Skip to main content Skip to search
27 Jan 2016
47 min 8 sec
Video Overview
Creators: 
Sherig Dentshog

Sangnak Rinzin talks about the Duza Festival of Mongar District, his birthplace. Sangnak explains the dates and the significance of the festival, its norms, procedures and the customs associated with it. The Duza Festival is part of the pre-Buddhist tradition of making offerings to the local deities and spirits.

 

གསང་སྔགས་རིག་འཛིན་གྱིས་ མོང་སྒར་རྫོང་ཁག་ནང་ དུས་བཟང་ཟེར་ བརྩི་སྲོལ་ཡོད་པའི་སྐོར་དང་ ཁོ་རའི་སྐྱེས་གཡུས་ འདི་ལས་ དུས་སྟོན་འདི་བརྩི་དགོ་པའི་ཁུངས་དང་དགོས་པ་ ལམ་ལུགས་དང་ འདི་དང་འབྲེལ་བའི་ལས་རིམ་ཚུའི་ སྐོར་ལས་སླབ་མས། ཏེ་དུས་བཟང་འདི་ བོད་ཆོས་ཀྱི་ལུགས་ལས་ སྐྱེས་ལྷ་གཡུས་ལྷ་དང་ བཙན་ལ་སོགས་པ་ཚུ་ལུ་ མཆོད་ཕུལ་བའི་ཚུལ་ཨིན་མས།

 

Transcript search
No results found for this search
0 of 0
  • གསང་སྔགས་རིག་འཛིན་:Sangak Rinzin
    ལགས་སོ། ང་ མོང་སྒར་ རྫོང་ཁག་ རྒེད་འོག་ ཀེང་མཁར་ལས་ཨིན་ལགས། ད་ ང་ ད་ལྟོ་སྡོད་ས་འདི་ ནཱ་ ཤ་ལི་ལུ་ སྡོདཔ་ཨིན་ཟེར་ ཞུ་ནི་ཨིན་ལགས། ཏེ་དེ་འབདཝ་ད་ ད་ལྟོ་ ནཱ་ ཤ་ལི་ལུ་འདི་ཏེ་ ང་ ནཱ་གཉེན་ ནཱ་ལུ་རྐྱབ་རྐྱབ་ཨིན་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཨིན་རུང་ ད་ ང་གིས་ ད་རེས་ ཞུ་དགོ་ཐོན་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་ ཀེང་མཁར་གྱི་ ད་ དུས་ཟ༼བཟང༽་ཟེར་ ལོ་ལྟར་འབད་དགོ་མི་ཡོད། འ་ནཱི་གི་སྐོར་ལས་ ང་གིས་ ཞུ་ནི་ཟེར་ཨིན་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ང་བཅས་རའི་ དུས་བཟའ་ཟེར་མི་འདི་ ཟླ་བ་དགུ་པའི་ ཚེས་བདུན་ལས་ཡར་བལྟ་ འགོ་བཙུགས་དོ་ཟེར་ ཏེ་ཚེས་བདུན་ལས་ཡར་བལྟ་ འགོ་བཙུགས་དགོ་པའི་ དམིགས་ཡུལ་ ག་ཅི་སྨོ་ཟེར་བ་ཅིན་ ད་ ཕྲཱག་མིན་ཟེར་ ཕྲཱག་མིན་གོང་མ་ཟེར་ ད དེའི་འོག་ལས་ གཙང་མིན་ཟེར་ཡོད།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཨ་ ཟླ་བ་དགུ་པའི་ ཚེ་བདུན་གྱི་ཉིནམ་ལས་ཡར་བལྟ་ ཡར་ང་བཅས་རའི་ དུས་བཟའ་ ལ་འུང་ཟེར་ ཡར་བཀའ་དམ་གྱི་རྒྱབ་ཁར་ཡོད། རྒེད་འོག་ ང་བཅས་ར་ ཀེང་མཁར་རྒེད་འོག་ འ་ འ་ནཱ་ སྣག་ཚང་གི་རྒྱབ་ཁར་ ག་ར་གིས་མཁྱེན་འོང་། ད་ འ་ནཱི་ལུ་ ཚེས་བདུན་གྱི་ཉིནམ་ལུ་སོང་སྟེ་ ད་ ཁོང་གཉིས་ཡར་ལུ ཁྲུས་འབད་ནི་ཅིག་ཡོད།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ཁོང་གཉིས་ཁྲུས་འབད་དེ་ འ་ནཱི་ ཚེས་བདུན་གྱི་ཉིནམ་ལུ་ ཁོང་གཉིས་ ཡར་ལུ་ ག་བཟང་ཟེར་མི་ འ་ནཱི་བཙུགས་དགོ་མི་ཅིག་ཡོད་ལགས། ཆང་ཅིག་ལགས། ད་ ཁོང་གཉིས་ འ་ནཱ་ལས་ ཚེས་བདུན་ལས་སོང་སྟེ་ ད་ འ་ནཱི་ ཚེས་བཅུ་གཅིག་གི་ཉིནམ་ལུ་ཏེ་ ཉ་པ་གསུམ་ ད་འ་ནཱ་ ཉ་བཟུང་ནི་གི་དོན་ལས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ཉ་པ་གསུམ་འདི་ ཚེ་བཅུ་གཅིག་གི་ཉིནམ་ལུ་ ཡར་ང་བཅས་རའི་ དུས་བཟའ་ལ་འུང་ཟེར་ས་འགྱོ་དགོ་ཟེར་ ཞུ་ནི་ཨིན་ལགས། ད་ ཡར་འགྱོཝ་ད་ལུ་ཏེ་ ང་བཅས་ཚུ་ ཁྱིམ་ནང་ལས་ འབག་དགོ་ག་ཅི་ཡང་མེད། མ་པ་ ད་ ག་ཅི་ ད་ལྟོ་གི་ སངས་རྒྱས་ནི་གི་ཆོས་འདི་མེན། ད་ལྟོ་ འདི་བཟུམ་སྦེ་ ཉ་བསད་འབད་དགོཔ་ལས་བརྟེན་ཏེ་ ང་བཅས་རའི་ དྲཝ་ཅིག་འབག་སྟེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ཡར་ལུ་སོང་སྟེ་ ཏེ་ང་བཅས་ཡར་ལྷོདཔ་ད་ ཁོང་ ཕྲཱག་མིན་དང་ ཉ་པ་བཞག་མི་་ རྩ་འཕྱག་མི་ཟེར་ཅིག་ཡོད་ཡར་ལུ། འ་ནཱི་ ཁོང་ཚུ་གིས་སྦེ་ ང་བཅས་ཡར་ལྷོདཔ་ད་ལུ་ འ་ བསང་བདུག་སྟེ་ ད་ ང་བཅས་རའི་ ཁ་ལས་ ཨ་ཙི་རེ་ སླབ་ནི་ཡོད་ལགས་(བྱ་གིས་སྐད་ཨ་ཙི་རེ་རྐྱབ་ནི་ཡོད) སླབ་དགོ་མི། ང་བཅས་རའི་ འ་ ག་ཅི་སྦེ་་ཟེར་བ་ཅིན་ ང་བཅས་འགྱོ་བའི་ ཉིནམ་ལུ་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    འ་ འ་ནཱ་ ཉ་ཞུ་ཡི་ཟེར་ དེ་སྦེ་ སླབ་ནི་ཅིག་ཡོད། ད་ ཡར་ལུ་ ལ་འུང་ལུ་ ང་བཅས་འགྱོཝ་ད་ལུ་ ཕར་ ཁོང་ ཉ་པ་བཞག་མི་དང་ རྩ་འཕྱག་མི་གི་ ཁྱིམ་ནང་སོང་སྟེ་ ད་ ཕར་ལུ་ བསང་གཏང་སྟེ་ འདི་ལས་ ཕྲཱག་མིན་གྱིས་འཁྱིད་དེ་ ང་བཅས་ ཕར་ལུ་ དུས་བཟའ་ ལ་འུང་ལུ་སོང་སྟེ་ ང་བཅས་རའི་ ལ་འུང་ལུ་ ལྷ་ཤིང་ཟེར་ཡོད་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ལྟོ་ འ་ནཱི་ལུ་ དོང་ འ་ནཱི་ ཤིང་རྩ་དང་ རྩ་ཕྱདཔ་ད་ལུ་ དོང་ཅིག་ཡོད། འ་ནཱ་ལུ་ ང་བཅས་ཀྱི་ རྟགས་མཚན་གཅིག་བལྟ་ནི་ཡོད་ལགས། ད་ འདི་ལུ་ ག་ཅི་སྨོ་ འགྱོ་སྟེ་ ལ་འོང་ལུ་སོང་སྟེ་ ང་བཅས་སྐྱབས་འཚོལ་དགོ་ ཕྲཱག་མིན་གྱི་སྦེ་འཁྱིད་དེ། ཏེ་ཁོང་ གནས་བདག་ གཞི་བདག་ ཨ་མ་ མཚོ་སྨན་རྒྱལ་མོའི་ ཡར་བལྟ་སྐྱབས་འཚོལ་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ འ་ནཱི་ འགལ་རྐྱེན་བར་ཆད་ག་ནི་ཡང་མེད་པར་ འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ ག་ཅི་ལུ་ར་ རྐྱེན་མི་འོང་ནི་གི་སྦེ་ དེ་སྦེ་ ང་བཅས་ སྐྱབས་འཚོལ་ཏེ་ ཕར་ལས་ཡང་ ང་བཅས་རའི་ ཁ་ལས་(བྱ་གིས་སྐད་ཨ་ཙི་རེ་རྐྱབ་ནི་ཡོད)སླབ་ནི་ཅིག་ཡོད། ད་ དེ་སྦེ་འབད་དེ་ ཕར་ལས་ ལ་འུང་ལས་ བསངས་བཏང་སྟེ་འབད་དེ་ ང་བཅས་ཚུ་ ཏེ་ད་ལྟོ་ ཞག་གསུམ་ལུ་ ནཱ་ལས་ ད་ ལོག་སྟེ་ མཇལ་ནི་ཨིན་ཟེར་ སྐྱབས་འཚོལ་ཞིནམ་ལས་ལོག་སྟེ་ར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ང་བཅས་ ནཱ་ལུ་ ལོག་སྟེ་ར་ ཏེ་ཉ་པ་བཞག་མི་དང་ རྩ་འཕྱག་མི་ཟེར་ འདི་ནང་ལུ་འོང་སྟེ་ ད་ ང་བཅས་ བཟའ་ནི་འཐུང་ནི་གི་ ག་ར་ ཕར་ལས་ སྒྲིག་བྱིན་འོང་། ཁོ་གི་ དེ་སྦེ་བྱིནམ་ད་ ད་ ང་བཅས་ཚུ་ ཕར་ལས་མར་བལྟ་འོངམ་ད་ལུ་ ང་བཅས་རའི་ ཡར་ རྒེད་འོག་སྣག་ཚང(སྔ་ཚང)གི་འོག་ལུ་ རྡོ་ཅིག་ཡོད་ལམ་ཁར།
  • གསང་སྔགས་རིག་འཛིན་:Sangak Rinzin
    འ་ནཱི་ལམ་ཁར་ ཕྲཱག་མིན་གྱི་དང་ ཉ་པ་བཞག་མི་ རྩ་འཕྱག་མི་ ཁོང་གསུམ་གྱི་ འ་ནཱ་ཚུན་ཚོད་ བཀལ་འོང་ཉ་པ་ དེ་སྦེ་བཀལཝ་ད་ལུ་ ད་ ང་བཅས་ཚུ་གིས་ འ་ནཱི་ དོས་གྲ་སྒྲིག་འབད་དེ་ ཉ་པ་གོང་མ་གིས་འཁྱིད་དེ་ ཉ་སྲུང་པ་ ཐབ་ཚང་པ་ དེ་སྦེ་འཁྱིད་དེ་ ང་བཅས་ཚུ་ཐོན་འོང་།
  • གསང་སྔགས་རིག་འཛིན་:Sangak Rinzin
    མར་བལྟ་འོང་སྟེ་ འ་ ཚེས་བཅུ་གཅིག་གི་ཉིནམ་ལུ་ར་ ཡར་ལས་ལོག་སྟེ་ མར་ལུ་འགྱོཝ་ད་ ཆུ་མཐའ་མ་ལུ་ར་ལྷོད་དགོ་ལགས། ཚེས་བཅུ་གཅིག་གི་ཉིནམ་ལུ་ལགས། ཏེ་འ་ནཱི་ རྡོ་རེ་ ཕྲཱག་མིན་གྱི་སྐྱབས་འཚོལ་ཏེ་ ཁོ་གིས་ ང་བཅས་ཚུ་ལུ་ ག་ར་ ཁ་བཟང་འབད་དེ་ ཕྲཱག་མིན་ ལོག་སྟེ་ ཡར་ལུ་ར་ ཁོ་ཏེ་ ཡར་ལུ་འབད་དགོ་
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁོ་འདི་ ཚེས་བདུན་ལས་ འ་ ཡར་ལས་ དུས་བཟང་ ལ་འུང་ལུ་ བཅའ་མར་གཏོགས་ཞིནམ་ལས་ ཁྱིམ་ནང་འགྱོ་ཡང་མི་ཆོག། རང་ ཕར་ཚུར་ ཤ་བསད་ཉ་བསད་ ཉ་བསད་དེ་ འ་ནཱི་ཨིན་མས་ལགས། ཤ་བསད་ག་ཅི་ཡང་ རང་གི་ལགཔ་དཀྲོག་མི་ཆོག། མི་ཤི་བའི་གྲིབ་ ག་ཅི་ཡང་མེདཔ་དགོཔ་ཨིན། དེ་འབདཝ་ལས་ ད་ ང་བཅས་ཡང་ ཅོག་འཐདཔ་རང་ཨིན་ལགས། ཡར་ལས་ ཚེས་བཅུ་གཅིག་གི་ཉིནམ་ལུ་འོངམ་ད་ ཞག་གསུམ་གྱི་ནང་འཁོད་ལུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཨ་པ་ཤི་ཡི། ཨ་མ་ཤི་ཡི། རང་གི་ གནསཔོ་གནས་ཚང་ ག་འབད་རུང་ ཤི་ཡི་ཟེར་ ཨ་ལོ་ག་ཅི་ར་ ཤི་ཡི་ཟེར་བ་ཅིན་ ད་ འོང་མི་ཆོག། ཞག་གསུམ་གྱི་ནང་ན་ལུ་ཏེ་ མར་ལུ་ ད་ ཚེས་བཅུ་གཅིག་ལུ་འགྱོཝ་ད་ལུ་ ད་ ང་བཅས་རའི་ ད་ཅི་ཞུ་དོ་བཟུམ་སྦེ་ར་ཨིན། ད་ ང་བཅས་ཚུ་གིས་ཏེ་ འ་ནཱ་ ཉ་བསད་འབད་དགོཔ་ལས་ ཚེས་བཅུ་གཅིག་གི་ཉིནམ་ལུ་འདི་ ཨིན་ཅི་མིན་ཅི་ ད་ མར་ལུ་ ག་དེ་ཅིག་མིན་འདུག་ཟེར་རུང་ ག་དེ་ཅིག་མེད་ཟེར་རུང་ མགུ་ཏོག་གཅིག་འདི་ ཨིན་ཅི་མིན་ཅི་ཡང་ བཟུང་དགོ་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ག་ཅི་སྦེ་ཟེར་བ་ཅིན་ འགོ་དང་པ་ བཟུངམ་ད་ལུ་ ང་བཅས་ཚུ་གིས་ ངོ་རྟགས་ཅིག་བཟོ་སྟེ་ ཏེ་འ་ནཱི་འདི་ རང་གི་ དངུལ་ཁུག་བཟུམ་སྦེ་ བདག་འཛིན་འབད་དེ་ ཁོ་དེ་ ངོས་འཛིན་ཞིནམ་ལས་ ཁོ་ཏེ་ བདག་འཛིན་འབད་དགོཔ་ཁག་ཆེ་ཤོས་ཡོད་ཟེར་ ཞུ་ནི་ཨིན་ལགས། འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་མར་ལུ་ ཉ་བཟུང་དགོ་མི་དེ་ ག་ཅི་ཨིན་ན་ཟེར་བ་ཅིན་ ཏེ་ ང་བཅས་རའི་ རིམ་པ་ཡོད།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་མར་ལུ་འགྱོཝ་ད་ རེ་དེ་མཁོ་ཆེ་ ན་དབང་རྒྱལ་མོ། ཚོང་ཚོང་རྒྱལ་མོ་ཟེར་ ཏེ་དེ་ལས་ ང་བཅས་རའི་ ལ་འུང་ལུ་ ཡར་ལུ་ ཏེ་ད་ཅི་ཞུ་དོ་བཟུམ་སྦེ་ར་ཨིན། དེ་སྦེ་ར་ ང་བཅས་རའི་ དུས་བཟའ་ཟེར་ ལོ་གཅིག་གི་ འ་ནཱི་ རང་གི་ ང་བཅསརའི་ ལྷ་གསོལ་ཅིག་ འདི་བཟུམ་ འབད་དགོཔ་ལས་བརྟེན་ཏེ་ ཏེ་འ་ནཱི་ལུ་ ཉ་འདི་དགོཔ་ལེ་ཤ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཨ་ རེ་དེ་མཁོ་ཆེ། ན་དབང་རྒྱལ་མོ་ཟེར་ ཚོང་ཚོང་རྒྱལ་མོ། ཁོང་ མགུ་ཏོག་གསུམ་བདག་འཛིན་འབད་དེ་ ཁོང་གསུམ་ཚང་ཞིནམ་ལས་ ཏེ་ད་ལྟོའི་ ཕོག་ཐངས་ ཉི་ཤུ་རྩ་བདུན་སྦེ་བཟོ་ དེ་སྦེ་ཕུལ་དོ། ད་ དེ་ལས་ ཕབ་པ་ཅིན་ ཉི་ཤུ་རྩ་གཅིག་ལས་ མར་ཕབ་ནི་མེད། འ་ནཱི་ ངབཅས་རའི་ འདབ་མ་ལུ་འབད་དེ་ ངང་ལག་ཤིང་གི་འདབ་མ་ལུ་འབད་དེ་ འ་ གཡང་རེད་ལྟོ་ ས་ག་ དར་ཚིག་ ཏེ་ཉ་འདི་ འདི་ལུ་འགྱོ་དགོ་ལགས། ད་ ཉ་ རབ་འབྱུང་པ་ཅིན།
  • གསང་སྔགས་རིག་འཛིན་:Sangak Rinzin
    མགུ་ཏོག་སྦེ་ར་ ཕུལ་དགོ་ལགས། ཏེ་འ་ནཱ་ རབ་མ་འབྱུང་པ་ཅིན་ རང་གི་ འ་ནཱི་ ཆུང་ཆུང་སྦེ་བཟོ་སྟེ་ འ་ནཱེ་སྦེ་ ཁོ་ལུ་ ཉི་ཤུ་རྩ་བདུནསྦེ་བཟོ་ འ་ནཱ་ ཁོ་ལུ་ ཕུལ་ནི་གི་ བདག་འཛིན་སྦེ་སྟེ་ བཞག་དགོ་ཟེར་ དེ་སྦེ་ཨིན་ལགས། ད་ ད་ལྟོ་ རིམ་ཚད་གཅིག་ལུ་ལྷོདཔ་ད་ལུ་ཏེ་ ཏེ་ག་ཅི་དགོ་ནི་སྨོ་ཟེར་བ་ཅིན་ཏེ་ ཏེ་ད་ལྟོ་གི་ ང་བཅས་ མར་ལས་ ཡར་བལྟ་འོངམ་ད་ ཚེས་བཅུ་བཞི་གི་ཉིནམ་ལུ་འོང་དགོ། འདིའི་ཉིནམ་ལུ་འོངམ་ད་ ང་བཅས་ཀྱིས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ནཱ་ལས་ཡར་བལྟ་འོངམ་ད་ འམ་ མུ་རུང་ བར་ནའི་ཁྱིམ་ཟེར་ ཏེ་འབོ་དགོཔ་ཡོད། ད་ བར་ནའི་ཁྱིམ་ལུ་ དེ་ནང་ ཉ་པ་ བརྒྱ་སྦེ་ཡོད་རུང་ འབོད་ལུ་ སླབ་སྟེ་ཡོད་རུང་ ཉ་པ་འདི་ ཐོན་ནི་དེ་ ཨིན་ཅི་མིན་ཅི་ བར་ནའི་ཁྱིམ་ནང་ལས་ ཐོན་དགོ་ལགས། འ་ནཱ་ དེ་ནང་ཐོནམ་ད་ལུ་ ང་བཅས་ཚུ་ ཏེ་ཕར་ལུ་ ཁོང་ ཕར་ལུ་ ང་བཅས་རའི་ མི་སེར་ཚུ་ ཨམ་ཚུ་ ཁོང་ ད་ང་བཅས་ཀྱི་ དགུང་ལྷ་ཟེར་ གསོལཝ་ཨིན། མེའི་ཐབ་ཟེར་འཕྱགཔ་ཨིན། འ་ནཱ་ལུ་ ཉ་པ་ཚུ་ལས་ བཟངམ་སྦེ་ ཞུ་ནི་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ཁོང་བཟངམ་སྦེ་ ཞུ་ནི་འོང་ འ་ནཱ་ལུ་ འ་ གྱང་ཁ་འབད་བ་ཅིན་ ཧ་ལམ་ འ་ ཧ་ལམ་ དེ་ཅི་དེ་ཅི་སྦེ་ བཞི་བརྒྱ་ ལྔ་བརྒྱ་དེ་ཅིག་ བཟོ་དགོཔ་ཨིན་ལགས། ཏེ་འ་ནཱི་འདི་ ཁོང་ བཟའ་ནི་ཡང་མེན། ད་ ད་ལྟོ་ ནཱ་ལུ་འབད་བ་ཅིན་ ད་ ཁོང་ འ་ནཱི་ ཁོ་ཡག་པོ་(མཆོད་ནི་རིགས་ཅིག)ཟེར་གཏོར་དེས། འདི་བཟུམ་སྦེ་ ང་བཅས་ར་གིས་ཕུལ་དོ། ཁོང་ འ་ནཱི་གི་དོན་ལས་ འགོ་དང་པ་ཕུལ་ནི་གི་དོན་ལས་ཨིན་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    འ་ནཱི་ལུ་ མགུ་ཏོག་བཟུང་ཚུགས་པ་ཅིན་ མགུ་ཏོག་སྦེ་ར་ཨིན་ལགས། འ་ནཱ་ མགུ་ཏོག་སྦེ་ ཐོབ་མ་ཚུགས་ དེ་འབདཝ་ད་ སྦོམ་ཐོབ་པ་ཅིན་ དེ་ལས་བཏོག་སྟེ་ ཆུང་ཀུ་ཆུང་ཀུ་བཟོ་སྟེ་ བཞི་བརྒྱ་དེམ་ཅིག་བཟོ་སྟེ་ ད་ ང་བཅས་རའི་ ངང་ལག་འདབ་མ་ནང་བཙུགས་སྟེ་ སྐུདཔ་གི་བསྡམས་ཏེ་ དེ་སྦེ་ བདག་འཛིན་འབད་བཞག་དགོ་ཟེར་ ཞུ་ནི་ཨིན་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ གཞན་མི་ཅིག་ལུ་ ད་རུང་ གཞན་མི་ རིམ་ཚན་གཅིག་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ད་ ད་ཅི་ཞུ་དོ་བཟུམ་ཨིན། བར་ནའི་ཁྱིམ་ ཁོང་གི་ ཕར་ལུ་ཐོནམ་ད་ལུ་ ད་ ང་བཅས་ཉ་པ་གིས་ དང་ཕུ་ལས་འབད་མི་ ཁོང་ཚུ་གི་ ལུགས་སྲོལ་འབད་དགོ་པའི་ཤུལ་འདུག། དེ་འབདཝ་ལས་ ཉ་མགུ་ཏོག་གསུམ་ ཕར་ལུ་ ཁྱོསམ་བྱིན་དགོ་ཟེར་ ཞུ་ནི་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ག་ཅི་སྦེ་ཟེར་བ་ཅིན་ འ་ མགུ་ཏོག་གསུམ་ ཁོང་ དང་ཕུའི་ ཁོང་ ད་ཨང་རྒས་ ཨ་རྒས་ ཨ་རྒས་ལས་ཨ་རྒས་ ཧེ་མ་ལས་ར་ ཁོང་གི་ འ་ནཱ་ལས་ གཏམ་ཨིན་མས། ཁོང་གི་ འ་ནཱ་ ང་བཅས་ཀྱིས་ཏེ་ ད་ ཚར་གཅིག་ ང་བཅས་ ང་གིས་ཏེ་ མ་དྲནམ་ཨིན་མས། ང་བཅས་ཀྱི་ ཨ་རྒས་ཀྱི་སྐབས་ལུ་ ཁོང་ ཨ་རྒས་ལས་ ཨ་རྒས་ཀྱི་སྐབས་ལུ་ཨིན་མས་ལགས། འ་ ག་ཅི་འབད་ནི་ བར་ནའི་ཁྱིམ་འདི་ ཁོང་ ཉ་ཟ་དགོཔ་ ཁོང་ འ་ནཱ་ འ་ནཱི་ཨིན་མས། ཁོང་བཟའ་ནི་གི་ གནས་སྐབས་ཨིན་མས་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ བར་ནའི་ཁྱིམ་ནང་མ་ཐོན་པར་ ཉ་པ་ ཕར་རྒྱུན་མི་ ཀོག་ན་ལ་ཟེར་ས་ལས་ ད་ འདི་ལས་འཚོལ་ཏེ་ ནཱ་ཁོང་གི་ ལོ་གཅིག་ ཧེ་མའི་ ཨ་རྒས་ལས་ ཨ་རྒས་ཀྱི་སྐབས་ལུ་ཨིན་མས་ལགས། དེ་ནང་ལུ་ཏེ་ ཕར་མི་འགྱོ་ ཉ་བྱིན་དགོ་པས་ཕར་ལུ་ ག་ཅི་སྦེ་ནི་ཟེར་ ང་བཅས་ཚུ་ ནཱ་ལས་འགྱོ་ནི། ང་བཅས་ དྲངས་མེད་ཟམ་ལས་ ཡར་བལྟ་འགྱོཝ་ད་ལུ་ མུན་པ་ལུ་ཐོན་ཏེ་ མུན་མ་ལས་ཡར་བལྟ་ ཚད་ཤིང་རི་ཟེར་ཡོད་ལགས་ཡར། ཨར་བཙོང་ ཨི་བི་ཨར་བཙོང་མ་ལྷོད་པའི་བར་ན་ རོག་པ་རི་གི་འོག་ལུ་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་ནང་ལྷོདཔ་ད་ ཆརཔ་སྦོམ་སྦེ་རྐྱབ་ཏེ་ མར་བལྟ་བལྟཝ་ད་ལུ་ མུན་མ་བལྟཝ་ད་ ཉིམ་ཟེར་མི་ གནམ་མེད་ས་མེད་ ཤརཝ་མས་ཟེར་ཨིན་མས་ལགས། ཏེ་ཡར་བལྟ་སྟེ་ ཆརཔ་ཤུགས་འོང་སྟེ་ སེརཝ་ སེརཝའོང་སྟེ་ ད་ མ་ཐལ་བར་ རླུང་འཕུ་སྟེ་ ཤིང་ག་ར་བཅག་སྟེ་ ལམ་བསུབས་ཏེ་ མར་བལྟ་ལོག་སྟེ་ མར་ལུ་ མུན་མ་ལུ་འོང་བལྟཝ་ད་ ཡར་བལྟ་ལོག་སྟེ་ ཚད་ཤིང་རི་ཟེར་ས་ལུ་ ཉིམ་ཤར་ནུག་ཟེར་ཨིན་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཚར་གསུམ་འགྱོ་བལྟཝ་ད་ལུ་ཏེ་ ད་ དེ་སྦེ་ར་ ལམ་མ་ཐལ་བར་འབདཝ་ལས་ཏེ་ ཡ་ད་ ཕར་ལས་ར་ ཐོན་དགོཔ་ཐོན་ནི་ཨིན་མས་ཟེར་ དེ་ལས་ཏེ་ མར་ལས་སྦེ་ཕྲང་སྟེ་ མུན་མ་ལས་ ཕར་ ང་བཅས་རའི་ མུ་རུང་ བར་ནའི་ཁྱིམ་ཟེར་སར་ ཐོན་དགོ་མི་ དེ་སྦེ་ཨིན་ལགས། དེ་འབདཝ་ལས་ ཁོ་ལུ་ ཉ་མགུ་ཏོག་གསུམ་འདི་ ཁོ་ལུ་འབག་སྟེ་ ལྷ་ལུ་བཙུགས་དོ་བཟུམ་སྦེ་ ཁོ་ལུ་ མིང་བཏགས་སྟེ་ར་བཟུང་དགོ་ལགས་ མར་ལུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ང་བཅས་ལྷོདཔ་ཅིག་ ཁོང་གིས་ ཆང་གཅིག་བྱིན་འོང་། ད་ རང་གིས་ འ་ནཱ་ མགུ་ཏོག་གཅིག་བྱིན་ནི། ཁོང་གིས་ ད་རུང་ར་ ཁྱོསམ་ལོག་ཟེར་ ང་བཅས་ལུ་ དེ་འབདཝ་ད་ ཚར་གསུམ་ དེ་སྦེ་བྱིན་དགོ་མི། དེའི་དོན་ལས་ མགུ་ཏོག་གསུམ་མར་ལས་ཡར་བལྟ་ར་ ང་བཅས་ཀྱི་ ཅ་ལ་འ་ནཱི་ ཉ་རིམ་བཟོ་དགོ་ ཆུའི་མཐའ་མ་ལུ་ ཏེ་ད་ལྟོ་ ཡར་ བར་ནའི་ཁྱིམ་ནང་ལྷོདཔ་ད་ ད་ལྟོའི་ འ་ནཱི་ ཞུ་མེན་སྨོ་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ད་ལྟོ་ མ་པ་ དེ་བཟུམ་དགོཔ་ཨིན་ཟེར་ ང་གིས་ དེ་བཟུམ་ཞུ་ནི་ཡོད། ད་ འ་ནཱ་ཅིག་ ག་ཅི་དགོ་སྨོ་ཟེར་བ་ཅིན་ ད་ ད་ལྟོའི་རིམ་གཅིག་ལུ་ཏེ་ ཡར་ རྩ་འཕྱག་མི་ཟེར་མི་ལུ་ཡང་ ད་ ཕར་ལུ་ ཅོག་ར་འཐད་ལགས། ཏེ་ཕར་ལུ་ཡང་ མགུ་ཏོག་གསུམ་དེམ་ཅིག་དགོ་ལགས། ད་ ད་ལྟོ་ ཉ་པ་བཞག་མི་ཟེར་ ཕར་ལུ་ཡང་ ད་ འ་ནཱི་ མགུ་ཏོག་གསུམ་དེ་ཅིག་དགོ་ཟེར་ཨིན་ལགས། ད་ ད་རུང་ རིམ་ཅིག་ ག་ཅི་ཡོད་ཟེར་བ་ཅིན།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ང་བཅས་ ཕར་ མུ་རུང་ལས་ ཡར་བལྟ་འགྱོ་ད་ལུ་ བར་ནང་གི་ ཁྱིམ་ནང་འགྱོ་བའི་ཉིནམ་ལུ་ལགས། གཞན་མི་ཚུ་ ཉ་སྐམ་ འ་ནཱི་ སྐམ་མི་ཡོད་རུང་ ཚྭའི་ཉ་བཟུམ་སྦེ་ སྐམ་མི་ཡོད་རུང་ ཏེ་ཉ་ རློནམ་སྦེ་ མར་ལས་འབག་དགོ་མི་ ཆུ་ལས་ ད་ལྟོ་ འ་ ད་རེས་བཟུང་གི་འདི་ ཨིན་ཅི་མིན་ཅི་དགོ་ཟེར་ཨིན་མས་ལགས། འ་ནཱི་ ག་ཅི་སྦེ་ཟེར་བ་ཅིན་ ང་བཅས་རའི་ ལྷ་ཤིང་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ཡར་ ཡར་གྱི་ མུ་རུང་གི ཡར་ཨིན་ལགས། ད་ ཡར་ རྒེད་འོག་སྔ་ཚངས་ལས་མར་ སྤང་ཐང་ཟེར་ཡོད། དེ་ལས་ ཡར་བལྟ་ སྟོང་ཕུ་ཤིང་ ལྟག་ཀོ་གསུམ་སྦེ་མི་ ཞལ་ལག་ཕར་ཚུར་ ང་བཅས་རའི་ ལགཔ་བཟུམ་སྦེ་ མགུ་ཏོག་བཟུམ་སྦེ་ ད་ འདི་ལུ་ ང་བཅས་རའི་ ཉ་ རིམ་ག་དེམ་ཅིག་ཡོདཔ་ ཏེ་འ་ནཱི་ སྟོང་ཕུག་ཤིང་ འ་ནཱ་འབག་དགོ།ཏེ་འ་ནཱི་གི་དོན་ལས་ ཉ་ རློནམ་གཅིག་ དེ་བསྒང་བཟུང་དགོ། ད་ འ་ནཱ་ལུ་ ཉ་ མར་ལས་ རིམ་གཅིག་ག་ཅི་ཡོད་ཟེར་བ་ཅིན་།