Skip to main content Skip to search
15 Feb 2017
1 min 37 sec
Video Overview
Creators: 
Dawa Tshering, Thinley Dorji

In this video, eighty-year-old Ap Tshering talks about the famous ruins in Jaguthang. The ruins, which are known as Panthang, are the remains of the winter residence of the Lord of Lingzhi, a local leader from Lingzhi whose power would be equivalent to today’s leader of the country. In the seventeenth century during the reign of Zhabdrung Ngawang Namgyal (1594-1651), Tibetan invaders captured and damaged that fortress and the people who lived there fled to Manila, in the north of Sikkim. Later, the area was renamed by new settlers “Jaguthang,” which means “ruins on a plain.”

 

གྱང་ཁོག་ཐང་གིགཡུས་ཚན་ལྔའི་ནང་ སྔོན་གྱི་ལོ་རྒྱུས་ སྤྲོ་ོ་ཆེ་ཏོག་ཏོ་སྦེ་ཡོདཔ་ད་ གཡུས་འདི་ནང་ལས་ ཨཔ་ཚེ་རིང་གིས་ ད་རེས་ནངས་པ་ གྱང་གོག་ཐང་ལུ་ཡོད་པའི་ གྱང་ཁོག་གི་སྐོར་ལས་ སླབ་ཨིན་པས། ཏེ་ཧེ་འབད་བ་ཅིན་ ས་གནས་འདི་ལུ་ སྤང་ཐང་ཟེར་ སླབ་དོ་ཡོདཔ་ད་ གནམ་དགུང་གི་དུས་སུ་ གླིང་གཞིའི་དཔོན་བཞུགས་ས་དང་ དུས་རབས་ ༡༦ པ་དང་ ༡༧ གི་བར་ན་ ཞབས་དྲུང་རིང་པོའི་དུས་སྐབས་སུ་ བོདཔ་བཙན་འཛུལ་བ་ཚུ་གིས་ ས་གནས་འདི་བདག་དབང་འབད་དེ་ རྫོང་མེདཔ་བཏང་ཡོདཔ་མ་ཚད་ འདི་ཁར་སྡོད་མི་ཚུ་ཡང་ རྒྱ་གར་སི་ཀིམ་གྱི་ ནུབ་ཕྱོགས་ཁ་ཐུག་ལུ་བཏང་ནུག། ཨིན་རུང་ དེའི་ཤུལ་ལས་ར་ རྫོང་ཤུལ་ལུས་མི་འདི་ནང་ གཞི་གསརཔ་བཅགས་མི་ཚུ་གིས་ ཐང་ནང་གྱང་ཤུལ་ལུས་མི་ལས་རྟ་དྲགས་ཏེ་ གྱང་ཁོག་ཐང་ཟེར་ མིང་གསརཔ་བཏགས་བཏགསཔ་ཨིན་པས།  ཧེ་མ་ཁོང་ལུ་ དཀའ་སྡུག་ག་དེ་སྦེ་ར་བྱུང་ཡི་ག་དང་ ལམ་སྲོལ་ག་ཅི་བཟུམ་ར་ ལག་ལན་འཐབ་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ ཤེས་ཚུགས་ནི་གི་དོན་ལུ་ འདི་བཟུམ་གྱི་ལོ་རྒྱུས་ བཤདཔ་ཨིནམ་མ་ཚད་ འདི་བཟུམ་གྱི་ལོ་རྒྱུས་བཤད་མི་དང་ སྲུང་འདི་ཚུ་ལས་བརྟེན་ ང་བཅས་རའི་ལམ་སྲོལ་བཟང་པོ་འདི་ བདག་འཛིན་འཐབ་ཚུགས་ནི་གི་ཕན་ཐོགས་ཡོད། 

 

Transcript search
No results found for this search
0 of 0
  • རྒྱལ་པོ Gyelpo
    ད་ ཕྱུར་གོ་གི་སྐོར་ལས་ཞུ་བ་ཅིན་ལགས། ཕྱུར་གོ་འདི་ འ་ནཱི་སྦེ་ཨིན་ལགས། ཨ་ནཱི་དེ་བསྒང་ ད་རེས་ནངས་པར་འབད་ཚེ་ དཀརཔོ་འདི་ར་བཟོ་སྟེ་ཨིན་མས། དེ་བསྒང་འབད་ཚེ་ དཀརཔོ་བཟོ་ནི་མེད་ལགས། ཏེག་པ་ཏེག༌པ་འབད་ འ་ནཱི་སེརཔོ་སྦེ་བཟོ། ནཱི༌བྱཱར་འ༌ནཱི་བཟོ། དགུན་སོངམ་ད་སྤ་རོ་ལས་མར་འབག ལ་ལུ་ཆུམ་དང་སོར། ལ་ལུ་ཕྱེ་དང་སོར། ཏེ་རྒྱགས་སྐལ་ ཨ་ནཱི་སྦེ་བཟོཝ་མས་ལགས།
  • རྒྱལ་པོ Gyelpo
    ད་ ད་རེས་ནངས་པ་ལུ་ རོགས་འ་ནཱི་དཀརཔོ་འདི་བཙོ་ ཤལ་འགྱུར། རོགས་ནཱི་ནཱི་ར་ ཉོ་མི་ཚུ་ལུ་བཙོང་། ཏེ་རྒྱགས་སྐལ་ སྟབས་བདེ་ཏོག་ཏོག་འདི་ གཅིག་འ་ནཱི་གིས་ར་བཟོཝ་མས་ལགས། ཉིནམ་གཅིག་དང་གཉིས་ཀྱི་ནང་སྐོར་ལུ་ ཏེ་རང་རྟ་བཅུ་ཐམ་བཅུ་གཅིག་ཁུར་ཆ་སོར་དགོ་རུང་ཡང་ ཏེ་ཉིནམ་གཅིག་དང་ གཉིས་ཀྱི་ནང་སྐོར་ལུ་ བཟོ་ཚུགས་པས།
  • རྒྱལ་པོ Gyelpo
    དེ་བསྒང་འབད་ཚེ་ ཧེ་མ་ ད་རེས་བརྡུང་མ་ཚུགས་ལོ། ནངས་པར་མི་མེད་ལོ། གནངས་ཚེས་རོགས་ཀྱི་ལཱ་སར་ཨིན་ལོ་ཟེར་ ང་བཅས་ ཧེ་མ་ཕར་བཙོང་མ་ཚུགས་ དེ་ལས་ ཚུར་རིན་མ་ཐོབ་སྦེ་ འ་ནཱི་སྦེ་སྡོད་དགོ་ལགས་ཏེ།། །།