Video Overview
This is a love song sang by a man named Chöpa to his girlfriend, Chokza Drönpé, who was formerly a servant of the Meu emperor of Ngaba.
- དགོང་ཉི་ཟླ་གླིང་བཞིའི་བར་ན།།
- སྟག་དར་མའི་སོ་སྒྲ་ཅན་པོ།།
- འབྲུག་འདྲ་མའི་འཛུམ་མདངས་ཅན་པོ།།
- རྨེའུ་དཔལ་མགོན་འཕྲིན་ལས་རབ་བརྟན།།
- ཁྱོའི་རུ་སྡེ་རྒྱ་རྫོང་ནགས་རེད།།
- ནགས་རྒྱ་རྫོང་ཕོ་བྲང་ནང་ན།།
- སྟག་དམར་ཡག་གཉེར་བ་ལྷ་ཁོ།།
- སྟག་ཟེར་བའི་ཤར་མ་མེད་རུང་།།
- དཔའ་འཛུམ་དྲུག་ཐོད་ལ་རྒྱས་གི།།
- དགྲ་ནག་པོའི་གཡུལ་བ་ཁོ་རེད།།
- འདིའི་ལོངས་སྤྱོད་སྟོན་པའི་སྐུ་རེད།།
- ལྷ་སྟོན་པ་བཞུག་གི་འདབ་ན།།
- ཁྱིམ་ཇ་མ་འཛམ་གླིང་ཉི་མ།།
- སེར་གྱི་ལེར་ཉི་མའི་ཁ་མདོག།
- ཁྱིམ་བཟའ་ཚང་བཀྲ་ཤིས་རྟགས་བརྒྱད།།
- རྟགས་བརྒྱད་པོའི་ཁ་རེ་ཁུག་ན།།
- ལྷ་རང་བྱོན་ཕྱོགས་བཟའ་སྒྲོལ་པེ།།
- ཁྱོད་གོ་བ་ཅན་ཞིག་ཡིན་ན།།
- ཚིག་གོ་དོན་ཅན་ཞིག་ཁོས་ལེན།།
- ཁྱོའི་ཕ་ཡུལ་ཨ་སྔོན་དགུང་རེད།།
- ཁྱོའི་ཕ་ལོ་ཕོ་ཆུང་འབྲུག་རེད།།
- ཁྱོའི་མིང་བོ་འཛམ་གླིང་ཉི་མ།།
- དགུང་ཉི་མ་འཆར་ཐག་རིང་རུང་།།
- མཚོ་སྨུག་གེར་དར་འགྲམ་འེ་འདུག།།
- ཁྱོའི་མ་ལོ་མཚོ་རི་སྨུག་པོ།།
- ཁྱོད་བུ་ལོ་མཚོ་ཁའི་མེ་ཏོག།
- མཚོ་མེ་ཏོག་མུ་གེས་རྒུད་དུས།།
- ཁོ་བུ་ལོས་ཕ་ཡུལ་བརྗེད་གི།།
- ཅིག་བརྗེད་རུང་མ་བརྗེད་མེད་གི།།
- ཁོའི་ཕ་ཡུལ་མག་པའི་ལག་རེད།།
- དབང་ཆེ་ཞིག་མེད་ནོ་ཤེས་གི།།
- ས་མི་གཅིག་རྒྱ་འབུམ་ཁོག་རེད།།
- སྡེ་མི་གཅིག་མོ་རོང་གྲབ་རེད།།
- དཔལ་གཡུལ་ལས་རྒྱལ་ཁྱིམ་ནང་གི།།
- ཁ་མ་མང་ཁ་ལས་དགེ་དགོས།།
- བློ་མ་མང་རང་ཚུགས་ཟིན་དགོས།།
- ཁོས་དེ་ལྟར་ལེནགི་ཤོད་ད།།
- ཚིག་འབྲུ་དྲུག་འབྲས་བུ་གསུམ་པོ།།
- ཡར་མ་མཐོ་མར་ལ་མ་དམའ།།
- ཐང་མི་ཐང་མངོན་ཆ་ཁྱོས་གསལ།།