Video Overview
Drongbu Tséring Dorjé gives a lecture on Buddhist logic.
- འབྲོང་བུ་ཚེ་རིང་རྡོ་རྗེཨ་ནི་ངར་ཆ་མཚོན་པ་ཡིན་ན། དངོས་གནས་བྱས་ན་ནུབ་ཕྱོགས་ཤེས་རྟོགས་རིག་པའི་གནས་ལ་སློབ་སྦྱོང་ཞེ་དྲགས་བྱེད་མྱོང་ཡོའོ་མ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེ་
- འབྲོང་བུ་ཚེ་རིང་རྡོ་རྗེསྔོན་མ་ཡིན་ན། ད་ལྟའི་བོད་རྒྱུད་ནང་བསྟན་གྱི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་སྐོར་ལ་སློབ་སྦྱོང་ཡག་པོ་ཅིག་བྱེད་ཡས་གོ་སྐབས་ཅིག་བྱུང་བ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེདེ་ག་རེ་རེད་ཟེར་ན། ངའི་དགེ་རྒན་དེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་གཅིག་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེཁོང་གི་རྩ་༼འགྲམ་༽ནས་ཨ་ནི་ངས་ད་ལྟ་བོད་ཀྱི་ཚད་མ། དབུ་མ། ཕར་ཕྱིན་དེ་ཚོ་སྦྱངས་པའི་གོ་སྐབས་དང་། གྲུབ་མཐའ་དང་ལ་སོགས་པ་སྦྱངས་པའི་༼སྦྱོང་བའི་༽གོ་སྐབས་བྱུང་པ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེདེ་ང་དེ་ནས་སྦྱངས་ནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་འགྲོ་དུས་སྒང་ལ། ཨ་ནི་ངས་གཞི་ནས་ད་ལྟ་ནུབ་ཕྱོགས་ཤེས་རྟོགས་རིག་པ་དེ་སློབ་སྦྱོང་བྱས་པ་རེད། སློབ་སྦྱོང་བྱེད་དུས་སྒང་ད་ང་ཚོ་གཙོ་བོ་དེ་ནུབ་ཕྱོགས་ཤེས་རྟོགས་རིག་པ་དེ་གཙོ་བོ་ང་རང་སྦྱོང་བྱེད་དགོས་པ་བྱུང་སོང་། གཙོ་བོ་དེ།
- འབྲོང་བུ་ཚེ་རིང་རྡོ་རྗེཨ་ནི་ངས་རང་སྦྱོང་བྱེད་དུས་སྒང་ལ་ཐོག་མར་ག་རེ་རེད་ཟེར་ན། ཚིག་མཛོད་སྒང་ནས་ཐ་སྙད་རེ་རེ་བཙལ། དཔེར་ན་ཨོའོ། ཁོ་རང་གི་ད་ལྟ་གྷི་རི་སིའི་བྷུ་ལཱ་ཐུ་ལ་ཆ་མཚོན་པ་ཡིན་ན།
- འབྲོང་བུ་ཚེ་རིང་རྡོ་རྗེབྷུ་ལཱ་ཐུ་ཟེར་ཡས་མི་དེ་ག་ནས་ཡིན་པ། ཨ་ནི་ཁོ་རང་གི་བསམ་བློ་གཙོ་བོ་དེ་ག་རེ་ཡིན་པ། ཨ་ནི་ཁོ་རང་གི་དེབ་སྐད་གྲགས་ཅན་དེ་ག་རེ་ཡིན་པ། དེའི་སྒང་ལ་ངས་ཁོ་རང་གི། དེ་ད་ག་ནང་བཞིན་གྱི་ཚིག་མཛོད་སྒང་ནས་བཙལ་པ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེཚིག་མཛོད་ལ། ཚིག་མཛོད་ཀྱི་ནང་ནས་བལྟས་བལྟས་བསྡད་དུས་ཧ་གོ་ཡོང་དུས་སྒང་ནས། དཔེར་ན་བྷུ་ལཱ་ཐུ་ཡིན་ན་བྷུ་ལཱ་ཐུ་ཡི་དེབ། གྲགས་ཅན་དེ་ག་རེ་རེད། སྐད་གྲགས་ཡོད་པ་དེ། བལྟས་བསྡད། ཨ་ནི་དེ་ནས་ཨེན།
- འབྲོང་བུ་ཚེ་རིང་རྡོ་རྗེག་རེ་རེད་ཟེར་ན། གསུམ་པ་དེ་ཨ་ནི་བྷུ་ལཱ་ཐུ་ཡི་དེབ་དེར་དཔེར་ན་མི་གཞན་དག་གིས་དཔྱད་པ་ག་རེ་བཏང་ཡོད་མེད། ཁོ་རང་གི་ལྟ་ཚུལ་དེ་ག་རེ་ཟེར་གྱི་ཡོད་མེད། གསུམ་པ་དེ་དེ་ག་སློབ་སྦྱོང་བྱས། སློབ་སྦྱོང་བྱས་ནས་ཨ་ནི་གཞི་ནས་ག་རེ་རེད་ཟེར་ན། ཨ་ནི་ང་རང་གི་བསམ་བློ་ལ། ཨོའོ།
- འབྲོང་བུ་ཚེ་རིང་རྡོ་རྗེཨོའོ་བྷུ་ལཱ་ཐུ་ཟེར་མཁན་དེ་ཁོ་རང་གི་དེ་ག་རེ་རེད་ཟེར་ན། སྤྱི་ལོའི་གོང་གི་དུས་རབས་ལྔ་པ་དང་བཞི་པའི་བར་གྱི་ཨ་ནི་གྷི་རི་སི་ཡི་ཤེས་རྟོགས་རིག་པ་ཆེན་པོ་གཅིག་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་སྒང་ལ་ཁོང་གི་བསམ་བློ་དེ་མི་འདྲ་བའི་ཁྱད་ཆོས་ཨེ་འདྲ་ཨེ་འདྲ་འདུག་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེད་དཔེར་ན། ང་རང་གིས་རང་གཞན་དག་གི་བསམ་བློ་དང་བསྡུར་ཡས་ཀྱི་ཐབས་ཤེས་དེ་དེ་ནས་བྱུང་བ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེདེ་གང་འདྲ་བྱས་བྱུང་སོང་ཟེར་ན། བྱས་ཙང་དེ་ངས་བྷུ་ལཱ་ཐུ་་ཡི། བྷུ་ལཱ་ཐུ་ཡི་བསམ་བློ་དེ་དང་ཨ་རུས་སི་ཐུ་ཏོ་དང་ཁོ་རང་ཚོའི་བསམ་བློ་དེ་ལྟར་སློབ་སྦྱོང་བྱེད་དུས་སྒང་ལ་ག་རེ་ཡིན་ན། ག་དུས་ཡིན་ནའི་ངའི་བསམ་བློའི་ནང་ག་རེ་ཤར་གྱི་འདུག་ཟེར་ན། ཨོའོ་དེ་བོད་ཀྱི་ནང་པ་སངས་རྒྱས་ཀྱི་བསམ་བློ་དང་མི་འདྲ་བ་ག་རེ་ཡོའོ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེའདྲ་བ་དེ་ག་རེ་ཡོའོ་རེད། དེའི་སྒང་ལ་བསམ་བློ་བཏང་གི་འདུག དེ་བྱེད་དུས་སྒང་ལ་ཨ་ནི་ངས་བྷུ་ལཱ་ཐུ་དང་སྟོན་པ་ཤཱཀྱ་ཐུབ་པ་གཉིས་ཁོང་རང་གཉིས་ཆ་ལོགས་དུས་མཉམ་པའི་ནང་གི་མཁས་པ། དེ་ཤེས་རྟོགས་རིག་པ་བ་ཆེན་པོ་གཉིས་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་གཉིས་ཀྱི་བར་དེར་ག་རེ་འདུག་བསམ། བསམ་བློ་བཏང་དུས་སྒང་ལ་ཁོ་རང་གཉིས་ཀྱིས་ད་ནང་པ་སངས་རྒྱས་ཀྱི་དཔེ་ཆ་དང་བྷུ་ལཱ་ཐུ་ཡི་དཔེ་ཆ་དེ་ཚོ་མང་པོ་ཅིག་བཙལ། དེ་བྱེད་དུས་སྒང་ལ་ཁོང་རང་གཉིས་ཀྱིས་བར་དེར་དཔྱད་པ་གཏང་དུས། ག་རེ་འདུག་ཟེར་ན། ཁོང་རང་གཉིས་ཀྱི་བར་དེར་འདྲ་བ་ཡང་འདུག་ལ་མི་འདྲ་བ་ཡང་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེདཔེར་ན་འདྲ་བ་ག་རེ་འདུག་ཟེར་ན། དཔེར་ན་ད་ལྟའི་བྷུ་ལཱ་ཐུ་ཡི་ཕུགས་བསམ་གྱི་རྗེས་བསྐུལ་ཟེར་ཡས་དེ་དང་། ཨ་ནི་སྟོན་པ་ཤཱཀྱ་ཐུབ་པའི་ད་ལྟ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཟེར་ཡས་དེ་འདྲ་པོ་འདྲ་གཅིག་འདུག་དཱའི། ཡང་དེའི་ནང་མི་འདྲ་བ་ག་རེ་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེགཉིས་ཆ་ལོགས་ཕུགས་བསམ་ཡོའོ་རེད། གཉིས་ཆ་ལོགས་ཀྱི་ཕུགས་བསམ། མི་རྗེས་མར་ག་རེ་བྱེད་དགོས་རེད། འོང་དེའི་སྒང་ལ་བསམ་བློ་བཏང་ཡོའོ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེབསམ་བློ་བཏང་དུས་སྒང་ལ་ག་རེ་རེད་ཟེར་ན། སྟོན་པ་ཤཱཀྱ་ཐུབ་པས་ག་རེ་རེད་ཟེར་ན། བསམ་བློ་དེ་མིས་རྗེས་མར་གྱི་དེ་ཐག་བཅད་དགོས་ན། གཙོ་བོ་དེ་ག་རེ་རེད་ཟེར་ན། རྣམ་པར་ཤེས་པ། རྣམ་ཤེས་ཡོའོ་རེད་པཱ།
- འབྲོང་བུ་ཚེ་རིང་རྡོ་རྗེརྣམ་ཤེས་ཀྱི་གནད་དོན་དེ་ཐག་བཅད་དགོས་ཀྱི་འདུག་ཟེར། བྱས་ཙང་རྣམ་ཤེས་ཀྱི་གནད་དོན་དེ་ཐག་བཅད་དགོས་ན། འཇིག་རྟེན་འདི་ནས། མི་ཡུལ་འདི་ནས་ཐག་བཅད་ཡས་ཡོའོ་མ་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེཨ་ནི་ག་པར་ཐག་བཅད་དགོས་ཀྱི་རེད་དམ་ཟེར་ན། ད་ལྟ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེ་ནས་ཐག་བཅད་དགོས་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེའོང་། ཨ་ནི་བྷུ་ལཱ་ཐུ་ལ་ཆ་མཚོན་པ་ཡིན་ན། མིའི་གནད་དོན་དེ་ཐག་བཅད་དགོས་ན། མིའི་གནད་དོན་དེ་མི་རང་ཉིད་ཀྱི་སྟེང་ནས་ཐག་བཅད་དགོས་རེད་ཟེར། ཐག་བཅད་པ་ལ་ག་འདྲས་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེཐོག་མར་ག་རེ་བྱེད་དགོས་རེད་ཟེར་ན། ཕུགས་བསམ་གྱི་རྗེས་བསྐུལ་ཞེས་མི་ཡུལ་ནས་ཨེ་འདྲས་གཅིག་བཙུགས་དགོས་ཀྱི་ཡོའོ་རེད་ཟེར། འོང་དེ་ག་རེ་རེད་ཟེར་ན། མི་རང་གི་གནད་དོན་ཐག་བཅད་ཡས་ཀྱི་ཆ་རྐྱེན་གཙོ་བོ་གཅིག་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེཨ་ནི་དེ་འཛུགས་ཡས་ལ་ག་རེ་རེད་ཟེར་ན། ཕུགས་བསམ་གྱི་རྗེས་སྐུལ་དེ་འཛུགས་ཡས་ལ། ཆ་རྐྱེན་ཆེན་པོ་གསུམ་ཡོའོ་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེཆ་རྐྱེན་གཅིག་ག་རེ་རེད་ཟེར་ན། ད་ལྟ་རྒྱལ་པོ་རེད་ཟེར། ཆ་རྐྱེན་གཅིག་ག་རེ་རེད་ཟེར་ན། དམག་མི་རེད་ཟེར། ཆ་རྐྱེན་གསུམ་པ་དེ་ཨ་ནི་ཟུར་གནས་པ་ཞང་བློན་དང་ལས་ཀ་བྱེད་མཁན་དང་ཨ་ནི་ཚོང་པ་དེ་ཚོ་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེཨ་ནི་དེས་མ་ཚད། ཨ་ནི་ད་ལྟ་མིའི་ཐོབ་ཐང་མེད་པ་ཁ་ཤས་ཡོའོ་རེད་ཟེར། མིའི་ཐོབ་ཐང་མེད་པ་དེ་ཚོ་ཨ་ནི། ཕུགས་བསམ་གྱི་རྗེས་བསྐུལ་དེའི་ནང་འཛུལ་ན་ཆོག་གི་མ་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེལྷག་པར་དུ་དཔེར་ན་སྤྲང་པོར་ཆ་མཚོན་ན། སྤྲང་པོ་དེ་ཕུགས་བསམ་གྱི་རྗེས་བསྐུལ་ནང་ཕྱིན་ན་འགྲིག་གི་མ་རེད་གསུངས་ཀྱི་ཡོའོ་རེད་པཱ།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་སྒང་ལ་དཔེར་ན། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དེའི་ནང་ག་རེ་བྱེད་ཀྱི་འདུག འོག་མིན་སྟུག་པོར་བཀོད་པའི་ཞིང་ཁམས་དེར་འགྲོ་དགོས་ན། ག་རེ་བྱེད་དགོས་འདུག་ཟེར་ན། ཐེག་པ་གསུམ་ལ་བརྟེན་དགོས་འདུག་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེཆ་རྐྱེན་གསུམ་ཡོའོ་རེད་ཟེར། ཐེག་པ་གསུམ་ཡིན་ན་ད་ལྟ་ཐེག་པ། ཆ་རྐྱེན་ག་རེ་རེད་ཟེར་ན། ད་ལྟ་ནང་པ་སངས་རྒྱས་ཀྱི་ཁོ་རང་གི་གཞུང་གི་ནང་ནས་བཤད་ན། ཐེག་པ་གསུམ་ཟེར་ཡས་དེ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་ཐེག་པ་གསུམ་དེ་ཧ་ལམ། དེར་བརྟེན་ཨ་ནི་ག་རེ་རེད་ཟེར་ན། ཉན་ཐོས་བྱས། རང་རྒྱལ་བྱས། ཐེག་པ་ཆེན་པོ་ཨ་ནི་རིམ་པ་རིམ་པ་དེ་ཡར་འཕེལ་རྒྱས་འགྲོ་དགོས་རེད་ཟེར། བྱས་ཙང་དེ་བྱེད་དུས་སྒང་ནས། ཨ་ནི་དེ་ལ་བརྟེན་ནས་ཐེག་པ་ཆེན་པོ་དེའི་ལུགས་ཀྱི་བསམ་བློ་དེ་ངོས་འཛིན་བྱས་པ་ཡིན་ན། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེ་མངོན་འགྱུར་བྱེད་ཡས་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་སྒང་ལ་དེ་ཁོ་རང་གཉིས་ཀྱི་འདྲ་བ་ག་རེ་རེད་ཟེར་ན། གཉིས་ཆ་ལོགས་ཀྱིས་མི་ཡི་གནད་དོན་ཐག་བཅད་ཡས་ལ་ཕུགས་བསམ་ཀྱི་ཨེ་འདྲས། ག་རེ་ཟེར་གཅིག་འཛུགས་ཀྱི་ཡོའོ་རེད། ད།
- འབྲོང་བུ་ཚེ་རིང་རྡོ་རྗེརྗེས་བསྐུལ་གྱི་སོ་སོ་དང་ཡང་ན་ཕུགས་བསམ་གྱི་གནས་གཅིག་ཡོའོ་རེད་པཱ། ཡུལ་གཅིག་འཛུགས་ཀྱི་ཡོའོ་རེད་དཱ།
- འབྲོང་བུ་ཚེ་རིང་རྡོ་རྗེམི་འདྲ་བ་ག་རེ་ཡོའོ་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེགཅིག་མི་ཡུལ་རེད་པཱ། གཅིག་ག་རེ་རེད་ཟེར་ན་མི་ཡུལ་ལས་བརྒལ་བསྡད་ཀྱོག་༼པ་༽རེད། དཱ། མིའི་བསམ་བློའི་སྒོ་ནས་རྦད་དེ་བརྒལ་བསྡད་ཡས་ཨེ་འདྲ་གཅིག་ནས་བཙུགས་ཀྱི་ཡོའོ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེདེའི་མངོན་འགྱུར་གཅིག་པུ་ལ་གཅིག་ག་རེ་རེད་ཟེར་ན། དམག་མི་དང་གཟུར་གནས་པ་དང་། ད་ལྟ་ཨེ་འདྲས་ཡོའོ་རེད། ག་རེ་ཁོ་རང་གི་ནང་གསེས་ཀྱིས་ཕྱིན་ཡོའོ་རེད་པཱ།
- འབྲོང་བུ་ཚེ་རིང་རྡོ་རྗེདཔེར་ན་ནང་པ་སངས་རྒྱས་ཀྱིས་དེ་ག་རེ་རེད། ནང་གསེས་ཀྱིས་ཕྱིན་ཡོའོ་མ་རེད། ཁོ་རང་ཉན་ཐོས་ཟེར་ན། ག་རེ་ཟེར་གྱི་ཡོའོ་རེད། རང་རྒྱལ་ཟེར་ན། ག་རེ་ཟེར་གི་ཡོའོ་རེད། ཐེག་པ་ཆེན་པོ་ཡིན་ན་ག་རེ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེའོ་ན་ཐེག་པ་ཆེན་པོ་དེའི་ནང་དཔེར་ན་གཟུར་གནས་པ་ཡོའོ་རེད་མ་རེད། དམག་མི་ཡོའོ་རེད་མ་རེད། དེའི་ནང་ད་ལྟ་ཚོང་རྒྱག་མཁན་ཡོའོ་རེད་ཡོའོ་མ་རེད། དེའི་སྒང་ལ་གསལ་པོ་བྱུང་ཡོའོ་མ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེལྷག་པར་དུ་ག་རེ་ཟེར་ན། ནང་པ་སངས་རྒྱས་ཀྱིས་ག་རེ་རེད་ཟེར་ན། འོག་མིན་སྟུག་པོའི་ཞིང་ཁམས་དེར་འགྲོ་ན། དེའི་ནང་སོ་སོ་སྐྱེ་བོ་ཟེར་ཡས་གཅིག་ཡོའོ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེསོ་སོའི་སྐྱེ་བོ་ཟེར་ཡས་དེ་ད་ལྟ་གྷི་རི་སིའི་བྷུ་ལཱ་ཐུ་ཡིས་བཤད་ཡས་ཀྱི་ག་རེ་རེད་ཟེར་ན། ད་ལྟ་སྤྲང་པོ་དང་ཁྱད་པར་ཡོའོ་མ་རེད། ཡོའོ་མ་རེད་དཱའི་ཡིན་ནའང་ནང་པ་སངས་རྒྱས་ཀྱིས་ག་རེ་ཟེར་དགོས་ན། སོ་སོ་སྐྱེ་བོ་དེ་དག་ད་ལྟ་ཉན་ཐོས་དང་། རང་རྒྱལ་དང་ཐེག་པ་ཆེན་པོའི་ལམ་ཁག་དེར་འགྲོ་ཡས་ཀྱི་དེ་ཡོའོ་རེད་ཟེར།
- འབྲོང་བུ་ཚེ་རིང་རྡོ་རྗེཨེ་འདྲས་བཤད་པ་རེད། བྱས་ཙང་དེ་བྱེད་དུས་སྒང་ལ་ང་རང་གི་ཐོག་མར་གྱི་ཐབས་ཤེས་དེ་ག་རེ་རེད་ཟེར་ན། གཅིག་འདྲ་བའི་ཕྱོགས་ལ་ཞིབ་འཇུག་བྱེད་ཡས། གཅིག་མི་འདྲ་བའི་ཕྱོགས་ལ་ཞིབ་འཇུག་བྱེད་ཡས།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་སྒང་ལ་ཨ་ནི་རིམ་བཞིན་ག་རེ་ཧ་གོ་འདུག་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེད་ལྟའི་ནུབ་ཕྱོགས་ཀྱི་ཤེས་རྟོགས་རིག་པ་དེ་ག་རེ་རེད་ཟེར་ན། དཱ་ད་ལྟའི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་གཉིས་ཀྱི་བར་ལ་བསྡད་ཡོའོ་རེད་པཱ།
- འབྲོང་བུ་ཚེ་རིང་རྡོ་རྗེའབྲེལ་བ་ཡང་ཡོད་པ་འགལ་བ་ཡང་ཡོད་པ། འགལ་བ་ག་རེ་ཟེར་ན། དཔེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་རྩ་བའི་ཆ་ནས་ག་རེ་རེད་ཟེར་ན། དཔེར་ན་དཔལ་འབྱོར་འཕེལ་རྒྱས་གཏང་ཡས་དང་། ཨ་ནི་རིག་གནས་དང་ཆབ་སྲིད་སྒང་ལ་བདག་སྐྱོང་བྱེད་ཡས་དེའི་སྒང་ལ་ད་ལྟ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནང་མི་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེདཔེར་ན་གྷི་རི་སིའི་བྷུ་ལཱ་ཐུ་ཡི་བསམ་བློ་དེའི་ནང་ག་རེ་ཟེར་ན། རིག་གནས། དཔལ་འབྱོར། ཆབ་སྲིད་མང་པོ་ཅིག་ཚུད་བསྡད་ཡོའོ་རེད།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་སྒང་ལ། དེས་ག་རེ་རེད་ཟེར་ན། རྩ་བའི་ཆ་ནས་ད་ལྟ་ནུབ་ཕྱོགས་ཀྱི་ཤེས་རྟོགས་རིག་པ་དང་ད་ལྟ་ཤེས་རྟོགས། དེའི་ཨེན།ཤར་ཕྱོགས་ཡོའོ་རེད་པཱ། ཤར་ཕྱོགས་ཀྱི་ཤེས་རྟོགས་རིག་པ་གཉིས་བར་གྱི་ཁྱད་པར་ཆེན་པོ་གཅིག་རེད་བསམ་གྱི་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་སྒང་ལ་ཨ་ནི། ཨེན། ཞིབ་འཇུག་གི་ཐབས་ཤེས་གཅིག་དེ་བྱས། ཞིབ་འཇུག་གི་ཐབས་ཤེས་གཉིས་པ་དེ་ག་རེ་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེང་རང་གིས་ཨེན། ག་རེ་ཡིན་ན། དོན་དག་ཆུང་ཆུང་གི་སྒང་ནས་ཁོ་རང་ཕར་ཚུར་དཔྱད་བསྡུར་བྱེད་ཡས། དཔེར་ན་དེ་ག་རེ་རས་ཟེར་ན། ཨ་ལེ་སུའུ་ཐུ་ཏོར་གྱི་དཔེར་ན་གཏན་ཚིགས་རིག་པ་ཡོའོ་་རེད་པཱ། གཏན་ཚིགས་རིག་པ་ཡི་འབྱུང་ཁུངས་དེ་ག་པར་ཐུག་བསྡད་ཡོད་མེད།
- འབྲོང་བུ་ཚེ་རིང་རྡོ་རྗེའོང་དེའི་སྒང་ནས་ཞིབ་འཇུག་བྱེད་ཡས། ཨོའོ་དེ་ག་རེ་རེད་ཟེར་ན། དཔེ་ཆའི་སྒང་ནས་ནུབ་ཕྱོགས་ཀྱི་ད་ལྟའི་བཤད་ཚུལ་་ག་རེ་ཡོད་མེད། ཨོའོ་ད་ལྟ་ང་ཚོའི་ནང་པ་སངས་རྒྱས་ཀྱི་བཤད་ཚུལ་གྱི་སྒང་ལ་ད་ལྟ་དཔེ་ཆའི་ནང་ལ་ག་རེ་བཤད་ཚུལ་ག་རེ་ཡོད་མེད།
- འབྲོང་བུ་ཚེ་རིང་རྡོ་རྗེཨོའོ་དེའི་སྒང་ལ་ཞིབ་འཇུག་བྱེད་ཡས། ཨོའོ་དེ་གཅིག་བྱས། ཨེ་ནི་དེ་བྱེད་དུས་སྒང་ལ་ཞིབ་འཇུག་གི་ཐབས་ཤེས་སྒང་ལ་གཅིག་ག་རེ་རེད་དམ་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་རྗེས་ཀྱི་ཡིག་ཆ་ཁ་ཤས་ཟིན་བྲིས་བྱེད་ཀྱི་ཡོའོ་རེད་པཱ། ཟིན་ཐོ་དེ་ག་རེ་རེད་ཟེར་ན། ནུབ་ཕྱོགས་ཀྱི་དེའི་ནང་ཡོད་ཀྱོག་༼པ་༽དེ་ཤར་ཕྱོགས་ཀྱི་ད་ལྟ་་ང་ཚོ་ནང་པ་སངས་རྒྱས་ཀྱི་དེབ་ནང་མི་འདུག བྱས་ཙང་ནང་པ་སངས་རྒྱས་ཀྱི་ནང་ཡོད་པ་དེ་ག་རེ་ཟེར་ན་ཡང་ནུབ་ཕྱོགས་ཀྱི་ད་ལྟའི་ཤེས་རིག་དེའི་ནང་ཡང་མེད་བསྡད་པ།
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་གཉིས་ཆར་ལོགས་ལ་མཉམ་པོར་ཞིབ་འཇུག་བྱེད་དུས་སྒང་ལ། ག་རེ་རེད་ཟེར་ན། ད་ལྟ་ནུབ་ཕྱོགས་དང་ཤར་ཕྱོགས་གཉིས་ཀའི་བར་དེར་ག་རེ་ཟེར། མ་འདང་ས་གཅིག་ཡོའོ་རེད་པཱ། མ་འདང་ས་དེ་ཕན་ཚུན་ཁ་གསབ་བྱེད་ཐུབ་ཀྱི་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེཁ་གསབ་བྱེད་ཐུབ་ཀྱི་འདུག དཔེར་ན་ང་སྔོན། དཔེར་ན་ང་ག་རེ་རེད། ག་རེའི་སྒང་ནས་ང་རྦད་དེ་ཧ་གོ་སོང་ཟེར་ན། དཔེར་ན་སྟོན་པའི། སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ལོ་དེའི་སྒང་ནས་ག་རེ་ཧ་གོ་སོང་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེང་ཚོ་ད་ལྟ་བོད་ཀྱི་ནང་ལ་སྲིད་ཀྱི་སྒང་ནས་ཞིབ་འཇུག་བྱེད་དུས་ཙམ་པ། རྒྱལ་སྲིད་རིག་པའི་སྒང་ནས་ཞིབ་འཇུག་བྱེད་དུས་སྒང་ནས་སྟོན་པའི་འཁྲུངས་ལོ་དེ་རྦད་དེ་ལོ་མང་པོ་ཉིས་ཁྲི། ཡང་ན་ཁྲི་གཅིག་དང་བརྒྱད་སྟོང་། ཡང་ན་ཁྲི་གཅིག་དང་སུམ་སྟོང་སྒང་ལ་ཡར་མང་པོ་གཅིག་འགྲོ་ཡི་ཡོའོ་རེད་པཱ།
- འབྲོང་བུ་ཚེ་རིང་རྡོ་རྗེཡིན་ནའང་དེ་ལྟ་ནུབ་ཕྱོགས་དང་ད་ལྟ་ཤར་ཕྱོགས་ཀྱི་སྒང་ནས་ད་ལྟའི་ལོ་རྒྱུས་སྒོ་ནས་ཞིབ་འཇུག་བྱེད་དུས་སྒང་ལ། ཡང་ཁོ་རང་སྟབས་བདེ་རུ་ཕྱིན་བཞག དེ་ག་རེ་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེདཔེར་ན་ང་ཚོའི་ད་ལྟ་སྟོན་པ་ཤཱཀྱ་ཐུབ་པའི། ཕ་གའི་ད་ལྟ་འཁྲུངས་ལོ་དེའི་བཞག་སྟངས། འཁྲུངས་ལོ་ག་དུས་ག་དུས་འཁྲུངས་པ་དེའི་སྒང་ལ་བཤད་ཚུལ་མི་འདྲ་བ་མང་པོ་གཅིག་ཡོའོ་རེད་པཱ།
- འབྲོང་བུ་ཚེ་རིང་རྡོ་རྗེཡིན་ནའང་ང་ཚོས་གཞན་དག་གཅིག་ནས་ཞིབ་འཇུག་བྱས་པ་ཡིན་ན། དཔེར་ན་ག་རེ་རེད་ཟེར་ན། ཐབས་ཤེས་ཨེ་འདྲས་གཅིག་གི་སྒང་ནས་ཞིབ་འཇུག་བྱས་པ་ཡིན་ན། ནུབ་ཕྱོགས་ཀྱི་དེའི་སྒང་ལ་ག་རེ་ཟེར་གི་འདུག་ཟེར་ན། དཔེར་ན་ད་ལྟའི་གྱི། ད་ལྟའི་ང་ཚོའི་བོད་ཀྱི་འདུལ་བའི་ནང་ག་རེ་འདུག་ཟེར་ན། སྟོན་པ་ཤཱཀྱ་ཐུབ་པ་དང་སྨན་པ་འཚོ་བྱེད་གཞོན་ནུ་གཉིས་དུས་མཉམ་པ་རེད་ཟེར་གྱི་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱེད་དུས་སྒང་ལ། ང་ཚོ། དེ་དུས་མཉམ་པ་ཡིན་ན་འཚོ་བྱེད་གཞོན་ནུ་དེ་ག་རེ་རེད་ཟེར་ན། ལག་པས་ཐོད་པ་་འབྱེད་པའི་བྱས་རྗེས། འདི་སློབ་སྦྱོང་བྱེད་པར་ག་པར་ཕྱིན་པ་་རེད་ཟེར་ན། རྡུལ་ལྗོངས་ཀ་ཕྱིན་པ་་རེད་ཟེར་གྱི་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་རྡུལ་ལྗོངས་ཟེར་ཡས་དེ་ས་ཆ་ག་པར་རེད། རྒྱ་གར་རེད། ཡང་ན་ད་ལྟ་གྷི་རི་སི་རེད། ད་ལྟའི་ཨ་རི་རེད། ག་པར་ཐུག་བསྡད་ཡོའོ་རེད་ཟེར་དུས་སྒང་ལ།
- འབྲོང་བུ་ཚེ་རིང་རྡོ་རྗེང་ཚོ་ད་ལྟ་མཁས་པ་མང་པོ་ཅིག་གིས་ག་རེ་རེད་ཟེར་ན། ཞིབ་འཇུག་བྱས། ལྷག་པར་དུ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ད་ལྟ་རྒྱལ་ཁམས་རིག་པས་བསྐོར་བའི་གསེར་གྱི་ཐང་མའི་ནང་ལ་ག་རེ་ཞིབ་འཇུག་བྱས་ཡོའོ་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེཞིབ་འཇུག་གིས་དེ་དག་རྡུལ་ལྗོངས་ཟེར་ཡས་དེ་གྷི་རི་སི་རེད་ཟེར་གྱི་ཡོའོ་རེད། བྱས་ཙང་དེ་ཅིག་གྷི་རི་སི་རེད་ཟེར་ཡས་ཀྱི་ལམ་ཁ་དེ་ཕར་ཕྱིན་དུས་སྒང་ལ་ད་ལྟ་ལག་པས་ཐོད་པ་འབྱེད་པའི་རྗེས་ཞེས། ལག་པས་གཤགས་བཅོས་བྱེད་པའི་དེ་ཡོའོ་རེད་པཱ། ཐབས་ཤེས་དེ།
- འབྲོང་བུ་ཚེ་རིང་རྡོ་རྗེདེ་ཐོག་མར་ཐོག་མར་ག་པར་དར་པ་༼བ་༽རེད་ཟེར་དུས་སྒང་ལ། ང་ཚོའི་འཛམ་གླིང་གི་གསོ་བ་རིག་པ་ཡི་དེབ་མང་པོ་ཅིག་ནང་ག་རེ་ཟེར་གྱི་འདུག་ཟེར་ན། ལག་པས་ཐོད་པ་འབྱེད་པའི། གཤགས་བཅོས་བྱེད་ཡས་དེ། ལག་པ་ལ་གཤགས་བཅོས་བྱེད་ཡས་ཀྱི་ཐབས་ཤེས་ཐོག་མར་དེ་གྷི་རི་སི་ནས་བྱུང་བ་རེད་ཟེར་གྱི་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་དེ་བྱས། ཕར་ལམ་ལམ་རྗེས་ལམ་དེར་ཕྱིན་དུས་སྒང་ལ་ག་རེ་ཟེར་ན་ཐོག་མར་དར་པ་དེ་ད་ལྟའི་གྷི་རི་སི་ནས་བྱུང་བཞག གྷི་རི་སིའི་སུའི་དུས་དང་མཉམ་པ་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེད་ལྟ་བྷུ་ལཱ་ཐུ་དང་ཨ་རུས་སི་ཐུ་ཏོར་ཁོ་རང་ཚོའི་དུས་མཉམ་པ་རེད། ཁོང་ག་རེ་ཟེར་གྱི་འདུག་ཟེར་ན། ཧད་ཕུ་ཁུ་རུས་ཙི་ཟེར་གྱི་འདུག
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་ཧད་ཕུ་ཁུ་རུས་ཙི་ད་ལྟ། ད་ལྟ་སྨན་པ་འཚོ་བྱེད་གཞོན་ནུ་རྒྱ་གར་ནས་ད་ལྟ་ལག་པར་གཤགས་བཅོས་བྱེད་ཡས་ཀྱི་ལག་རྩལ་དེ་ག་རེ་རེད་ཟེར་ན།
- འབྲོང་བུ་ཚེ་རིང་རྡོ་རྗེཧད་ཕུ་ཁུ་རུས་སིའི་ཙ་ནས་སྦྱངས་ཀར་་ཕྱིན་པ་དེའི་སྒང་ནས་་དེར་ཞིབ་འཇུག་བྱས། ཞིབ་འཇུག་བྱེད་དུས་སྒང་ནས་ང་ཚོས་གཞི་ནས་ག་རེ་ཧ་གོ་ཡི་འདུག་ཟེར་ན། ཨ་ནི་སྟོན་པ། ད་ལྟའི་ཨོའོ། ད་ལྟ་བྷུ་ལཱ་ཐུ་དང་ཨ་རུས་སི་ཐུ་ཏོར་ཁོ་རང་ཚོ་དུས་མཉམ་པ་ཡིན་པ་ཧ་གོ་ཡི་འདུག་ག
- འབྲོང་བུ་ཚེ་རིང་རྡོ་རྗེབྱས་ཙང་ཨེ་འདྲས་ཀྱི་སྒང་ནས་ད་ཨ་ནི་ཆུང་ཆུང་གི་སྒང་ནས་ཞིབ་འཇུག་བྱས། ཨ་ནི་དེའི་ཁོ་རང་ཚོ་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་རིག་གནས་ཀྱི་མ་འདང་ས་གཅིག་ཡོའོ་རེད་པཱ།
- འབྲོང་བུ་ཚེ་རིང་རྡོ་རྗེཕན་ཚུན་གསབ་ཡས་དེའི་སྒང་ནས་ཐབས་ཤེས་འདི་འདྲས་གཏང་གི་ཡོའོ་རེད། བྱས་ཙང་དེ་བྱེད་དུས་སྒང་ལ་ཡོང་སྒོ་འདྲ་ག་རེ་ཡོང་གི་འདུག་ཟེར་ན། ཁོ་རང་གཉིས་རིག་་གནས་གཉིས་ཆར་ལོགས་ག་རེ་འདང་གི་ཡོད་མེད།
- འབྲོང་བུ་ཚེ་རིང་རྡོ་རྗེག་རེ་མ་འདང་ས་ཡོད་མེད། དེའི་སྒང་ལ་ཁ་གསབ་བྱེད་ཡས་སྒང་ལ་ཕན་ཐོགས་ཡག་པོ་ཞེ་པོ་ཡོང་གི་འདུག