Skip to main content Skip to search
15 Dec 2011
15 min 24 sec
Rating
0
No votes yet
Video Overview
Creators: 
Unknown

Drongbu Tséring Dorjé gives a lecture on Buddhist logic.

Show More

  • ཨོའོ་ཏག་ཏག ད་ལྟའི་ཨཱ་དེབ་དང་པོ་དེ་འདི་རེད། ད་ལྟ་སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་ཟེར་ཡས་འདི་རེད། བྱས་ཙང་སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་དེ་ཨེ་འབྲི་ཡས་ཀྱི་དུས་ཚོད་དེ། ང་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལོགས་ན། ད་ལྟ་ཡི་ནུབ་ཕྱོགས་ཀྱི་ཤེས་རྟོགས་རིག་པ་དང་སློབ་སྦྱོང་བྱེད་ཡས་སྐབས་དེར། ཨ་ནི་བསམ་བློའི་ནང་ག་རེ་ཡོང་གི་འདུག་ད་ག་ནང་བཞིན་བྲིས་ཡོའོ་རེད།
  • འབྲོང་བུ
    དེ་འབྲི་དུས་སྒང་ལ་ག་རེ་ཟེར་ན། ང་ཚོ་་་་ངའི་དེབ་དང་པོ་དེ་དོན་༼བཏོན་༽དུས་སྒང་ལ། ནང་དོན་སྒང་ནས་རྩོད་པ་བྱུང་བ་མ་ཟད། ད་ལྟ་ཁ་ཡིག་དེའི་སྒང་ནས་ཁ་བྱང་ཅིག་ཡོའོ་རེད་པ། དེབ་ཀྱི་ཁ་བྱང་དེའི་སྒང་ནས་རྩོད་པ་མང་པོ་བྱུང་བ་རེད། 
  • འབྲོང་བུ
    རྩོད་པ་ག་རེ་བྱུང་བསྡད་ཡོའོ་རེད་ཟེར་ན། ང་ཚོ་མི་མང་ཆེ་བ་ཅིག་གིས་ག་རེ་རེད་ཟེར་ན། འབྲོང་བུ་ཡིས་དེ་ཤེས་ཀྱི་ཡོའོ་མ་རེད་ཟེར། ཨན།ཚིག་གི་སྡེབ་སྦྱོར་དེ་ཤེས་ཀྱི་ཡོའོ་མ་རེད་ཟེར། བྱས་ཙང་ག་འདྲས་ཅིག་མིང་བཏགས་ཡོའོ་རེད་ཟེར་ན། སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་བཏགས་ཡོའོ་རེད། ཟེར།
  • འབྲོང་བུ
    དངོས་ནས་བཤད་ན་ག་རེ་བྱེད་དགོས་རེད་ཟེར་ན། གངས་རིའི་ཁྲོད་ཀྱི་སྣ་ཚོགས་བསམ་གཞིགས་ཟེར་དགོས་རེད་ཟེར་ད། ཁོང་རང་གིས་ཤེས་ཀྱི་ཡོའོ་མ་རེད་ཟེར་གྱི་ཡོའོ་རེད། བྱས་ཙང་ངས་བལྟ་དུས་ཙམ་ནས་གང་། ངས་ཁོ་རང་ཚོར་ལན་དེ་ག་རེ་བརྒྱབ་ཡོའོ་རེད་ཟེར་ན། ངས་དེ་སྡེབ་སྦྱོར་མ་ཤེས་པ་གའི་མ་རེད་ཟེར།  སྡེབ་སྦྱོར་མ་ཤེས་པ་གའི་མ་རེད། ཟེར།
  • འབྲོང་བུ
    དཔེར་ན་ག་རེ་རེ་ཟེར་ན། ང་ཚོ་སྔོན་མ་འདི་འདྲས་བོད་ལ་མཁས་པ་ཡི་ལུགས་སྲོལ་དེ་ཡོའོ་རེད། ཟེར། ལུགས་སྲོལ་ག་རེ་ཡོའོ་ཟེར་ན། དཔེར་ན་རྗེ་རེན་པོ་ཆེ་ཡིས་དེ་ག་རེ་རེད་ཟེར་ན། ལམ་རིམ་ཆེན་མོར་ཆ་མཚོན་པ་ཡིན་ན། ག་རེ་བཏགས་བཞག་ཡོའོ་རེད་ཟེར་ན། བྱང་ཆུབ་ལམ་གྱི་རིམ་པ་བཞུགས་སོ་ཟེར་བ་འདི་བཏགས་ཡོའོ་རེད། བཏགས་བཞག་ཡོའོ་རེད་ཟེ། བྱས་ཙང་དེའི་སྐད་ཆ་དེ་ཡང་ཁྱེད་རང་ནང་བཞིན་བྱས་པ་ཡིན་ན། རྗེ་རེན་པོ་ཆེས་ཀྱི་འདིའི་༼འདི་ཡང་༽ཚིག་གི་སྡེབ་སྦྱོར་དེ་ཧ་གོ་ཡི་ཡོའོ་མ་རེད་ཟེར། ལབ་དགོས་ཀྱི་ཡོའོ་རེད།
  • འབྲོང་བུ
    རྒྱུ་མཚན་ག་རེ་རེད་ཟེར་ན། བྱང་ཆུབ་པའི་ལམ་གྱི་རིམ་པ་དེ་དགོས་ཡས་ཡོའོ་མ་རེད་ཟེར། དེ་ཕན་ཐོགས་ཀྱི་མ་རེད། ཟེར། ལམ་གྱི་རིམ་པ་བྱང་ཆུབ་པའི་ཆེད་དུ། ཨ་ནི་རྗེ་རེན་པོ་ཆེས་ལམ་རིམ་ཆེན་མོ་དེ་བརྩམས་པ་རེད་ཟེར།
  • འབྲོང་བུ
    བྱས་ཙང་བྱང་ཆུབ་པའི་ལམ་གྱི་རིམ་པ་བྱང་ཆུབ་ཙ་ན་ལམ་འདི་བྱང་ཆུབ་བསྡད་ཡོད་ན་ནི། དེ་ལམ་རིམ་ཆེན་པོ་དེ་རྩོམ་དགོས་ཀྱི་མ་རེད། ཟེར།
  • འབྲོང་བུ
    བྱས་ཙང་ད་ག་ནང་བཞིན་གྱི་སྣ་ཆོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་ཟེར་ཡས་འདི་རྒྱུ་མཚན་ག་རེ་རེད་ཟེར་ན། ངའི་ད་ལྟ་ཡི་དེབ་དེའི་ནང་ལོགས་ལ་ག་རེ་ཡིན་ན། བསམ་བློ་འདྲ་མིན་སྣ་ཚོགས་བཏང་བཞག་ཡོའོ་རེད་ཟེར་དེ། བྱས་ཙང་དེ་གཙོ་བོ་གཅིག་རེད་ཟེར། ཁོ་རང་། ངའི་དེབ་ནང་ནས་བཤད་དགོས་ཡས། བྱས་ཙང་སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་ཟེར་ཡས་འདི། མགོར་ཡོང་ཡས་ཀྱི་བཞག་དགོས་ཡས་ཀྱི་རྒྱུ་མཚན་འདི་རེད་ཟེ། འདི་སྡེབ་སྦྱོར་མ་ཤེས་པའི་སྐྱོན་དེ་གའི་ཡོའོ་རེད་ཟེར། ད།
  • འབྲོང་བུ
    བྱས་ཙང་ངས་ལན་འདི་རྒྱག་དུས། ལན་འདི་རྒྱག་དུས་སྒང་ལ་འདི་མི་མང་པོ་ཅིག་གིས་ག་རེ་ཟེར་ཀྱི་འདུག་ཟེར་ན་ཨ་ནི། དངོས་ནས་དྲང་གནས་ཀྱི་དེ་སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་བཏགས་པ་ཡིན་ན། དངོས་གནས་འདི་ཚིག་གི་སྒང་ལ་རྦད་དེ་ལྗིད་པོ་ཞེ་པོ་འདུག དངོས་ནས་ཨེ་འདྲས་འདྲ་པོ་འདུག་ཟེར་གྱི་ཡོའོ་རེད། ཡིན་ན་ཡང་ད་འདི་ང་ཚོའི་སྒང་ནས་ག་རེ་ཡིན་ན། དེབ་གཅིག་བཏོན་པ་ཡིན། ངས་བྱས་ན་ཕྱོགས་གཉིས་ནས་གདེང་འཇོག་ཡོང་གི་རེད་བསམ་ཀྱི་འདུག
  • འབྲོང་བུ
    ཕྱོགས་གཅིག་ནས་ག་རེ་ཡག་པོ་འདུག་ལ། ཕྱོགས་གཅིག་ནས་ཡག་པོ་མིན་འདུག་བསམ་ཀྱི་རེད། འདི་ང་རས་བལྟས་ན་རྒྱུན་གཏན་གཅིག་རེད་བསམ་ཀྱི་འདུག ཡིན་ན་ཡང་ད་ངས་དེབ་དེའི་ནང་ལོགས་ལ་གཙོ་བོ་གཙོ་བོ་འདི་ག་རེ་བཤད་ཀྱི་ཡོད་ཟེར་ན། 
  • འབྲོང་བུ
    སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་ཀྱི་ནང་ལ་བསམ་གཞིགས་ཟེར་ཡས་དེའི་ནང་གི་བརྗོད་དོན་བརྗོད་བྱ་གཉིས་ཡོའོ་རེད། ཟེར། གཅིག་ག་རེ་རེད་ཟེར་ན། བོད་ཀྱི་སྲོལ་རྒྱུན་གྱི་ད་ལྟ་གི་༼ཡི་༽རིག་གནས་དེ་དག་ལ་བླང་དོར་བྱེད་དགོས་ཀྱི་རེད། ཟེར། ད།
  • བླང་དོར་ག་རེ་བྱེད་དགོས་ཀྱི་རེད་ཟེར་ན། ག་རེ་ག་རེ། དཔེར་ན་སྤྱི་ཚོགས་དང་མཐུན་པའི་བསམ་བློ་དེ་ཁྱབ་གདལ་གཏང། སྤྱི་ཚོགས་དང་མ་མཐུན་པའི་བསམ་བློ་གཅིག་ཡོའོ་རེད་པ། འདི་ད་ལྟ་དོར་དགོས་ཀྱི་རེད།
  • འབྲོང་བུ
    ཨ་ནི་སྤྱི་ཚོགས་དང་མཐུན་པ་ག་རེ་ཡོད་ན། ལྷག་པར་དུ་བོད་ཀྱི་རིག་གནས་ནང་ལ་བྱམས་སྙིང་རྗེ་ཟེར་ཡས་དང་། ཨ་ནི་སྙིང་རྗེ་ལ་ཚད་མེད་སྙིང་རྗེ་ཟེར་ཡས་དང་། ཨ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བྱེད་དགོས་ཀྱི་རེད་ཟེར་ཡས་དང་དེའི་ཚོའི་བསམ་བློ་དེ་ཚོ་ཨ་ནི་དཔེ་ཡག་ཞེ་པོ་རེད་ཟེར། 
  • འབྲོང་བུ
    དེ་བོད་ཀྱི་ད་ལྟ་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་ལ་སངས་རྒྱས་ཆོས་ལུགས་ཁྱབ་སྤེལ་གཏོང་ཡས་ཀྱི་ནང་ནས་རྦད་དེ་གལ་ཆེན་པོ་དེ། དེ་རེད་བསམ་གྱི་འདུག་ཟེ།
  • འབྲོང་བུ
    བྱས་ཙང་འདི་ཁྱབ་སྤེལ་གཏང་དགོས་ཀྱི་འདུག་ཟེར། ད། ཡིན་ན་ཡང་ག་རེ་རེད་ཟེར་ན། ཡང་ལྷག་པར་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ཡས་སྒང་ལ་ཨ་ནི་ཤུགས་རྐྱེན་ངན་པ་ཐེབས་ཡས་ཀྱི་སྐོར་དེ་ཡིན་ན་དོར་དགོས་ཀྱི་རེད། ཟེར།
  • འབྲོང་བུ
    ལྷག་པར་དུ་ཨ་ནི་ང་ཚོ་བོད་རིགས་ཀྱི་ནང་ན་ག་རེ་ཟེར་ན། སྐད་ཆ་ག་རེ་ཡོའོ་ཟེར་ན། འདོད་ཡོན་ཆོག་ཤེས། ཆོག་ཤེས་བྱེད་དགོས་ཀྱི་རེད་ཟེར།  ཞེ་དྲགས་བྱེད་རྒྱུ་ཡོའོ་མ་རེད།ཟེར།  ཨ་ནི་སྐྱིད་པོ་གཅིག་བསྡད་དགོས་ཀྱི་རེད་ཟེར་ཡས་དེ་ཚོ། དེ་ཡི་བསམ་བློ་དེ་ཚོ་བཞག་བཞག་དགོས་ཀྱི་རེད་ཟེར་ཡས། ངས་དེབ་སྒང་ལ་གཙོ་ཆེ་བ་ཞིག་རེད། དེའི་ནང་གི་དེ་གཅིག་བྱས།
  • འབྲོང་བུ
    གཉིས་པ་འདི་ག་རེ་རེད་ཟེར་ན། ཁོར་ཡུག་སྲུང་སྐྱོབ། ད་འཛམ་གླིང་གི་དཔེར་ན། ཨ་ནི་ཁོར་ཡུག་གི་ཨ་ནི་ཉེན་ཁ་ཞེ་པོ་ཅིག་ཡོང་གི་ཡོའོ་རེད། ཟེར། དཔེར་ན་ནགས་ཚལ་སྲུང་སྐྱོབ་བྱེད་ཡས་དང། ཆུ་ལ་སྲུང་སྐྱོབ་བྱེད་ཡས། ཨ་ནི་རི་དྭགས་ཀྱི་སྐོར་ལ་སྲུང་སྐྱོབ་བྱེད་ཡས་དང། ཨ་ནི་ག་རེ་ཟེར་དགོས་རེད། ད་ག་ནང་བཞིན་གྱི་སྲོག་ཆགས་འདྲ་མིན་སྣ་ཚོགས་ཀྱི་སྐོར་ལ་སྲུང་སྐྱོབ་བྱེད་ཡས་དེའི་སྒང་ལ་བཤད་ཀྱི་ཡོའོ་རེད།
  • འབྲོང་བུ
    དེ་བཤད་དུས་སྒང་ལ་ངས་རྒྱུ་མཚན་གཙོ་བོ་གཅིག་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། འཛམ་བུ་གླིང་ལ་ཡོད་པ་དེ་མེད་པ་བཟོས་པ་ཡིན་ན། ཐད་ཀར་མི་རང་གིས་དེ་ག་རེ་ཟེར་དགོས་རེད། ཏག་ཏག་ཚེ་སྲོག་སྒང་ལ་སྐྱོན་བརྒྱབ་ཀྱི་ཡོའོ་རེད། ཟེར།
  • འབྲོང་བུ
    ལྷག་པར་དུ་ང་ཚོ་ཆུང་ས་གཅིག་ནས་བསམ་བློ་བཏང་པ་ཡིན་ན། ག་རེ་རེད་ཟེར་ན། ད་ལྟ་བོད་ཀྱི་གསོ་བ་རིག་པའི་ནང་དགོས་ཡས་ཀྱི་སྨན།  སྨན་གྱི་ནང་དགོས་ཡས་ཀྱི་གླ་རྩི་ཡོའོ་རེད་པཱ། གླ་རྩི་ད་ད་ལྟ་གླ་བ་མང་པོ་གཅིག་བསད། གླ་བ་ཞེ་དྲགས་མཐོང་ཡས་ཡོའོ་མ་རེད།
  • འབྲོང་བུ
    བྱས་ཙང་འདི་ག་རེ་དངོས་གནས་དྲང་གནས་གསོ་བ་རིག་པ་ཡི་སྒང་ལ་དགོས་ཡས་ཀྱི་གླ་རྩི་ཅིག་ཡའོ་རེད་པ། གླ་རྩི་འདི་དངོས་གནས་དྲང་གནས་ཁག་པོ་ཆགས་བསྡད་ཡོའོ་རེད། བྱས་ཙང་འདིའི་སྒང་ནས་ག་རེ་ཧ་གོ་གི་རེད་ཟེར་ན། གླ་རྩི་འདི་དེ་ག་རེ་རེད་ཟེར་ན། སྨན་གྱི་རྒྱལ་པོ་ཟེར་གྱི་འདུག་ག སྨན་གྱི་རྒྱལ་པོ། སྨན་གྱི་རྒྱལ་པོ་གླ་རྩི་ཟེར་དུས་ཙམ་པ། ཁོ་རང་གིས་གླ་རྩི་ཡི་ཨ་ནི་གླ་རྩི་དེ་ཁེ་ཆེན་པོ་ཡིན་པ་དེ་འདྲས་གཅིག་ཐུབ་ཀྱི་ཡོའོ་རེད་པཱ།
  • འབྲོང་བུ
    ཡིན་ན་ཡང་ད་ལྟ་མི་མང་བ་ཅིག་གིས་དངུལ་གྱི་དོན་དག་ལ་གླ་བ་་བསད། བྱས་ཙང་གླ་བ་འདི་བསད། གླ་རྩི་དེ་བཙོང་གི་བསྡད་ཡོའོ་རེད་པཱ། བྱས་ཙང་དེ་བྱེད་དུས་སྒང་ལ་གླ་ཡི་རིགས་དེ་ཉུང་རུ་འགྲོ་ཡི་ཡོའོ་རེད་པཱ།  བྱས་ཙང་དེའི་སྒང་ལ་ཨ་ནི་ག་རེ་རེད་ཟེར་ན། ད་ག་ནང་བཞིན་གྱི་སྲུང་སྐྱོབ་ཆེན་པོ་བྱེད་དགོས་རེད།ཟེར།
  • འབྲོང་བུ
    འགལ་སྲིད་དེ་ལ་སྲུང་སྐྱོབ་མ་བྱས་པ་ཡིན་ན། སྨན་གྱི་རྒྱལ་པོ་གླ་རྩི་ཟེར་གྱི་ཡོའོ་རེད་དའི་གལ་སྲིད་ཉིན་མ་གཅིག་གླ་མེད་པ་ཡིན་ན། གླ་རྩི་དེ་དོན་ཐུབ་ཀྱི་ཡོའོ་མ་རེད་པཱ། དོན་མ་ཐུབ་པ་ཡིན་ན། ང་ཚོར་ནད་བྱུང་པ།ནད་བྱུང་པ། ན་ཚ་འབྱུང་བ་ཡིན་ནའང་ག་རེ་ཟེར་ན་ང་ཚོར་དའི་སྨན་གྱིས་ཕན་ཐོགས་གྱི་ཡོའོ་མ་རེད་པཱ།
  • འབྲོང་བུ
    བྱས་ཙང་དེའི་སྒང་ནས་ཨ་ནི། དཔེ། དཔེ་ཆུང་ཆུང་གཅིག་གི་སྒང་ནས་ང་ཚོར་གསལ་བཤད་བྱེད་ཐུབ་ཀྱི་འདུག ཟེར། བྱས་ཙང་དེ་གཅིག་བྲིས་ནས་འཛམ་བུ་གླིང་ལ་ཡོད་པ་གང་ག་འཇིག་རྟེན་ན་ཡོད་པ་གང་ག་གང་ཨ་ནི་ང་ཚོ་མི་ཡིས་སོ་སོ་ཡིས་ད་ལྟའི་བསམ་བློ་གཏང་ཨ་ནི་སྒེར་གྱི་རྦད་དེ་ཁེ་ཕན་གཅིག་པོའི་སྒང་ནས་བསམ་བློ་གཏང་། ཨ་ནི་རྦད་དེ་བྱུར་བྱུར་གྱིས་གང་ག་འཕྲོ་བརླགས་གཏང་ན་ཡོང་གི་མ་རེད། ཟེར།
  • འབྲོང་བུ
    འདི་འདི་བྱས། འདི་ག་རེ་རེད་ཟེར་ན། གཙོ་བོ་འདི་སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་ནང་ན་བཤད་ཡོའོ་རེད།
  • འབྲོང་བུ
    གཉིས་པ་འདི། ད་ལྟ་ཡི་དོན་པ་དེ་འདི་རེད་ཨན།བོད་ཀྱི་ཤེས་རྟོགས་རིག་པའི་རིག་ཤེས་ཟེར་ཡས་འདི་རེད། དེ་དོན་དུས་སྒང་ལ། དེའི་ནང་དོན་གཙོ་བོ་གང་རེད་ཟེར་ན། ཨན།འདི་རེད། བོད་ཀྱི་ད་ལྟའི། བོད་ཀྱི་ད་ལྟའི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་དང། ཆོས་ལུགས་ཀྱི་བསམ་བློ་འདི་དང་ཡང་ན་ནུབ་ཕྱོགས་ཀྱི་ད་ལྟའི་ཤེས་རྟོགས་རིག་པ་ཡི་བསམ་བློ་དེ་གཉིས་ཕར་ཚུར་བསྡུར་ཡོའོ་རེད།
  • འབྲོང་བུ
     དེའི་ནང་གཙོ་བོ་ཆེ་བ་ད་ལྟ་བསྡུར་ནས་དཔྱད་པ་གཏང་ཕར་ཚུར་བསྡུར། ཨེན་འདྲ་་་་་་་་་་་་་་་་་་་་་་འདུག། དེའི་ནང་འདི་འདུག། དེའི་ནང་དེ་ཟེར་གྱི་འདུག། ཟེར་ཡས་འདི་གཙོ་བོ་འདི་ག་རེ་ཟེར། བོད་ཀྱི་ཤེས་རྟོགས་རིག་པའི་རིག་ཤེས་ཟེར་ཡས་དེའི་ནང་ཡོའོ་རེད། 
  • འབྲོང་བུ
    བྱས་ཙང་རིག་ཤེས་ཟེར་དགོས་ཡས་ཀྱི་རྒྱུ་མཚན་གཙོ་བོ་ག་རེ་རེད་ཟེར་ན། ངས་དེའི་སྐབས་དེའི་བོད་ཀྱི་ཤེས་རྟོགས་རིག་པའི་རིག་ཤེས་ཟེར་དགོས་ཡས་རྒྱུ་མཚན་དེ་ག་རེ་རེད་ཟེར་ན། མི་མང་ཆེ་བ་ཅིག་གིས་ང་ལ་སྐད་ཆ་འདྲི་ཡི་འདུག བོད་ལ་དངོས་གནས་དྲང་གནས་ཀྱི་ཤེས་རྟོགས་རིག་པ་ཟེར་ཡས་འདི་ཡོའོ་རེད་ཡོའོ་མ་རེད། ཟེར་གྱི་འདུག
  • འབྲོང་བུ
    འན།སྐབས་དེར། བྱས་ཙང་ངས་ག་རེ་ག་རེ་ལན་ག་རེ་བརྒྱབ་པ་ཡིན་ཟེར་ན། ཤེས་རྟོགས་རིག་པ་ཟེར་ཡས་དེ་མེད་པ་ཡིན་ན། མི་དེ་འཚོ་ཐབས་བྱེད་ཐུབ་ཀྱི་མ་རེད། ཟེར།  བྱས་ཙང་མི་ཟེར་ཡས་འདི་ག་དུས་ཡིན་ནའི་སོ་སོའི་བསམ་བློར་བརྟེན་ནས་ཨ་ནི་འཚོ་ཐབས་བྱེད་ཀྱི་ཡོའོ་རེད་ཟེར། བྱས་ཙང་དེ་བྱེད་དུས་ཙམ་པ་བོད་ལ་ཤེས་རྟོགས་རིག་པ་ཡོའོ་རེད། ཟེར། མི་རེ་རེ་ལ་ཤེས་རྟོགས་རིག་པ་ཡོའོ་རེད། སོ་སོ་ཡི་ཤེས་རྟོགས་རིག་པ་ལ་བརྟེན་ནས་ཨ་ནི་སོ་སོའི་འཇིག་རྟེན་ནང་འཚོ་ཐབས་བྱེད་ཀྱི་ཡོའོ་རེད་ཟེར། 
  • འབྲོང་བུ
    ཡིན་ན་ཡང་ག་རེ་རེད་ཟེར་ན། མིས་སློབ་སྦྱོང་མ་བྱེད་ཡས་དེ་ཤེས་བྱ་ཟེར་ཡས་འདི་མེད་པའི་དབང་གིས་ཨ་ནི་སོ་སོའི་ཤེས་རྟོགས་རིག་པ་འདི་རྦད་དེ་མིའི་རིགས་ཀྱི་ལག་ཤེས་དེ་ཡང་ཕུལ་ཐུབ་ཀྱི་ཡོའོ་མ་རེད་ཟེར། ད།
  • འབྲོང་བུ
     བྱས་ཙང་འདི་བྱེད་དུས་གང་ཨ་ནི་ག་རེ་རེད་ཟེར་ན། འདི་ནང་ནས་རིག་ཤེས་ཟེར་དགོས་ཡས་གྱི་རྒྱུ་མཚན་འདི་ཡང་འདི་རེད། ག་རེ་རེད་ཟེར་ན། དངོས་གནས་དྲང་གནས་བོད་ལ་ཤེས་རྟོགས་རིག་པ་ཡོའོ་རེད་ཡོའོ་མ་རེད། ཡོད་ན་གལ་སྲིད་ཡོད་པ་ཡིན་ན། བོད་ཀྱི་ཤེས་རྟོགས་རིག་པ་དེ་ཡིས་ད་ལྟ་ཡི་སྤྱི་ཚོགས་ཀྱི་ནང་ནས་ཁོ་རང་གི་གཙོ་བོ་ལས་འགན་སྒྲུབ་དགོས་ཡས་ཀྱི་ལས་འགན་དེ་ག་རེ་རེད།
  • འབྲོང་བུ
    དཔེར་ན། ང་ཚོར་གནས་ཚུལ་ཆེན་པོ་གཅིག་ཡོའོ་རེད། གཅིག་གང་རེད་ཟེར་ན། དཔེར་ན། ཤེས་རྟོགས་རིག་པ་འདིས་ལྷ་གི་༼ཡི་༽རིག་པ་གཅིག་བེད་སྤྱད་འགྲོ་གི་༼ཡི་༽རེད་ཡང་ན་མི་གི་༼ཡི་༽རིག་པ་ཅིག་བེད་སྤྱད་འགྲོ་ཡི་ཡོའོ་རེད།
  • འབྲོང་བུ
    གལ་སྲིད་མིའི་རིག་པ་གཅིག་བེད་སྤྱད་འགྲོ་དགོས་ཀྱི་ཡོད་ན། མིར་ཞབས་འདེགས་ཞུ་དགོས་ཀྱི་ཡོད་ན། ཨ་ནི། སྤྱི་ཚོགས་ཀྱི་ནང་ནས་ཁོ་རང་སྤྱི་ཚོགས་ལ་ཁ་གཏད་བྱས། སྤྱི་ཚོགས་ཀྱི་ནང་ནས་ཨ་ནི་གོང་འཕེལ་འགྲོ་གི་༼ཡི་༽ཡོའོ་རེད་པཱ། ད་དེ་གར་ཡང་སྤྱི་ཚོགས་དང་ཁ་བྲལ་པ་ཡིན་ན། འདི་ག་རེ་རེད་ཟེར་ན། ལྷ་ཡི་ཤེས་རྟོགས་རིག་པ་ཆགས་ཀྱི་ཡོའོ་རེད་པ། བྱས་ཙང་ངས་འདིའི་སྒང་ལ་ཨ་ནི་མི་གང་གར་བསམ་བློ་གཏང་དགོས་ཡས་ཀྱི་ཕྱོགས་དེའི་སྒང་ལ་སྐུལ་འདེད་བྱེད་ཀྱི་ཡོའོ་རེད།
  • འབྲོང་བུ
    འདི་ད་ལྟ་གི་༼ཡི་༽བོད་ཀྱི་ཤེས་རྟོགས་རིག་པའི་རིག་ཤེས་ཟེར་ཡས་དེ།དེ་བྱས། 
  • འབྲོང་བུ
    གསུམ་པ་དེ་ནུབ་ཕྱོགས་ཤེས་རྟོགས་རིག་པའི་ཚིག་ལམ་ཟེར་ཡས་འདི་རེད། འདིར་ད་ལྟ་ཌི་ཤི་ཎཱ་རུས་༼ཚིག་མཛོད་༽ཟེར་གྱི་རེད་པ། དེབ་ཆུང་ཆུང་གཅིག་མ་གཏོགས་ཡོའོ་མ་རེད།  ཆུང་ཆུང་གཅིག་ཡོའོ་རེད། དེའི་ནང་གཙོ་བོ་ག་རེ་རེད་ཟེར་ན།
  • འབྲོང་བུ
    ནུབ་ཕྱོགས། ད་ལྟ་ཡི་ང་རའི་ངོ་ཤེས་པ་ཡི་ནང་ནས་ག་རེ་རེད་ཟེར་ན། གྷི་རི་སི་ནས། ད་ལྟ་རྦད་དེ་འཇར་མན་གྱི་ད་ལྟ་་ཤེས་རྟོགས་རིག་པ། འདི། ང་ཚོ་ང་ཚོ་རྦད་དེ་ངོ་ཤེས་པ་འདི་ཚོ་ལ་ཨ་ནི་གཙོ་བོ་ག་རེ་རེད་ཟེར་ན་ཁོ་རང་ཚོའི་བསམ་བློ། གཅིག་ག་རེད་རེད་ཟེར་ན། དཔེར་ན། ཨའ། ཉིས་ཚེ་ཡིན་པ་ཡིན་ན་ཉིས་ཚེ། ཁོ་རང་གི་ཉིས་ཚེ་ག་དུས་ག་དུས་འཁྲུངས་ཡོད་མེད། འདི་ངོ་སྤྲོད་བྱས་ཡོའོ་རེད།
  • འབྲོང་བུ
    གཉིས་པ་འདི་ག་རེ་རེད་ཟེར་ན། ཉིས་ཚེ་ཡིས་ཁོང་རང་གི་བེད་སྤྱོད་གཏང་ཡས་ཀྱི་ཁོང་རང་གི་བསམ་བློའི་མཚོན་བྱེད་ཀྱི་ཐ་སྙད་གཙོ་བོ་དེ། ག་རེ་ཡིན་མིན་དེ་བེད་སྤྱོད་གཏང་ཡས་བཤད་ཡོའོ་རེད།
  • འབྲོང་བུ
    གསུམ་པ་འདི་ག་རེ་རེད་ཟེར་ན། ཉིས་ཚེ།ཉིས་ཚེ།ཉིས་ཚེའི་ད་ལྟ་དེབ་གཙོ་བོ་དེ་སྐད་གྲགས་ཅིག་ཡོད་པ། སྐད་གྲགས་བཞག་ཀྱོག་༼པའི་༽དེབ་འདི་ག་རེ་ཡིན་མིན། འདི་གཅིག་ཡོའོ་རེད། 
  • འབྲོང་བུ
    བཞི་པ་འདི་ག་རེ་རེད་ཟེར་ན། ཉིས་ཚེ་ཡི་གྲུབ་མཐའ། ཉིས་ཚེ་ཁོ་རང་གི་གྲུབ་མཐའ་ཡོའོ་རེད་ཡོའོ་མ་རེད། འདི་བྱས་ཙང་ཁོ་རང་དཔེར་ན་མི་གཅིག་གི་སློབ་སྤྱོང་བྱེད་དགོས་ཀྱི་ཡོད་ན། ཐོག་མར་དཔེར་ན་ནུབ་ཕྱོགས་ཀྱི་ཤེས་རྟོགས་རིག་པ་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་ན། ཐོག་མར་ག་རེ་བྱེད་དགོས་རེད། སྤྱིར་མི་དེའི་ངོ་བོ་ཤེས་རྟོགས་རིག་པ་དེ། ཤེས་རྟོགས་རིག་པ་འདི་སུའི་ཡིན་མིན་ངོ་ཤེས། དེ་ནས་ཤེས་རྟོགས་རིག་པ་དེ་ས་ཆ་ག་ནས་ཡིན་མིན། དེ་ཁོང་རང་གི་ཤེས་རྟོགས་རིག་པ་ཡི་བསམ་བློ་གཙོ་བོ་དེ་ག་རེ་ཡིན་མིན།
  • འབྲོང་བུ
    དེ་ནས་ག་རེ་རེད་ཟེར་ན། ཁོང་རང་གི་དེབ་དེ་གཙོ་བོ་ག་རེ་ཡིན་མིན། བཞི་པ་དེ་ཁོང་རང་གི་ད་ལྟའི་ཐ་སྙད་དེ་གཙོ་བོ་ག་རེ་ཡིན་མིན། བྱས་ཙང་དེའི་སྒང་ལ་མང་པོ་གཅིག་མཚམས་སྦྱོར་བྱས་ཡོའོ་རེད།
  • འབྲོང་བུ
    ཁྱོན་བསྡོམས་ཤེས་རྟོགས་རིག་པ་བརྒྱ་ལྷག་ཙམ་གཅིག་དེ་ག་རེ་རེད་ཟེར་ན། བྲིས་ཡོའོ་རེད་དེའི་ནང་ལ། ངས་འབྲི་དགོས་ཡས་ཀྱི་དམིགས་ཡུལ་ག་རེ་ཟེར་ན།
  • འབྲོང་བུ
    ད་ལྟ་ང་ཚོ་ཡི་ནུབ་ཕྱོགས་ཀྱི་ཤེས་རྟོགས་རིག་པ་ཤེས་མཁན་དེ་ཀློག་པ་པོ་ཉུང་ཉུང་གཅིག་མ་གཏོགས་ཡོའོ་མ་རེད། བྱས་ཙང་འདི་མང་རུ་གཏང་ཡས་ཀྱི་ཆེད་དུ། ཨ་ནི་ཁོ་རང་ཚོ་ད་ལྟ་ལྷག་པར་དུ་རྒྱ་ཡིག་དང་དབྱིན་ཀི་ལི་ཧྲིའི་སྒང་ནས། ད་ལྟ་ཡི་ནུབ་ཕྱོགས་ཀྱི་ཤེས་རྟོགས་རིག་པ་བལྟ་མི་ཐུབ་མཁན་ཡོའོ་རེད་པཱ། དེ་ཚོར་ཨ་ནི་ཁོ་རང་ཚོར་ཕན་གྱི་རེད་བསམ་ཨ་ནི་འདི་བྲིས་པ་རེད། དེའི་ནང་གཙོ་བོ་འདི་རེད།
  • འབྲོང་བུ
    ད་ལྟ་བཞི་པ་དེ་རྟོགས་གཞིགས་གསར་པའི་འདུ་ཤེས་ཀྱི་ཡོ་ལང་ཟེར་ཡས་འདི་རེད། དེ་དང་ད་ལྟ་ཡི་དེ་གཉིས་འདྲ་པོ་ཅིག་ཡོའོ་རེད། ག་རེ་ཟེར།  ད་ལྟ་དེབ་གཉིས་པ་བོད་ཀྱི་ཤེས་རྟོགས་རིག་པའི་རིག་ཤེས་ཟེར་ཡས་འདི་འདྲ་པོ་འདྲ་པོ་ཅིག་ཡོའོ་རེད། འདྲ་པོ་ཡོའོ་རེད།
  • འབྲོང་བུ
    ཡིན་ན་ཡང་ད་ལྟའི་ཨ་ནི་མ་འདྲ་བ་ག་རེ་ཡོའོ་རེད་ཟེར་ན། ཁོ་རང་གི་དེའི་ནང་། ཨ་ནི་ད་ལྟའི་ནུབ་ཕྱོགས་ཤེས་རྟོགས་རིག་པའི་རིག་ཤེས་་དང་རྟོགས་གཞིགས་གསར་པའི་འདུ་ཤེས་ཀྱི་ཡོ་ལང་ཟེར་ཡས་དེའི་ནང་ལ་མ་འདྲ་བ་ག་རེ་ཡོའོ་རེད། ལྷག་པར་དུ་ད་ལྟ་གི་༼ཡི་༽དོ་སྣང་བྱེད་ཡས་ག་རེ་ཡོའོ་རེད་ཟེར་ན།
  • འབྲོང་བུ
    ཨའ་འདི། དུང་དཀར་རིན་པོ་ཆེ། དེབ་ཀྱི་ནང་ལ་ད་ལྟ་དུང་དཀར་རིན་པོ་ཆེ་དང་མཉམ་པོར་ཕར་ཚུར་བཀའ་མོལ་བྱུང་ཡས་ཀྱི་ད་ལྟ་རྗེ་རིན་པོ་ཆེའི་བསམ་བློའི་སྐོར་ཅིག་ཡོའོ་རེད། བསམ་བློའི་སྐོར་ཅིག
  • འབྲོང་བུ
    བྱས་ཙང་འདི་ག་རེ་རེད་ཟེར་ན། ངས་བཤད་དགོས་ཡས་ཀྱི་རྒྱུ་མཚན་ག་རེ་རེད་ཟེར་ན། ཐོག་མར་ཐོག་མར་ངས་འདི་དུང་དཀར་རིན་པོ་ཆེར་བཀའ་འདྲི་ཞུ་ཡས་ཀྱི་གྲ་སྒྲིག་བྱས། དེ་ནས་་དུང་དཀར་རིན་པོ་ཆེར་ང་ཡི་བཀའ་འདྲི་ཞུ་ཡས་ཀྱི། ང་གཉིས་ཀྱི་དུས་ཚོད་ཏན་ཏན་བཟོ་དུས་སྒང་ལ། ཨ་ནི།དུང་དཀར་རིན་པོ་ཆེས་དེ་ཡོང་གི་མ་རེད་ཟེར་གྱི་འདུག
  • འབྲོང་བུ
    དེ་མ་ཡོང་པའི་རྒྱུ་མཚན་དེ་ག་རེ་རེད་ཟེར་ན། ཁྱེད་རང་འདི་ག་རེ་རེད་ཟེར་ན་སོ་སོ་གི་༼ཡི༽ཤེས་རྟོགས་རིག་པ་དང་སོ་སོ་ཡིས་བསམ་བློ་གཏང་གི་འདུག ཟེར།  འདི་ངར་ཆ་མཚོན་པ་ཡིན་ན། དགོན་པའི་ནང་ནས་ད་ལྟ་རྗེ་རིན་པོ་ཆེའི་བསམ་བློ་དེ་སློབ་སྦྱོང་བྱས་ཡོའོ་རེད། ཟེར།
  • འབྲོང་བུ
    བྱས་ཙང་འདི་བྱེད་དུས་ཙམ་པ་ཨ་ནི་ང་གཉིས་ད་ལྟ་ཡི་ཨ་ནི་སྤྱི་ཚོགས་ལ་ཕན་ཡས་ཀྱི་ཆེད་དུ་འདི་རྩོམ་ཡིག་འདི་འབྲི་གི་༼ཡི་༽ཡོའོ་རེད། བྱས་ཙང་འདི་བྱེད་དུས་ཙམ་པ། ཁྱེད་རང་ཁྱེད་རང་ལྟ་ཚུལ་ཤོད་ཟེར། ངས་ངའི་ལྟ་ཚུལ་བཤད་ཀྱི་ཡིན་ཟེར་གྱི་འདུག
  • འབྲོང་བུ
    བྱས་ཙང་འདི་བྱེད་དུས་སྒང་ལ་ཨ་ནི་ལམ་ཁ་དེ་ཕྱིན་པ་རེད། དངོས་གནས་བྱས་ན། དུང་དཀར་རིན་པོ་ཆེ་དང་ང་ཚོའི་བར་གྱི་ཡོན་ཏན་དེ་ད་ཁྱད་པར་ཞེ་དྲག་རེད། དུང་དཀར་རིན་པོ་ཆེ་དཔེ་རེད། ཡོན་ཏན་ཆེན་པོ་ཞེ་དྲག་རེད། ཡིན་ན་ཡང་ཁོ་རང་གིས་ང་ལ་དེབ་ཀྱི་ནང་ནས་གོ་སྐབས་འདི་འདྲ་གཅིག་སྤྲད་པ་རེད་པཱ། བྱས་ཙང་དེ་ཡི་ནང་ནས་མ་འདྲ་བ་དེ་རེད། 
  • འབྲོང་བུ
    ད་ལྔ་པ་དེ་ག་རེ་རེད་ཟེར་ན་འདི་རེད། ཨའ་བསྐལ་པའི་འདུ་ཤེས་མི་འདང་པ་ཟེར་ཡས་འདི་རེད། འདི་ག་རེ་རེད་ཟེར་ན་ང་རས་༼ང་རས་ཀྱང་༽ཞིབ་འཇུག་གི་ནང་ནས་ཕར་ཞིབ་འཇུག་སྐབས་དེའི་འགྱུར་བ་བྱུང་ཡོའོ་རེད། ག་རེ་རེད་ཟེར་ན། ད་ངས་བཤད་པའི་ཤེས་རྟོགས་རིག་པ་ཟེར་ཡས་འདི་མང་པོ་གཅིག་བཟོས་བཞག་ཡོའོ་རེད།  བཟོས་བཞག་ཡས་ཀྱི་ད་ལྟ་ཀློག་པ་པོ་ཡང་མང་དུ་ཕྱིན་ཡོའོ་རེད། བྱས་ཙང་འདི་མི་གཅིག་གིས་འདི་རྟག་པར་མི་གཅིག་གི་འདི་ཕར་ཚུར་ཤེས་རྟོགས་རིག་པ་འདི་ཕར་བཤད་ཚུར་བཤད། ཕར་བཤད་ཚུར་བཤད། འདི་ཞེ་དྲག་འདི་མཐོང་མྱོང་། ང་ང་ལ་ཆ་མཚོན་པ་ཡིན་ན་དེ་ཞེ་དྲག་ཡོང་གི་མི་འདུག
  • འབྲོང་བུ
    བྱས་ཙང་འདི་བྱེད་དུས་སྒང་ལ་ངས་ཤེས་རྟོགས་རིག་པ་འདི་བཤད་དགོས་ཀྱི་ཡོད་ན། ཨ་ག་རེ་བསམ་གྱི་འདུག་ཟེར་ན། བོད་ཀྱི་ད་ལྟ་ཡི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་གང་འདྲ་བྱས་ནས་ཁྱབ་སྤེལ་བྱུང་ཡོད་མེད། འདི་ཐོག་མར་ཧ་གོ་དགོས་ཀྱི་འདུག
  • འབྲོང་བུ
    འབྱས་ཙང་འདི་དང་འདི་གཉིས་བསྡུར་ཨ་ནི་དཔྱད་པ་གཏང་པ་ཡིན་ན། ཨ་ནི་ཕར་ཀློག་པ་པོར་ཕར་བཤད་པ་ཡིན་ན། ཨ་ནི་ཡག་པོ་གཅིག་ཕན་གྱི་རེད་བསམ་ཀྱི་འདུག ལྷག་པར་དུ་ག་རེ་རེད་ཟེར་ན། དུས་རབས་གང་ནས་ག་གི་བར་དུ་ང་ཚོའི་ད་ལྟ་ཡི་ནང་པ་སངས་རྒྱས་ཀྱི་རིག་གནས་དེ་དར་ཡོའོ་རེད། ག་ནས་ག་གི་བར་དུ་ད་ལྟ་ནུབ་ཕྱོགས་ཀྱི་རིག་གནས་ཤེས་རྟོགས་རིག་པ་དེ་དར་ཡོའོ་རེད། བྱས་ཙང་འདི་བཤད་ཡས་ཀྱི་གཙོ་བོ་དེ་འདི་རེད། འདི་ད་ལྟ་ཨའ་་་་ད་ལྟ་ཐོན་ཚར་ཡོའོ་རེད། འདི་དེབ་ལྔ་པ་འདི་རེད།
  • འབྲོང་བུ
    དེབ་དྲུག་པ་འདི་བྱས་ཙང་ག་རེ་རེད་ཟེར་ན། ད་ལྟ་ངས་རེ་བ་དེ་དམིགས་ཡུལ་དེ་མངོན་འགྱུར་གྱི་ཆེད་དུ་ཨ་ནི་ག་རེ་རེད་ཟེར་ན། ངས་ད་ལྟ་ཡི་འདི་མིའི་རིགས་ཀྱི་ལོ་ངོ་གསུམ་སྟོང་རིང་གི་བསམ་བློའི་དམིགས་འབབ་༼ཡུལ་༽ཞེས་པ་གཅིག་བྲིས་ཡོའོ་རེད། དེའི་ནང་ལ་ག་རེ་ཟེར་ན། 
  • འབྲོང་བུ
    གཙོ་བོ་དེ་ངས་ཐོག་མར་ཐོག་མར་ད་ལྟ་གེ་གྷི་རི་སི་༼ཡུལ་མིང་༽ནས་ད་ལྟ་བར་དུ་བོད་ཀྱི་ད་ལྟ་བར་དུ་ཨ་བྲིས་ཡོའོ་རེད། འདི་ག་རེ་རེད་ཟེར་ན། ཨ་ད་ལྟ་ཡི་ད་ལྟ་འདི་ག་རེ་ཟེར། ད་ལྟ་འཇིག་རྟེན་གྱི་ད་ལྟ་འཛམ་བུ་གླིང་གི་ཤེས་རྟོགས་རིག་པ་ཡི་བསམ་བློ། དུས་རབས་གང་འདྲ་ག་རེ་ཡི་ནང་ག་རེ་བྱུང་ཡོད་མེད། ཨ་ག་རེ་ཡི་ནང་ག་རེ་བྱུང་ཡོད། འདི་ཡོད་མེད།
  • འབྲོང་བུ
    དཔེར་ན་ལྷག་པར་དུ་ག་རེ་ཟེར་ན། བོད་ལ་ཆ་མཚོན་པ་ཡིན་ན་ལྷག་པར་དུ་ཧ་གོ་དགོས་ཡས་ག་རེ་རེད་ཟེར་ན།
  • འབྲོང་བུ
    ཨ། དུས་རབས་བཅོ་ལྔ་པ་ནས་རྦད་དེ་དུས་རབས་ཉི་ཤུ་བར་ད་ལྟ་ལོ་ངོ་ལྔ་བརྒྱ་ནང་ལོགས་དེར་ཨ་ནི་དངོས་གནས་དྲང་གནས་ཀྱི་བསམ་བློ་ཡོད་པ་དང་སོ་སོ་ཡི་གྲུབ་མཐའ་ཡོད་པ། དཔེར་ན་དགོན་པར་ཆ་མཚོན་ན་བྱུང་ཡོའོ་མ་རེད་ལ། སྤྱི་ཚོགས་སྒང་ལ་ཡང་བྱུང་ཡོའོ་མ་རེད། བྱས་ཙང་འདི་ག་རེ་རེད་ཟེར་ན།  
  • འབྲོང་བུ
    ད་ལྟ་ཡི་མིའི་རིགས་ཀྱི་ལོ་ངོ་གསུམ་སྟོང་རིང་གི་བསམ་བློའི་དམིགས་འབབ་ཟེར་ཡས་དེའི་ནང་གི་བརྗོད་བྱ་གཙོ་བོ་གཅིག་རེད། བྱས་ཙང་ག་རེ་རེད་ཟེར་ན། དེབ་སྒང་ལ་ང་ཚོའི་མི་མང་པོ་གཅིག་གིས་ལྷག་པར་དུ། ད་ལྟ་སྤྱི་ཚོགས་སྒང་ལ་ཡོད་པ། སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན། སྤྱི་ཚོགས་ཀྱི་རིག་གནས་བེད་སྤྱོད་གཏོང་མཁན། མི་མང་པོ་ཞིག་གི་ཧ་གོ་གི་ཡོད། ཧ་གོ་གི་ཡོད་པ་དང་ཁོང་རང་ཚོས་ཀྱིས་ངེས་པར་དུ་དེའི་སྒང་ལ་དོ་སྣང་བྱེད་དགོས་ཀྱི་འདུག
  • འབྲོང་བུ
    དོ་སྣང་མ་བྱས་པ་ཡིན་ན། ག་རེ་རེད་ཟེར་ན་ང་ཚོ་ཡི་ད་ལྟ་ཡི་བསམ་བློ་འདི་ལོ་ངོ་ལྔ་བརྒྱ་རིང་ག་རེ་བྱས་པ་རེད།ཟེར།  ལྷག་པར་དུ་འདིའི་སྒང་ལ་ཧ་གོ་གི་འདུག ཡིན་ན་ཡང་ག་རེ་རེད་ཟེར་ན་ཡང་དེ་ཡི་བར་དུ། བསྟན་པ་ཕྱི་དར་གྱི་དུས་རབས་བཅུ་གཉིས་པ་ནས་དུས་རབས་བཅོ་ལྔ་བར་དུ། ག་རེ་རེད་ཟེར་ན།
  • འབྲོང་བུ
    བོད་ལ་རིག་གནས། བོད་ཀྱི་རིག་གནས་དེ་དར་འཕེལ་ཞེ་དྲག་འགྲོ་དུས་སྒང་ལ། ནུབ་ཕྱོགས་ཀྱི་ད་ལྟ་ཤེས་རྟོག་རིག་པ་དེ་ཞེ་དྲག་འཕེལ་རྒྱས་འགྲོ་ཐུབ་ཡོའོ་མ་རེད། བྱས་ཙང་ཨེ་འདྲས་ཀྱི་སྒང་ནས་ཡང་། ང་ཚོ་ཡང་ནུབ་ཕྱོགས་ཀྱི་ད་ལྟ་ཨ་ཤེས་རྟོགས་རིག་པ་ཞིབ་འཇུག་དེ་ཚོ་ཡང་ཁོང་རང་ཚོས་ཀྱིས་ཡང་དེ་ཚོ་ཧ་གོ་དགོས་ཡས་དེ་འདྲས་གཅིག་ཆགས་བསྡད་ཡོའོ་རེད།
  • འབྲོང་བུ
    བྱས་ཙང་། དེ་བྱེད་དུས་སྒང་ལ་ད་ལྟ་གི་༼ཡི་༽དེབ་དྲུག་པ་དེ་ཨེ་འདྲས་གཅིག་གི་སྒང་ནས་དེ་བྱས་པ་རེད། བྱས་ཙང་དེ་བྱེད་དུས་སྒང་ནས། ངའི་དམིགས་ཡུལ་གཙོ་བོ་ཡང་དེ་རེད། ད་ལྟ་ཡི་གཅིག རྗེས་མར་ག་རེ་རེད་ཟེར་ན། ད་ལྟ་གི་༼ཡི་༽ཞིབ་འཇུག་བྱེད་དུས་སྒང་ལ་ད་ལྟ་ནུབ་ཕྱོགས་ཀྱི་བོད་རིག་པ་ཞིབ་འཇུག་བྱེད་མཁན། དཔེར་ན་མི་རིགས་རིག་པ་ཞིབ་འཇུག་བྱེད་མཁན་གྱི་སྒང་ནས་བྱེད་ཐབས་དེ་བེད་སྤྱོད་གཏང་།
  • འབྲོང་བུ
    བོད་ཀྱི་ད་ལྟ་གི་༼ཡི་༽་ཆོས་ལུགས་དང་ལོ་རྒྱུས་དེར་ཞིབ་འཇུག་བྱེད་དགོས་ཀྱིས་བསམ་གྱི་འདུག བྱས་ཙང་དེ་ག་རེ་ཟེར་ན། དེ་རྗེས་མ་ནས་ད་ལྟ་དེ་བྱས་པ་ཡིན་ན་ང་ཚོར་ཕན་ཐོགས་ཞེ་དྲག་ཡོང་གི་འདུག དེ་ག་རེ་རེད་ཟེར་ན། ངའི་བསམ་བློ་མང་ཆེ་བ་གཅིག་ང་རའི་བསམ་བློ་སྤྱི་ཚོགས་སྒང་ནས། སྤྱི་ཚོགས་དེར་གཞིགས་བྱས་སྤྱི་ཚོགས་ཀྱི་ད་ལྟའི་སྐྱོན་དང་ཡོན་ཏན་དེར་བལྟས་ནས་ཨ་ནི་ད་ལྟ་གི་༼ཡི་༽ཤེས་རྟོགས་རིག་པ་དེ་བཤད་ཀྱི་ཡོའོ་རེད་པཱ།
  • འབྲོང་བུ
    བྱས་ཙང་ད་རྗེས་མ་ག་རེ་བྱེད་དགོས་ཀྱི་འདུག་ཟེར་ན། ལོ་རྒྱུས་ཀྱི་སྒང་ན་ག་རེ་བཤད་ཀྱི་འདུག ལོ་རྒྱུས་ཀྱི་དཔེ་ཆའི་ནང་ན་ག་རེ་ག་རེ་བཤད་ཀྱི་འདུག ང་ཚོས་བྱས་ཙང་ལོ་རྒྱུས་ཀྱི་ནང་ནས་ལོ་རྒྱུས་ཀྱི་དེབ་འགའ་རེའི་ནང་ནས་ལོ་རྒྱུས་ཀྱི་མི་སྣ་དེ་ཤེས་རུ་བཅུག ལོ་རྒྱུས་ཀྱི་མི་སྣས་བཤད་ཡས་དེ་ཨ་ནི་ང་ཚོ་གིས་༼ཡིས་༽ཚོད་ལྟ་བལྟ།༼བལྟས།༽ དེ་བེད་སྤྱོད་བཏང་ཨ་ནི་ང་ཚོས་བཤད་པ་ཡིན་ན། ཨ་ནི་རྗེས་མ་བོད་ཀྱི་རིག་གནས་ཡིན་ནའི་འདྲ། ཨཱ་ད་ལྟ་གི་༼ཡི་༽ནུབ་ཕྱོགས་ཀྱི་རིག་གནས་ཡིན་ནའི་འདྲ། ཁོང་རང་གཉིས་ཕྱོགས་ཕར་ཚུར་དེ་འདྲས་ཤུལ་འཛིན་བྱེད་ཡས་དང་། ཁོང་རང་གཉིས་ཕར་ཚུར་རིག་གནས་གཉིས་ཀྱི་མ་འདང་བ་དེ་ཁ་གསབ་ཡོང་ཡས་དེ། ཡག་པོ་གཅིག་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག