Skip to main content Skip to search
22 Jan 2016
3 min 22 sec
Video Overview
Creators: 
Sherig Dhentshog

The song "Jinlabki Jungney" (The Source of Blessings) is a devotional song in supplication to Guru Rinpoche and composed by His Late Holiness Dudjom Jigdrel Yeshey Dorji. While it is mostly used during ritual recitations in the Dudjom tradition, it is also sung in rural areas in eastern Bhutan where His Holiness had many students and followers. The lyrics praise Guru Rinpoche as the source of blessings. The song is danced to during community gatherings. The women performing the song in the video do so with a different pronunciation and accentuation, indicating that they probably learned the song through oral transmission rather than through a written source.

 

༉  པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་ལས་ ཨམ་སྲུ་སྡེ་ཚན་གཅིག་གིས་ བོད་སྒྲའི་གླུ་གཞས་ རྫོང་འདི་ལ་ཨེ་མོ་རུང་གི་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིནམ་ད་ གླུ་གཞས་ཀྱི་ཚིག་ནང་ རྟ་ཕོ་ཨ་མ་གཅིག་གི་རྟེའུ་ཅུང་གསུམ་ཟེར་ རྟེའུ་ཅུང་ཆེ་ཆུང་བར་གསུམ་ཡོད་ས་ལས་ རྟེའུ་ཅུང་ཆེ་བ་དེ་ རྒྱ་ནག་ལུ་གཏང་དགོ་པས་ རྒྱ་ནག་ལུ་མ་གཏང་པ་ཅིན་ རྟེའུ་ཅུང་ཆེ་བ་འདི་ རྒྱ་ནག་རྒྱལ་པོའི་ཆིབས་རྟ་ཨིན་པས་ཟེར་དང་ རྟེའུ་ཅུང་བར་མ་དེ་ བོད་ལུ་གཏང་དགོ་པས་ གལ་སྲིད་མ་གཏང་པ་ཅིན་ རྟེའུ་ཅུང་བར་མ་དེ་ བོད་ཀྱི་སྤྲུལ་པའི་ཆོས་རྒྱལ་གྱི་ཆིབས་རྟ་ཨིན་པས། དེ་ལས་ རྟིའུ་ཅུང་ཆུང་བ་དེ་ འབྲུག་ལུ་གཏང་དགོ་པས་ ག་དེམ་ཅིག་སྦེ་མ་གཏང་པ་ཅིན་ རྟེའུ་ཅུང་ཆུང་བ་དེ་ འབྲུག་གི་དབང་ཆེ་དཔོན་པོའི་ཆིབས་རྟ་ཨིན་པས་ཟེར་ རྒྱལཔོ་ཚུ་ལུ་ཕུལ་བའི་བསྟོད་པའི་གླུ་དབྱངས་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ལུ་ཡང་འཐེན་སྲོལ་ཡོད་པའི་ཡོངས་གྲགས་ཅན་གྱི་བོད་སྒྲའི་གླུ་གཞས་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    རྫོང་འདི་ལ་ཨེ་མོ་རུང་གི །ནང་ཤེས་ནང་ལ། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam
    སོ་ཡ་ལ་ རྟ་ཕོ་ལ་ཨ་མ་གཅིག་གི །རྟིའུ་ཅུང་གསུམ་ལ་རྟིའུ་ལ་ཅུང་གསུམ། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    རྟིའུ་ཅུང་ལ་ཕྱི་བ་རྒྱ་ལུ་མ་བཏང་གནང་ལ། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    སོ་ཡ་ལ་ རྒྱ་གཡུས་ལ་རྒྱ་ནག་རྒྱལ་པོའི། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    ཕྱིབས་ལྟ་རེད་ལ་ཕྱིབས་ལ་ལྟ་རེད། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    རྟིའུ་ཅུང་ལ༌བར༌མ་བོད་ལུ་། །མ་བཏང་གནང་ལ། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    སོ་ཡ་ལ་ བོད་ཀྱི་ལ་ཆོས་ཡུལ་བཀོད་པས། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen
    Peldon:
    ཕྱིབས་ལྟ་རེད་ལ་ཕྱིབས་ལ་ལྟ་རེད། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    རྟིའུ་ཅུང་ལ་ཆུང་བ་འབྲུག་ལུ། །མ་བཏང་གནང་ལ། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    སོ་ཡ་ལ་ འབྲུག་པའི་ལ་དབང་ཆེན་དཔོན་པོའི། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    ཕྱིབས་ལྟ་རེད་ལ་ཕྱིབས་ལ་ལྟ་རེད། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    ཕོ་འདི་ལ་གཡུས་ལ་བཞུགས་པའི། །སྐུ་ཉེར་གཏོན་ལ། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    སོ་ཡ་ལ་ གནས་འགུ་ལ་གཙན་ལྡན་གནས་ཤིང་། །
  • པདྨ་དབང་མོ། བསོད་ནམས་དབང་མོ་དང་ བདེ་ཆེན་དཔལ་སྒྲོཔ་/ Pema Wangmo, Sonam Wangmo & Dechen Peldon:
    རྨ་བྱ་གནང་ལ་རྨ་བྱ་གནང་། །