Skip to main content Skip to search
15 Dec 2011
7 min 26 sec
Rating
0
No votes yet
Video Overview
Creators: 
Unknown

Drongbu Tséring Dorjé gives a lecture on Buddhist logic.

Show More

  • འབྲོང་བུ
    ད་ད་ལྟ་ཤེར་རྟོག་རིག་པ་ཡི་ལས་ཀ་དེ་བྱེད་དུས་སྒང་ལ། དཀའ་ལས་མང་པོ་ཅིག་མང་པོ་ཅིག་ཐུག་ཡོའོ་རེད། དེ་ག་རེད་རེད་ཟེར་ན། ང་རས་ང་ལ་ཆ་མཚོན་པ་ན། ལྷག་པར་དུ་ད་ལྟ་ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་དེ་བལྟ་ཡས་དེ་ག་རེའི་སྒང་ནས་གཙོ་བོ་དེ་རྒྱ་ཡིག་སྒང་ནས་བལྟ་ཡི་ཡོའོ་རེད། བྱས་ཙང་རྒྱ་ཡིག་སྒང་ནས་བལྟ་དུས་ཙམ་པ་ག་རེ་རེད་ཟེར་ན།
  • འབྲོང་བུ
    འཛོམ་རེ་ང་ཚོས་རྒྱ་ཡིག་སྒང་ནས་རྒྱ་ཡིག་སྒང་ནས་དེབ་དེ་ཚོ་མང་བ་བལྟ་དུས་ཙམ་ནས། འཛོམ་རེ་ཨེ་འདྲས་ང་ཚོ་ཡིས་ད་ལྟ་སོ་སོ་ཡིས་ཤེས་རྟོག་བྱེད་ཡས་དེའི་སྒང་ལ། ཡང་སྔོན་མ་ཡི་ནུབ་ཕྱོགས་ཀྱི་ད་ལྟ་ཤེར་རྟོག་རིག་པ་ཁོ་རང་ཚོ་ནང་བཞིན་གྱིས་བྲིས་འགྱོག་ཨེ་འདྲས་ཀྱི་གོ་བ་ལེན་ཐུབ་ཀྱི་ཡོད་ན་མེད་ན་དེའི་སྒང་ལ་ང་ཏིག་ཙམ་ཅིག་བསམ་བློ་འཁོར་གྱི་འདུག
  • འབྲོང་བུ
    དེ་ག་རེ་རེད་ཟེར་ན། དེ་ད་ལྟ་ཉིས་ཚེ་ཡི་དེའི་སྒང་ནས་ང་བསམ་བློ་ཅིག་འཁོར་སོང་། འཁོར་ཡས་ག་རེད་ཟེར་ན། ད་ལྟ་གི་ཉིས་ཚེ་ཡི་ད་ལྟ་ཡི་ཁོ་རང་གི་དེབ་རྩོམ་ཡིག་གཙོ་བོ་ཆེ་ཡས་དང་ཡང་ན་དེབ་གྲགས་ཅན་ད་དེ་གཉིས་ག་རེ་ཟེར་ན། ད་ལྟ་དེའི་ག་རེད་ཟེར་དགོས་རེད། ང་ཚོ་ཡི་ཆེས་མཐོ་བའི་ཀུན་ཤེས་ཟེར་ཡས་དེ་རེད། དེ་བྱེད་དུས་སྒང་ལ། ཨ་ནི་ང་རེ་ཟེར་ན།
  • འབྲོང་བུ
    རྒྱ་ཡིག་གི་སྒང་ནས་དབང་ཆ་ཟེར་བསྒྱུར་བཞག་ཡོའོ་རེད། བྱས་ཙང་ད་དེ་ངས་ཉིས་ཚེ་ལ་ཞིབ་འཇུག་བྱེད་དུས་སྒང་ནས། ཉི་ཚེ་ཡི་དེའི་སྒང་ནས་ག་རེ་ཧ་གོ་སོང་། ཉིས་ཚེ་ཡི་ཟེར་ཡས་དེ་ཆེས་མཐོ་བ་ཡི་ཨེ་འདྲས་རིག་པ་དང་། ཆེས་མཐོ་བ་ཡི་ཀུན་ཤེས་ཟེར་དེ་ཟེར་ཀྱི་འདུག བྱས་ཙང་དེ་བྱེད་དུས་སྒང་ནས་རྒྱ་ཡིག་སྒང་ནས། དབང་ཆ་དེ་བེད་སྤྱོད་བཏང་ནས་ང་སྔོན་མ་ཡི་ད་ལྟ་དེབ་མང་པོ་ཅིག་གི་སྒང་ནས་ངས་ག་རེ་བྲིས་ཡོའོ་རེད་ཟེར་ན།
  • འབྲོང་བུ
    ཉིས་ཚེ་ཡི་དབང་ཆ་དང་དབང་ཆ་དབང་ཆ་དེ་མང་པོ་ཅིག་བྲིས་ཡོའོ་རེད། བྱས་ཙང་དེ་བྱེད་དུས་སྒང་ནས་ངས་ཉིས་ཚེ་ཡི་དངོས་གནས་དྲང་གནས་ཀྱི་བསམ་བློ་བདེན་པ་དེ་ཧ་གོ་ཡས་ཀྱི་སྒང་ལ་སྐྱོན་ཆེན་པོ་ཞེ་པོ་ཡོང་གི་འདུག
  • འབྲོང་བུ
    ཡིན་ནའི་ད་ད་ལྟ་ང་རང་གི་གྲོགས་པོ་དང་མང་པོ་ཅིག་གི་བསམ་འཆར་བཏོན་པ་ནང་བཞིན་གྱི་ཅིག་ང་རས་ངས་ཡིན་ན་ད་ག་རེ་རེད་ཟེར་ན། ད་ལྟ་ཡི་ཉིས་ཚེ་ཡི་ད་ལྟ་དབྱིན་འཇིའི་སྒང་ནས་བལྟ་ཡས་ཨེ་འདྲས་ཐབས་ཤེས་བཏང་གི་ཡོད། བྱས་ཙང་དེ་བྱེད་དུས་སྒང་ནས། དེ་དཀའ་ལས་གཅིག་རེད། དཀའ་ལས་གཉིས་པ་དེ་ག་རེ་རེད་ཟེར་ན།
  • འབྲོང་བུ
    ང་ཚོ་ཡི་ད་ལྟ་ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་དང་ཡང་ན་བོད་ཀྱི་ད་ལྟ་བོད་ཆོས་དང་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དེ་གཉིས་ཕར་ཚུར་བསྡུར་དུས་སྒང་ལ་ཡང་དཀའ་ལས་འཕྲད་ཡོང་གི་ཡོའོ་རེད།
  • འབྲོང་བུ
    དཀའ་ལས་ག་རེ་འཕྲད་ཀྱི་ཡའོ་རེད་ཟེར་ན། ད་ལྟ་བོད་ཀྱི་ད་ལྟ་མི་མང་པོ་ཅིག་གི་ག་རེ་བསམ་གྱི་ཡོའོ་རེད་ཟེར་ན། ནང་པ་སངས་རྒྱས་ཀྱི་བསམ་བློ་དེ་རྦད་དེ་ད་འཛམ་གླིང་གི་ཆེས་མཐོ་ཤོས་ཅིག་བསམ་གྱི་ཡོའོ་རེད།
  • འབྲོང་བུ
    རིག་པའི་ནང་ནས་ཆེས་མཐོ་ཤོས་ཅིག། བྱས་ཙང་དེ་བྱེད་དུས་སྒང་ནས། ང་ལ་མིས་ཐོག་མ་ཐོག་མ་དེ་མིའི་ནང་ནས་ཨེ་འདྲས་ལབ་ཀྱི་འདུག་ག་རེ་རེད་ཟེར་ན། ཁྱེད་རང་གི་ད་ལྟ་ནང་པ་སངས་རྒྱས་ཀྱི་བསམ་བློ་དེ་ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་ཡི་བསམ་བློ་དེ་དང་བསྡུར་པ་ཡིན་ན། ཨ་ནི་འགྲིག་གི་མ་རེད་ཟེར་གྱི་འདུག
  • འབྲོང་བུ
    དེ་ག་རེ་རེད་ཟེར་ན། ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་ཡི་བསམ་བློ་དེ་ཆུ་ཚད་དམའ་པོ་ཅིག་རེད་ཟེར། དེ་ད་ལྟ་ནང་པ་སངས་རྒྱས་ཀྱི་བསམ་བློ་ཡི་ཆུ་ཚད་དེ་མཐོ་པོ་ཞེ་དྲག་རེད་ཟེར་གྱི་འདུག ཡིན་ན་ཡང་ངས་ཨེ་འདྲས་བསམ་གྱི་མི་འདུག དེ་ག་རེ་རེད་ཟེར་ན།
  • འབྲོང་བུ
    རིག་གནས་ཟེར་ཡས་དེ་དང་བསམ་བློ་ཟེར་ཡས་དེ་ང་ཚོ་ས་ཆ་ཡི་དབང་དུ་བཏང་པ་ཡིན་ན། གཅིག་ནུབ་དེར་ཡོའོ་རེད།གཅིག་ཤར་དེར་ཡོའོ་རེད། ཡིན་ནའི་ཤར་གྱི་རིག་གནས་དེ་ཡའི་ག་རེ་ཟེར་ན་མ་འདང་བའི་སྐྱོན་ཡོའོ་རེད།
  • འབྲོང་བུ
    ནུབ་ཕྱོགས་ཀྱི་རིག་གནས་དེ་ཡའི་མ་འདང་བའི་སྐྱོན་ཡོང་གི་ཡོའོ་རེད། བྱས་ཙང་དཔེར་ན་ག་རེ་ཡོང་གི་འདུག་ཟེར་ན། ང་ཚོ་ཞིབ་འཇུག་བྱེད་པའི་སྒང་ལ་ནུབ་ཕྱོགས་ཀྱི་རིག་གནས་དེའི་སྒང་ལ་ག་རེ་རེད་ཟེར་ན།
  • འབྲོང་བུ
    གཙོ་བོ་ཆེ་བ་དེ་ད་ལྟ་ད་ལྟ་མི་ཡིན་པ་ཡིན་ན་དཔེར་ན། ད་ལྟ་མི་ཡི་གནད་དོན་ཐག་གཅོད་པ་ལ་ག་རེ་རེད་ཟེར་ན། མིས་སྤྱི་ཚོགས་ཀྱི་ནང་ལ་འགུལ་བསྐྱོད་གཙོ་བོ་དེ་བྱེད་ཀྱི་ཡོའོ་རེད་པ།
  • འབྲོང་བུ
    དཔེར་ན་ནང་པ་སངས་རྒྱས་ཀྱི་རིག་གནས་དེས་ག་རེ་རེད་ཟེར་ན། ཁོ་རང་གི་སྤྱི་ཚོགས་ཐོག་གི་སྤྱི་ཚོགས་ནང་གི་འགུལ་བསྐྱོད་དེ། ཁོ་རང་གིས་གཙོ་བོ་ཆེན་པོ་ཅིག་བྱེད་ཀྱི་ཡའོ་མ་རེད།
  • འབྲོང་བུ
    ཁོ་རང་ག་རེ་ཟེར་ན། སྤྱི་ཚོགས་ལས་ཁ་བྲལ། ཡང་ན་དེ་ལས་ད་ལྟ་སྤྱི་ཚོགས་ནང་ནས་ཁ་བྲལ། ཡང་ན་འཁོར་བ་ལ་སྐྱོ་བ་སྐྱེས། དེ་ལས་ཨ་ནི་རྦད་དེ་ད་ལྟ་ཁོ་རང་གི་རིན་ཐང་ཅིག་འཚལ་གྱི་ཡོའོ་རེད་པ།
  • འབྲོང་བུ
    བྱས་ཙང་ཨེ་འདྲས་ཀྱི་སྒང་ནས་བསྡུར་པ་ཡིན་ནའི་བྱས་ཙང་། དེའི་བར་དུ་ཁྱད་པར་ཅིག་ཡོང་གི་ཡོའོ་རེད་པ། ཁྱད་པར་དེ་ཡོང་དུས་ད་ག་རེ་རེད་ཟེར་ན། བོད་རིག་གི་ནང་ནས་ཨེ་འདྲས་བསམ་བློ་བཏང་གི་ཡོའོ་རེད།
  • འབྲོང་བུ
    ག་རེ་རེད་ཟེར་ན། ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་དང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་གཉིས་བསྡུར་པ་ཡིན་ན། ག་རེ་རེད་ཟེར་ན། ད་ལྟ་ཁྱད་བར་འདི་འདི་ཡོའོ་རེད་ཟེར།
  • འབྲོང་བུ
    དཔེར་ན་ག་རེ་རེད། ནུབ་ཕྱོགས་ཀྱི་ཤེས་རྟོག་རིག་པ་ཅིག་དང་། དཔེར་ན་ངས་བྷི་ལཱ་ཐུ་དང་ད་ལྟ་གྷི་རི་སིའི་བྷི་ལཱ་ཐུ་དང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་གཉིས་ཀྱི་ཁོ་རང་གཉིས་ཀྱི་གཞུང་གི་སྒང་ནས་ཕར་ཚུར་བསྡུར་དུས་སྒང་ནས། ང་ཚོ་བོད་རིག་གི་ནང་ལ་ཨེ་འདྲས་བཤད་མཁན་འདུག
  • འབྲོང་བུ
    ཡིན་ན་ཡང་དེ་ངས་ཁག་ཡོད་ཀྱི་མ་རེད་བསམ་གྱི་འདུག ཁོ་རང་ཚོ་ཡིས་ཞེ་དྲག་དེ་ཧ་གོ་གི་ཡོའོ་མ་རེད་པ། ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་དེ་ཡང་སྙིང་གང་འདྲས་ཅིག་ལ་ཐུག་བསྡད་ཡོད་མེད་དང་། ནང་པ་སངས་རྒྱས་ཀྱི་ད་ལྟ་བསམ་བློ་དེ་ཡང་སྙིང་ག་རེ་བཤད་ཀྱི་ཡོད་མེད། དེའི་སྒང་ལ་ཁོ་རང་ཚོས་བསམ་བློ་བཏང་ཐུབ་ཀྱི་ཡོའོ་མ་རེད། དེ་ཁག་ཡོའོ་མ་རེད། ཡིན་ན་ཡང་ག་རེད་ཟེར་ན།
  • འབྲོང་བུ
    ག་ལེར་ག་ལེར་ག་ལེར་ད་ལྟ་འདི་ལོ་བཅུ་ལྷག་ཙམ་གྱི་རིང་ལ། ང་ཚོ་ཡིས་ངས་ཆ་མཚོན་པ་ན། ཤེས་རྟོག་རིག་པ་ཡི་ལས་ཀ་དེ་བྱེད་དུས་སྒང་ལ་ཡང་སྙིང་ག་རེ་བྱེད་ཀྱི་འདུག་ཟེར་ན།
  • འབྲོང་བུ
    ཡང་སྙིང་བོད་ཀྱི་ག་རེ་རེད་ཟེར་ན། ཨོའོ་དངོས་གནས་ད་ལྟ་ཡིན་ན། ང་ཚོའི་རིག་གནས་དེ་ཡའི་མ་འདང་པ་ཅིག་ཡོད་པ་དེ་ཧ་གོ་གི་ཡོའོ་རེད། ཧ་གོ་གི་ཡོའོ་རེད། བྱས་ཙང་དེ་བྱེད་དུས་སྒང་ནས་ག་རེ་རེད་ཟེར་ན། ང་དང་ཐོག་མར་གྱི་བསམ་བློ་དེ་ནི་ད་ལྟ་ཡི་བསམ་བློ་དེ་གཉིས་ཀྱི་བར་རུ་དེར་ཡང་ང་རང་སོ་སོ་ལ་ཆ་མཚོན་པ་ཡིན་ན། འགྱུར་བ་དེ་འདྲས་བྱུང་བསྡད་ཡོད་པ།
  • འབྲོང་བུ
    གཅིག་ག་རེད་ཟེར་ན། དང་ཐོག་ངས་ཐོག་མ་ཐོག་མ་ལས་ཀ་དེ་བྱེད་དུས་སྒང་ནས། ཨོའོ་ད་དེ་གཡུགས་བཞག་ན་དགའ་མིན་འགྲོ། འདི་ད་སོ་སོ་ཡིས་མ་ཤེས་པ་བྱས། ཨ་ནི་ཡང་མི་རིགས་ཀྱི་རིག་གནས་དེ་ཡའི་ནང་ནས་ཡང་དེ་ག་རེ་ཟེར་དགོས་རེད། དང་ལེན་བྱེད་མི་ཐུབ་མཁན་ཅིག་ཆགས་པ་བསམ། ཨེ་འདྲས་བྱེད་ཀྱི་ཡོའོ་རེད་ད། ད་ལྟ་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན། མི་མང་ཆེ་བ་ཅིག་གིས་ད་ལྟ་དེའི་སྒང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོའོ་རེད།
  • འབྲོང་བུ
    ལྷག་པར་དུ་ག་རེ་ཧ་གོ་གི་རེད་ཟེར་ན། ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གཅིག་ལོ་ངའི་དེབ་དང་པོ་དེ་སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་ཟེར་ཡས་དེ་དཔེ་སྐྲུན་བྱེད་དུས་སྒང་ལ་ག་རེ་རེད་ཟེར་ན། དེབ་དེ་དཔེ་སྐྲུན་བྱེད་ཡས་སྟོང་ཕྲག་གསུམ་དཔར་བརྒྱབ་པ་རེད། 
  • འབྲོང་བུ
    ད་བྱེད་དུས་སྒང་ནས་རྦད་དེ་དཔེ་ཆ་སྒང་ག་ཚར་པ་རེད་ལོ་གཅིག་གི་ནང་ལ་ཚར་པ་རེད། ཡོའོ་མ་རེད། དེ་བོད་ཀྱི་ད་ལྟ་བོད་ཡིག་སྒང་ནས་བྲིས་འགྱོག་གི་ད་ལྟ་དེབ་ཀྱི་སྒང་ལ་ཆ་མཚོན་ན་ཁག་པོ་རེད། སྟོང་ཕྲག་གསུམ་དཔར་བརྒྱབ་པ་ཡིན་ན་ལམ་སང་ཚར་གྱི་མ་རེད།
  • འབྲོང་བུ
    བྱས་ཙང་ངས་དེབ་དེའི་སྒང་ནས་ཨ་ནི་ང་ད་རེས་ཧང་སངས་སོང་། དངོས་གནས་དེ་ང་ཚོ་བོད་ཡིག་གི་སྒང་ལ་བོད་རིག་གིས་ད་ལྟ་རིག་གནས་གསར་པ་ཅིག་རྦད་དེ་དང་ལེན་བྱས། རིག་གནས་གསར་པ་ཅིག་ལ་དེ་དགའ་ཡི་ཡོའོ་རེད་པཱ། ཁོང་དགའ་ཡི་ཡོད་པ་དགའ་སྨོན་བྱེད་ཀྱི་ཡོད་པ་དེ་མཚོན་གྱི་ཡོའོ་རེད་པ།
  • འབྲོང་བུ
    དེ་མིན་ན་ག་རེ་རེད་ཟེར་ན། དཔེར་ན་ང་ཚོའི་འདི་ནས་སྒྲུང་རྩོམ་ལ་ཆ་མཚོན་པ་ཡིན་ན་སྒྲུང་རྩོམ་འབྲི་མཁན་མང་པོ་ཡོའོ་རེད། སྒྲུང་རྩོམ་ལ་ཆ་མཚོན་ན་ག་རེ་རེད་ཟེར་ན། དེ་དེབ་བཏོན་ན་ལས་ལས་སླ་པོ་རེད། ཁོ་རང་ཀློག་པ་པོ་མང་པོ་ཡོའོ་རེད། 
  • འབྲོང་བུ
    ཡིན་ན་ཡང་ངའི་ཤེར་་རྟོག་རིག་པ་ཟེར་ཡས་དེ་ལ་ཆ་མཚོན་པ་ཡིན་ན་ཁོ་རང་བསམ་བློ་དུམ་བུ་གཅིག་བཤད་ཀྱི་ཡོད་དུས་སྒང་ན། ཀློག་པ་པོ་ཉུང་ཉུང་རེད། ང་ཐོག་མ་བསམ་བློ་དེ། དེ་སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་དེ་དཔེ་སྐྲུན་བྱེད་དུས་སྒང་ལ་ག་རེ་རེད་ཟེར་ན།
  • འབྲོང་བུ
    སྟོང་ཕྲག་གསུམ་དཔར་རྒྱག་དུས་སྒང་ལ་ལམ་སང་བིན་པ་༼བྲིན་པ་༽རེད་པ། དེའི་སྒང་ནས་ང་ཧངས་སངས་ཀྱི་འདུག དེ་ག་རེ་རེད་ཟེར་ན། ད་ལྟ་ང་ཚོ་ཡི་མི་རིགས་ཀྱི་ད་ལྟ་བློ་ཆུང་ཆུང་། ལྷག་པར་དུ་བློ་ཆུང་ཆུང་སྒང་ནས་ག་རེ་རེད་ཟེར་ན།
  • འབྲོང་བུ
    སོ་སོ་ཡི་རིག་གནས་གཅིག་པོའི་སྒང་ནས་ཡིད་ཚིམས་པའི་བསམ་བློ་མཚོན་པ། ཨོའོ་ད་ཏག་ཏག་རེད་བསམ་གྱི་ཡོའོ་མ་རེད། བྱས་ཙང་རིག་གནས་གསར་པ་ཡང་གཞ་ནདག་ཅིག་དང་ལེན་བྱས། རིག་གནས་གསར་པ་དེ་གྱད་སོ་སོ་ཡི་རིག་གནས་དང་མཉམ་པོར་ཨ་ནི་ག་རེ་ཟེར་ན། འཕེལ་རྒྱས་འགྲོ་ཡས་དེའི་སྒང་ལ་བསམ་བློ་ཤུགས་ཆེ་རུ་འགྲོ་གི་ཡོའོ་རེད་པ།
  • འབྲོང་བུ
    བྱས་ཙང་དེ་བྱེད་དུས་སྒང་ནས་ཨ་ནི་ད་ལྟ་དེ་ག་རེ་ཟེར་དགོས་རེད། ང་རའི་ལས་ཀ་དེ་མགོ་བཙུགས་པ་ནས། ད་ལྟ་བར་དུ་འགྱུར་བ་ཡང་ཡོའོ་རེད་ལ། ཡང་དེའི་ནང་ལ་དཀའ་ལས་བྱུང་པ་རེད། བྱུང་པ་དེ་ག་རེ་རེད། ད་ལྟ་བསམ་བློ་བཏང་དུས་སྒང་ནས་ཨ་ནི་ལས་ཀ་དེ་བྱེད་ཡས་དེ་ཡག་པོ་བྱུང་བཞག་བསམ་གྱི་འདུག
  • འབྲོང་བུ
    གལ་སྲིད་མ་བྱས་པ་ཡིན་ན། ངས་ལོ་བཅུའི་གོང་ནས་ད་ལྟ་ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་ཟེར་ཡས་དེ་ཐ་སྙད་དེ་ཡང་མ་ཤེས་པ་བྱས། ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་སྐོར་དེ་ཡང་ལག་ལེན་མེད་པ་ཡིན་ན།
  • འབྲོང་བུ
    ད་ད་ལྟ་ཡང་ལོ་བཅུ་འགྲོ་དགོས་རེད་པ། བྱས་ཙང་དེ་བྱེད་དུས་སྒང་ནས་རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་གྱི་སྤྱི་ཚོགས་དེའི་ནང་ཆ་མཚོན་པ་ཡིན་ན། ཏག་ཏག་བསྡད་ཀྱི་མི་འདུག ང་ཚོ་ག་རེ་རེད་ཟེར་ན།
  • འབྲོང་བུ
    ངེས་པར་དུ་རིག་གནས་གསར་པ་ཅིག་ལ། བསམ་བློ་གསར་པ་ཅིག་དང་ལེན་བྱས། ང་ཚོའི་སྤྱི་ཚོགས་དེ་འཕེལ་རྒྱས་འགྲོ་ཡས་དེ། ང་ཚོའི་ད་ལྟ་མི་རབས་འདི་དང་འདིར་རགས་ལས་ཡོའོ་རེད་པ། བྱས་ཙང་དེ་བྱེད་དུས་ང་ཚོས་ཡིན་གཅིག་མིན་གཅིག་དེ་ག་རེ་རེད་དང་ལེན་བྱེད་ཀྱི་ཡོའོ་རེད།
  • འབྲོང་བུ
    དེ་བྱས་ཙང་ད་ལྟ་ང་ཚོ་བོད་རིགས་མང་ཆེ་བ་ཅིག་གིས་ཧ་གོ་གི་ཡོའོ་རེད། བྱས་ཙང་དེ་བྱེད་དུས་སྒང་ནས་ངས་ཤེས་རྟོག་རིག་པའི་ལས་ཀ་དེ་དཀའ་ལས་བྱུང་པ་རེད་ད། དཀའ་ལས་བྱུང་པ་དེ་ཡང་རིན་ཐང་ཏིག་ཙ་འདུག་བསམ་གྱི་འདུག