Video Overview
Drukpai Dunggyu is one of the three songs of Mani Sum of Talo village in Punakha. The three songs of Mani Sum are performed as closing items on each day of the three-day Tshechu. Samyi Sala is performed on the first day, followed by Drukpai Dunggyu on the second day and Thowachi Gangi Tselay on the third day. Drukpai Dunggyu tells the story of the Zhabdrung lineage.
གླུ་གཞས་ འབྲུག་པའི་གདུང་བརྒྱུད་འདི་ སྤུ་ན་ཁ་རྫོང་ཁག་ སྟག་ལོག་གཡུས་ཚན་ནང་ལུ་འཐེན་ནི་ཡོད་པའི་ གླུ་གཞས་མ་ཎི་གསུམ་གྱི་གྲལ་ལས་གཅིག་ཨིན། མ་ཎི་གསུམ་གྱི་གླུ་གཞས་འདི་ ཚེས་བཅུ་ཉིནམ་གསུམ་བརྩི་བའི་སྐབས་ ཉིནམ་རེ་རེ་གི་མཇུག་བསྡུའི་རྟེན་འབྲེལ་ལུ་འཐེནམ་ཨིན། བསམ་ཡས་ཀྱི་ས་སླང་འདི་ ཚེས་བཅུ་ཉིནམ་དང་པའི་ནང་འཐེནམ་ཨིནམ་དང་ འབྲུག་པའི་གདུང་བརྒྱུད་འདི་ ཚེས་བཅུ་ཉིནམ་གཉིས་པའི་སྐབས་ལུ་འཐེནམ་ཨིན། དེ་བཟུམ་སྦེ་རང་ གླུ་གཞས་ མཐོ་བ་གངས་ཀྱི་རྩེ་ལས་ཟེར་མི་འདི་ ཚེས་བཅུ་ཉིནམ་མཇུག་གི་སྐབས་ལུ་འཐེནམ་ཨིན། གླུ་གཞས་ འབྲུག་པའི་གདུང་བརྒྱུད་ཀྱི་ ཞབས་དྲུང་གི་བརྒྱུད་པ་ཚུའི་སྐོར་ལས་ལོ་རྒྱུས་བཤདཔ་ཨིན།
- ལྷ་མོ་དང་ཆ་རོགས་ཚུ་ Lhamo & Friendsལ་འབྲུག་པའི་གདུང་བརྒྱུད་རྒྱལ་སྲས་ངག་དབང་རྣམ་རྒྱལ་ལ། །འབྲུག་པའི་གདུང་བརྒྱུད་རྒྱལ་སྲས་ངག་དབང་རྣམ་རྒྱལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་ཙཱ་རི་གཡས་ལས་བསྐོར་ཞིང་། །ལ་ཨ་ཞེ་ཉི་ཟླ་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ཙཱ་རི་གཡོན་ལས་བསྐོར་ཤིང་། །ལ་ཨ་ཞེ་ཉི་ཟླ་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་འབྲུག་པའི་སྤུན་ན་གི་བདེ་ཆེན། །ཁམས་གསུམ་ཟིལ་གནོན་བཞུགས་པར་ལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་སྤུན་ན་བདེ་ཆེན། །ཁམས་གསུམ་ཟིལ་གནོན་བཞུགས་པ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་ཕོ་ཆུ་གཡས་ལ་བསྐོར་ཞིང་། །ལ་ཁམས་གསུམ་ཟིལ་གནོད་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་མོ་ཆུ་གཡོན་ལ་བསྐོར་ཞིང་། །ལ་ཁམས་གསུམ་ཟིལ་གནོན་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་རབ་གསལ་བཀྲ་ཤིས་སྒོ་མང་། །གནམ་གྱི་ཁང་བཟང་འདྲ་དོ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་རབ་གསལ་བཀྲ་ཤིས་སྒོ་མང་། །གནམ་གྱི་ཁང་བཟང་འདྲ་དོ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་གཟང་མདོག་དཔལ་རི་བསྐོར་ཞིང་། །ལ་ཨོ་རྒྱན་པདྨ་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་གཟང་མདོག་དཔལ་རི་བསྐོར་ཞིང་། །ལ་ཨོ་རྒྱན་པདྨ་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་ཆུ་ཆེན་གངས་དཀར་ཆུ་མོ། །ལྷའི་ཞིང་ལས་འབབ་བྱུང། །
- ལྷ་མོ་དང་ཆ་རོགས་ཚུ་ལ་ཆུ་ཆེན་གངས་དཀར་ཆུ་མོ། །ལྷའི་ཞིང་ལས་འབབ་བྱུང། །
- ལྷ་མོ་དང་ཆ་རོགས་ཚུ་ལ་རི་རབ་བོད་ལ་བསྐོར་ཞིང་། །ལ་ལྷ་ཆེན་ཚངས་པ་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་རི་རབ་བོད་ལ་བསྐོར་ཞིང་། །ལ་ལྷ་ཆེན་ཚངས་པ་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་སྡོད་ཁྲི་བཞུགས་ཁྲི་གོང་མོ། །ལྷའི་ཞིང་ལས་དགའ་བ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་སྡོད་ཁྲི་བཞུགས་ཁྲི་གོང་མོ། །ལྷའི་ཞིང་ལས་དགའ་བ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་འབྲུག་པ་རྒྱལ་ཁབ་བསྐོར་ཞིང་། །ལ་ངག་དབང་རྣམ་རྒྱལ་དང་མཇལ། །
- ལྷ་མོ་དང་ཆ་རོགས་ཚུ་ལ་འབྲུག་པ་རྒྱལ་ཁབ་བསྐོར་ཞིང་། །ལ་ངག་དབང་རྣམ་རྒྱལ་དང་མཇལ། །