Skip to main content Skip to search
25 Jan 2016
6 min 18 sec
Video Overview
Creators: 
Sonam Chophel, Dawa Tshering

Drukpai Puna Dechen is a zhungdra song that describes how the Punakha Dzong, a.k.a. Pungtang Dechen Photrang Dzong, and its surroundings were formed. The Dzong is located in the junction of two rivers called “Pho Chuu” and “Mo Chuu.”  It is the second oldest and second largest Dzong in Bhutan.  Lhamo and Bidha from Talo in Punakha beautifully sing this zhungdra.

 

སྤུ་ན་ཁ་རྟ་ལོག་ལས་ ལྷ་མོ་དང་བུདྷར་གཉིས་ཀྱིས་འཐེན་མི་གཞུང་སྒྲའི་གླུ་གཞས་ འབྲུག་པའི་སྤུ་ན་བདེ་ཆེན་འདི་ སྤུ་ཁ་ན་རྫོང་ཆགས་ཚུལ་དང་ གནས་སྟངས་ཀྱི་བཤད་པ་རྐྱབ་སྟེ་འཐེནམ་ཨིན་མས། དེ་ཡང་ འབྲུག་པའི་སྤུ་ན་བདེ་ཆེན། །བཀྲ་ཤིས་སྒོ་དམངས་འདྲ་དོ། །སོ་ཡ་་་་་ རྨ་བྱའི་སྤུ་རིས་ལེགས་པའི་ཆགས་པ་ལ་ཅིག་སོ་ཡ་་་་། ཟེར་ ག་ནི་བ་ཧན་ཏོང་ཏོ་འབད་དེ་འཐེན་ནི་འདུག ཨིན་རུང་ འ་ནི་བཟུམ་སྦེ་ དང་ཕུགས་ཀྱི་གླུ་གཞས་ཚུ་ ཧན་ཏོང་ཏོ་འབད་འཐེན་ཚུགས་མི་ ཁོང་ཕམ་རྒན་ཤོས་རེ་རེ་གཉིས་གཉིས་མ་གཏོགས་མེདཔ་བཞིན་དུ་ ན་གཞོན་ཚུ་ད་རེས་ནངས་པའི་རིག་གསར་ལུ་སྤྲོ་བ་ཆེ་སུ་ཅིག་འགྱོཝ་ལས་ དེ་ཚུ་ཉམས་འགྱོ་དོ་ཡོད་པའི་མཐོང་སྣང་འབྱུང་དོ་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • ལྷ་མོ་དང་བུདྷར།Lhamo and Bidha འབྲུག་པའི་སྤུ་ན་ལ་བདེ་ཆེན། །
    The Puna Dechen of Bhutanese
  • ལྷ་མོ་དང་བུདྷར། Lhamo and Bidha བཀྲ་ཤིས་སྒོ་མང་ལ་འདྲ་དོ། །
    Is similar to the Tashi Gomang.
  • ལྷ་མོ་དང་བུདྷར། Lhamo and Bidha སྭོ་ཡ། རྨ་བྱ་ལ་སྤུ་རིགས་ལེགས་པའི་ཆགས་པ་ལ་ཅིག །སྭོ་ཡ། །
    Soya....there land a beautiful feathered peacock....soya.
  • ལྷ་མོ་དང་བུདྷར། Lhamo and Bidha མཐོ་བ་གསེར་ཏོག་ལ་བཀལ་ས། །
    It is put on the pinnacle in case of superiority.
  • ལྷ་མོ་དང་བུདྷར། Lhamo and Bidha དམའ་བ་འགྱམ་གཞི་ལ་བཙུགས་ས། །
    In case of inferiority, it is put in a foundation.
  • ལྷ་མོ་དང་བུདྷར། Lhamo and Bidha སྭོ་ཡ། རྨ་བྱ་ལ་སྤུ་རིགས་ལེགས་པའི་ཆགས་པ་ལ་ཅིག །སྭོ་ཡ། །
    Soya....there land a beautiful feathered peacock....soya.
  • ལྷ་མོ་དང་བུདྷར། Lhamo and Bidha འབྲུག་པའི་ཐང་བཟང་ལ་སྒོ་ཅུང་། །
    The windows of the auspicious Pungthang Dechen Phodrang
  • ལྷ་མོ་དང་བུདྷར། Lhamo and Bidha དངུལ་དཀར་མེ་ལོང་ལ་འདྲ་དོ། །
    Is similar to the silver mirror.
  • ལྷ་མོ་དང་བུདྷར། Lhamo and Bidha སྭོ་ཡ། རྨ་བྱ་ལ་སྤུ་རིགས་ལེགས་པའི་ཆགས་པ་ལ་ཅིག །སྭ་ཡ། །
    Soya....there land a beautiful feathered peacock....soya.