Skip to main content Skip to search
05 Feb 2016
4 min 26 sec
Video Overview
Creators: 
Monika Subba, Kuenzang Wangmo

༉  གླུ་གར་ རྫོང་འདི་ཨེ་མ་རུང་གི་ནང་ཤེད་ན། ཟེར་མི་འདི་ བོད་སྒྲའི་གླུ་གཞས་ཨིན་མས། ད་ལྟོའི་གླུ་གར་འཁྲབ་མི་འདི་ གསར་སྤང་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ པད་མ་ཆོས་སྒྲོན་དང་ཆ་རོགས་ཚུ་གིས་འབད་འཁྲབ་ཨིནམ་དང་ ཁོང་ཆ་ཁྱབ་ དཔལ་རི་ཐང་གི་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་འབད་མི་ སློབ་སྦྱོང་པ་ཨམ་ཆ་ཁྱབ་ཨིན་མས། གཞི་རྟེན་ཤེས་ཡོན་སློབ་སྦྱོང་འབད་མི་ཆ་ཁྱབ་ཀྱིས་ འབྲི་ལྷག་ཤེས་ཡོན་རྐྱངམ་ཅིག་གིས་མ་དོ་བར་ rangལུགས་ཀྱིདེ་སྦེ་གླུ་གཞས་འཐེན་ནི་དང་ འཁྲབ་ནི་ཚུ་ཡང་སློབ་སྦྱོང་འབད་དོ་ཡོདཔ་ཨིན་མས།

The song and dance “Dzong Dhi Ema Runggi Nang Shad Na” is a boedra song performed by Pema Choden and her friends in Gelephu Dzongkhag in Pelrithang Geog. They are all from Pelrithhang and they study non-formal education in the school. In these centers, songs and dances are taught as part of education to preserve our culture.

Transcript search
No results found for this search
0 of 0
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ལྗོངས་འདི་ལ་ཨེ་མོ་རོང་གི་ནང་ཤེད་ན། ། སྭོ་ཡ་ལ།
    Inside fortress
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    རྟ་ཕོ་ཨ་མ་གཅིག་གི་རྟེའུ་ཆུང་གསུམ་ལ། །རྟེའུ་ལ་ཆུང་།
    Mother horse gave a birth to three baby horses
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    རྟེའུ་ཆུང་ཆེ་བ་རྒྱ་ལུ་མ་བཏང་ན། ། སྭོ་ཡ་ལ།
    If elder horse is not sent to China
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    རྒྱ་ནག་རྒྱ་ཡི་རྒྱལ་པོའི་ཆིབས་རྟ་རེད་ལ། །ཆིབས་ལ་རྟ་རེད།
    It is riding horse to Chinses emperor
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    རྟེའུ་ཆུང་ལ་ཆུང་བ་བོད་ལུ་མ་བཏང་ན། །སྭོ་ཡ་ལ།
    If middle horse is not sent to Tibet
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    བོད་ཀྱི་ལ་སྤྲུལ་པའི་ཆོས་རྒྱལ་ཆིབས་རྟ་རེད་ལ། །ཆིབས་ལ་རྟ་རེད།
    It is riding horse to Dharma King
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    རྟེའུ་ཆུང་བར་མ་འབྲུག་ལུ་མ་བཏང་ན་ལ། །སྭོ་ཡ་ལ།
    If younger horse is not sent to Bhutan
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    འབྲུག་ལ་དབང་ཆེན་དཔོན་པོའི་ཆིབས་རྟ་རེད་ལ། །ཆིབས་ལ་རྟ་རེད།
    It is riding horse to Power Lord
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གནས་གཞི་ལ་གཡས་ལ་བཞུགས་པའི་དཀོན་གཉེར་ཚུ་ལ། ། སྭོ་ཡ་ལ།
    O care taker residing in sacred land
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གནས་སྒོ་ཕྱེ་ནས་གནས་བཤད་བཏང་རོ་གཅིག་ལ། །བཏང་རོ་གཉིས།
    Open the door and tell about sacred land
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གནས་སྒོ་ལ་ཕྱེ་བའི་གནས་བཤད་མ་བཏང་ན། །སྭོ་ཡ་ལ།
    If you are not telling us about it
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གཞོན་པ་ངེ་ཚོ་ས་ཐག་རྒྱང་ནས་ཡོང་ལ། །རྒྱང་ནས་ཡོང་།
    We are pilgrims coming from far