Video Overview
This song was originally sung by Chokza Drölma to express her feelings to the head of the village.
- ཕྱི་རྫ་ར་ཡག་གི་ནང་ལ།།
- ནང་དེ་འདྲ་མར་གཏོར་བཤམ་ནོ།།
- སྤྲིན་དཀར་པོའི་སྤོས་དམར་བསྒྲོན་ནོ།།
- དཔེ་མ་བཞག་ཡིད་ལ་མ་ཡོང་།།
- དཔེ་བཞག་ན་མཆོད་པའི་ལྷ་རེད།།
- རྟ་རྒོད་མའི་ཕོ་བྲང་ནང་ལ།།
- བྱ་རྣ་འཛིན་ཁ་བ་གྲོ་སྐྱ།།
- འགྲོས་གོམ་པའི་བང་ཆུང་བསིལ་ལྡན།།
- རླུང་སྤུ་གྲིའི་རྟ་ནག་སྟན་དཀར།།
- རྟ་དེ་ཡི་གོང་ལ་བུད་ནས།།
- རྫ་ཁྲ་ཁྲའི་ཁ་ལ་བརྒྱུད་ནས།
- སྡེ་གོར་གོར་གྲོང་ལ་ཐོན་དུས།།
- མོ་བསམ་པའི་བུ་ལོ་དགའ་གི།།
- མོ་ལོས་དགའ་ཆུང་དུས་རོགས་རེད།།
- མ་ལོས་དགའ་ལུས་ཀྱི་བུ་རེད།།
- སྡེ་ལོས་དགའ་འགོ་ཐོག་དཔོན་རེད།།
- རོགས་ལོ་ལོའི་ཞེ་ལ་དེ་ཞོག།