Skip to main content Skip to search
19 Jun 2014
4 min 44 sec
Video Overview
Creators: 
Dawa Tshering, Tseten Tshering

 Changa Lhamo and her friends perform the song "Dzongchenla Serlay Karchung" (White Golden Fortress) and its accompanying dance in an open field while playing the annual archery match on winter solstice.

༉  ཆུ་ཁ་རྫོང་ཁག་ སྐྱེས་ཏོག་ཁ་ལས་ རྡོ་རྗེ་བུ་དར་གྱིས་ རྙིང་ཤོས་ཅིག་ཨིན་མི་བོད་སྒྲའི་གླུ་གཞས་ དགུང་སྟོད་གསེར་ལས་དཀར་ཅུང་ ཟེར་མི་འདི་འཐེན་ཏེ་འདུག དེ་ཡང་ དགུང་སྟོད་གསེར་ལས་དཀར་ཅུང་། །ཕྱི་ཡི་ལྕགས་རི་འདྲ་དོ། །ནང་ལས་བཞུགས་པའི་ཁྲི་གདུགས། །ནང་གི་ནོར་བུ་འདྲ་དོ། །འདྲ་ཡང་ནོར་བུ་འདྲ་དོ། །ཨིན་ཡང་ནོར་བུ་ཨིན་ནོ་ཟེར་ དགུང་དབྱིངས་འདི་ཕྱི་ཁའི་ལྕགས་རི་དང་འདྲ་བས་ ནང་ན་ལས་བཞུགས་པའི་ཁྲི་གདུགས་ཉིམ་འདི་ ནང་གི་ནོར་བུ་དང་འདྲ་བས་ཟེར་ འདྲ་བ་གིས་མ་ཚད་ ཨིན་ཡང་ནོར་བུ་རང་ཨིན་ཟེར་ རྩོམ་པ་པོ་གིས་ གཞི་ག་ཅི་ལུ་བཞག་སྟེ་བརྩམས་བརྩམས་འབད་རུང་ རང་གིས་གོ་བ་ལེན་དོ་བཟུམ་ཅིག་འབད་བ་ཅིན་ ཁྲི་གདུགས་ཉིམ་འདི་ འཛམ་བུ་གླིང་ནང་ལུ་ཡོད་པའི་སེམས་ཅན་ཡོད་རེ་ཡོད་ཚད་ག་ར་གི་གྲང་བའི་སྡུག་བསྔལ་དེ་སེལ་བའི་དངོས་པོ་ཅིག་འབད་ནི་དེ་གིས་ ནོརབུ་སྦེ་བརྩིསཝ་ཨིན་པས། དེ་འབད་ནི་དེ་གིས་ ནོར་བུ་དང་འདྲཝ་སྦེ་མཐོང་པའི་ཁ་ལུ་ ཨིན་ཡང་ནོར་བུ་རང་ཨིན་ཟེར་ བསྟོད་པ་རྐྱབ་ཨིན་པས།

Transcript search
No results found for this search
0 of 0
  • དགུང་སྟོད་ལ་གསེར་ལས་དཀར་ཅུང་། ། དགུང་སྟོད་ལ་གསེར་ལས་དཀར་ཅུང་།། ཕྱིའི་ལྕགས་རི་འདྲའོ།། ཕྱིའི་ལྕགས་རི་འདྲའོ།།
    The gold white sky, the gold white sky, is like a fence outside, is like a fence outside.
  • ནང་ལ་བཞུགས་པའི་ཁྲིད་གདུགས། །ནང་ལ་བཞུགས་པའི་ཁྲིད་གདུགས། །ནང་གི་ནོར་བུ་འདྲ་དོ། །ནང་གི་ནོར་བུ་འདྲ་དོ། །
    The sun that resides inside, the sun that resides inside, is the internal jewel, is the internal jewel.
  • འདྲ་ཡང་ལ་ནོར་བུ་འདྲ་དོ།། འདྲ་ཡང་ལ་ནོར་བུ་འདྲ་དོ། །ཡིན་ཡང་ལ་ནོར་བུ་ཨིན་དགོ ། ཡིནན་ཡང་ལ་ནོར་བུ་ཨིན་དགོ །
    As it looks like a jewel, as iit looks like a jewel, it indeed is the jewel, it indeed is the jewel.
  • གངས་སྟོད་ལ་གསེར་ལས་དཀར་ཅུང་། ། གངས་སྟོད་ལ་གསེར་ལས་དཀར་ཅུང་། ། ཕྱིའི་ལྕགས་རི་འདྲའོ།། ཕྱིའི་ལྕགས་རི་འདྲའོ།།
    The gold white mountain, the gold white mountain, is like a fence outside, is like a fence outside.
  • ནང་ལ་བཞུགས་པའི་སེང་ཆེན། ། ནང་ལ་བཞུགས་པའི་སེང་ཆེན། ། ནང་གི་ནོར་བུ་འདྲ་དོ།། ནང་གི་ནོར་བུ་འདྲ་དོ།།
    The lion that resides inside, the lion that resides inside, is like the internal jewel, is like the internal jewel.
  • འདྲ་ཡང་ལ་ནོར་བུ་འདྲ་དོ།། འདྲ་ཡང་ལ་ནོར་བུ་འདྲ་དོ། །ཡིན་ཡང་ལ་ནོར་བུ་ཨིན་དགོ ། ཡིན་ཡང་ལ་ནོར་བུ་ཨིན་དགོ །
    As it looks like a jewel, as it looks like a jewel, it indeed is a jewel, it indeed is a jewel.
  • རྫོང་ཆེན་ལ་གསེར་ལས་དཀར་ཅུང་།། རྫོང་ཆེན་ལ་གསེར་ལས་དཀར་ཅུང་།། ཕྱི་གི་ལྕགས་རི་འདྲའོ།། ཕྱི་གི་ལྕགས་རི་འདྲའོ།།
    The gold white fortress, the gold white fortress, is like a fence outside, is like a fence outside.
  • ནང་ལས་བཞུགས་པའི་དཔོན་པོ། ། ནང་ལས་བཞུགས་པའི་དཔོན་པོ། ། ནང་གི་ནོར་བུ་འདྲ་དོ། ། ནང་གི་ནོར་བུ་འདྲ་དོ།།
    The king that resides inside, the king that resides inside, is like the internal jewel, is like the internal jewel.
  • ཡིན་ཡང་ལ་ནོར་བུ་ཨིན་དགོ། །ཡིན་ཡང་ལ་ནོར་བུ་ཨིན་དགོ། ། འདྲ་ཡང་ལ་ནོར་བུ་འདྲ་དོ། །འདྲ་ཡང་ལ་ནོར་བུ་འདྲ་དོ། །
    As it is a jewel, as it is a jewel, it indeed looks like a jewel, it indeed looks like a jewel.