11 Jan 2016
2 min 39 sec
Video Overview
Creators:
Tibetan & Himalayan Library
This is a video of Kelsang Kyi from Nyinshuk Township in Chentsa singing a song called "Drink Wine While You Yet Live." This song is part of a collection of folk songs from the Rebgong cultural area.
Kelsang Kyi sings a song called "Drink Wine While You Yet Live"
འདི་ནི་ཚེ་འདི་ཕྱི་གཉིས་ཀྱི་ཁྱད་པར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཚེ་འདི་ནས་ཆང་འཐུང་བ་དང་གླུ་བླངས་ན་སྣང་བ་ཧ་ཅང་སྐྱིད་པ་དང་ཚེ་ཕྱི་མ་ལས་ཀྱི་རྣམ་པར་སྨིན་པ་མྱོང་ས་ཡིན་པས་དེ་འདྲའི་ལས་བྱེད་སྲོལ་མེད་པ་བརྗོད་པའི་གླུ་ཞིག་ཡིན།
- ༼ཨོ་ཡེ་་་ཞང་ཡ་རེ་བུ་ལོ་ཡ་རེ་ད་ཡ་རེ་བུ་ལོ་ལེན༽
- ཆང་འཐུང་ན༼བུ་ལོ༽འཇིག་རྟེན་འདི་ནས༼བུ་ལོ༽འཐུང་།།
- ཚེ་ཕྱི་མའི༼བུ་ལོ༽ཡུལ་ན་ཆང་འཐུང༼བུ་ལོ༽མེད།།
- མི་མཐེབ་མོ༼བུ་ལོ༽ཙམ་ཞིག་མེད་ས༼བུ་ལོ༽ན།།
- ཆང་འཐུང་ནས༼བུ་ལོ༽འགྲོ་ས་གང་ན༼བུ་ལོ༽ཡོད།།
- ༼ཨོ་ཡེ་་་ཞང་ཡ་རེ་བུ་ལོ་ཡ་རེ་ད་ཡ་རེ་བུ་ལོ་ལེན༽
- གླུ་ལེན་ན༼བུ་ལོ༽འཇིག་རྟེན་འདི་ནས༼བུ་ལོ༽ལོངས།།
- ཚེ་ཕྱི་མའི༼བུ་ལོ༽ཡུལ་ན་གླུ་ལེན༼བུ་ལོ༽མེད།།
- ལུས་བར་དོ༼བུ་ལོ༽མྱུལ་ནས་འགྲོ་དུས༼བུ་ལོ༽སུ།།
- གླུ་ལངས་ནས༼བུ་ལོ༽འགྲོ་ས་གང་ན༼བུ་ལོ༽ཡོད།།
- གླུ་ཤེས་ནི༼བུ་ལོ༽མིན་ར་དགའ་ནི༼བུ་ལོ༽ཡིན།།