོ་སྐྱིད་རེ་ལྟོས། ། ༼ཤེ་་་་་་་་་ཡ་རེ་གླུ་བ་ལོ་ལོ་་་་་ཡ་རེ་ལེན་དགོ།༽