Skip to main content Skip to search
16 Feb 2017
1 min 42 sec
Video Overview
Creators: 
Dawa Tshering

ཤར་ཕྱོགས་ལུང་གཤོང་གི་ འབྲུག་མི་ཚུ་གིས་ ཁོང་རའི་ གཟུགས་དྲོ་ཏོག་ཏོ་དང་ བདག་འཛིན་འཐབ་ཐབས་ནིའི་དོན་ལུ་ ཁོང་རའི་ གོ་ལ་འདི་ ཟྭོ་ཆག་གི་ཐོན་སྐྱེད་ལས་སྦེ་ བཟོ་དོ་ཡོདཔ་ད་ ལྷོ་ཕྱོགས་ཁ་ཐུག་གི་ མི་སེར་ཚུ་གིས་ སེམས་ཅན་གྱི་པ་ཀོ་གི་སྦེ་ བཟོ་དོ་ཡོདཔ་ཨིན་པས། གསར་སྤང་རྫོང་ཁག་ རི་ཏི་གཡུས་ཚན་ལས་ རྟ་མགྲིན་གྱིས་ ཁོ་རའི་ཕ་མེས་ཚུའི་སྐབས་ལས་ དར་ཁྱབ་བྱུང་ཡོད་པའི་ མོན་གྱི་ལུགས་སྲོལ་གྱི་སྐོར་ལས་ བཤདཔ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ དང་ཕུགས་་ཁོང་གི་གྱོན་ཆས་འདི་ ཟྭོ་ཆག་གི་སྦེ་བཟོཝ་ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་མགྱོགས་དྲགས་སྦེ་སོང་མི་ལུ་བརྟེན་ ག་ཅི་ར་འབད་རུང་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབདཝ་ཨིན་པས། ད་རེས་ནངས་པའི་ གྱོན་ཆས་འདི་ཚུ་ བྱ་སྟབས་བདེ་ཏོག་ཏོ་ཡོད་རུང་ འབྲུག་རྒྱལ་ཁབ་ནང་ བཟོ་སྲོལ་ཡོད་པའི་ གྱོན་ཆས་ཚུ་ ང་བཅས་རའི་ ལམ་སྲོལ་ལས་ ཡལ་འགྱོཝ་ཨིན་པས། 

In this video, Tandin explains the customs of the Mon community during his forefathers’ time. He says, for instance, that in the past people from the southern region of Bhutan mostly made their own clothes using the nettle plant; whereas people in the northern regions tended to use animal products to make their clothes. Due to recent developments in his own community, everything is now imported from India. Even though Tandin concedes the modern dresses are more comfortable to wear, he fears that importing theses dresses will lead to the disappearance of traditionally-made Bhutanese dresses.

Transcript search
No results found for this search
0 of 0
  • རྟ་མགྲིན།
    ང་བཅས་ཀྱི་ཏེ་ ཏེ་གྱོན་ཆ་ཟེར་ འགོ་མ་བཙུགས་པའི་ཧེ་མ་འབད་བ་ཅིན་ ག་དེ་ཅིག་ ཏེ་མར་ རོགས་རྒྱ་གར་གཞུང་ལས་ ང་བཅས་ར་གི་མ་ཐོན་པས།
  • རྟ་མགྲིན།
    དེ་བསྒང་ལུ་འདི་ ང་བཅས་ར་[གནམ་མཁའི་?]ཟེརཝ་མི་མེད་བ་ལགས། བལ་གྱི་ འ་ནཱི་སོན་བཏབ་ འ་ནཱི་འཁལ་ཞིནམ་ད་ གྱོན།
  • རྟ་མགྲིན།
    དེ་ལས་ ང་བཅས་ར་ [སྐུད་ཆས་ཚུ་?]འ་ནཱི་ཟྭོ་ཆ་བཙོ་ འ་ནཱི་གི་ཟྭོ་ཆ་འདི་བཙོ་ འཁལ་ འ་ནཱི་ཚུ་འཐག་སྟེ་གིས་ འ་ནཱི་སྦེ་གྱོན་སྡོད་ནུག་ཏེ་ ཧེ་མ་གི་ ང་བཅས་ཀྱི་ ཕ་མའི་ཕམ་ཚུ་འདི།
  • རྟ་མགྲིན།
    ད་ལྟོ་འབདན་ ང་བཅས་ར་གི་མར་ ང་བཅས་ར་འབྲུག་མངའ་བདག་རྒྱལ་པོའི་སྐུ་དྲིན་ལས་བརྟེན་ མར་ལས་རྒྱ་གར་གཞུང་དང་མཐུན་ལམ་བཟོ་ ཏེ་ཁ་ཤ་ [ལྷམ་འབད་མི་?] ང་བཅས་ཀྱིས་ཤེས་ དེ་བསྒང་འདི་ ང་བཅས་ཀྱིས་ལྷོད་ཅི་ ང་བཅས་ཀྱིས་ཤེས་པའི་བསྒང་ [ཇཱན་དོབ་ཀྱི་?] ཧ་ཏི་ཇིན་ཟེར་སླབ་མས་སྦོ་ འ་ནཱི་ང་བཅས་ར།
  • རྟ་མགྲིན།
    འ་ནཱི་ཇིན་དང་འ་ནཱི་འདི་ཚུ་ལྷོད་ འ་ནཱི་འདི་ཚུ་གྱོན་སྡོད་ཅི་ལགས། ཧེ་མ་འདི་ ཕམ་འདི་ཚུ་འདི་ ཡོད་རང་མིན་འདུག་ལགས་འདི་ཡང།
  • རྟ་མགྲིན།
    ཧེ་མ་འདི་ ག་ནི་ཡང་མེད་ལགས་གྱོན་ཆ་ཟེར། གོ་ལ་ ཏེ་འ་ནཱི་ཡང་ ཏེ་སྐུད་ཆས་འདི་ཚུ་ ག་ཅི་ར་ཟྭོ་ཆ་བཙོ་ཞིནམ་ད་ འ་ནཱི་ཟྭོ་ཆ་གི་འཁལ་ འདི་ཚུ་འཐག་སྟེ་གིས་སྦེ་ གྱོན་སྡོད་ནུག་ལགས།
  • རྟ་མགྲིན།
    ཧེ་མ་འབད་བ་ཅིན་ ད་རེས་འདི་འདི་ ཏེ་ད་ གནམ་མེད་ས་མེད་ ཏེ་འགྱོཝ་མས་ལགས་འཇིགས་སྐྲག རྒྱ་གར་གཞུང་གི་བཀའ་དྲིན་གྱིས།། །།