Skip to main content Skip to search
25 Jun 2015
9 min 26 sec
Rating
0
No votes yet
Video Overview
Creators: 
Rinzin Dema, Tshering Bidha

གཞུང་སྒྲ་ སྒྲ་སྙན་མི་ཆགས་སྒྲ་སྙན་ཆགས་གླུ་གར་ཁྲ་མོ་ལ། ཟེ་བའི་གླུ་གཞས་འདི་ སྤ་རོ་ཆ་འོག་ ཧཱུྃ་རལ་ལུ་ རྟ་མགྲིན་སྒྲོལ་མ་གིས་འབད་འཐེནམ་ཨིན་པས། སྲིད་གསུམ་གྱི་དབང་པོ་ སྟེང་ཕྱོགས་ལྷ་ཡི་དབང་པོ་ བར་ཕྱོགས་བཙན་ འོག་ཕྱོགས་ཀླུ་ཡི་གཙུག་ན་རིན་ཆེན་ཚུ་ལུ་ སྒྲ་སྙན་གླུ་ཡི་མཆོད་པ་ཕུལ་སྟེ་ གནས་སྐབས་ཀྱི་སྐྱབས་མགོན་དུ་བསྟེན་ཞིན་ན་ རྒྱབ་དཔུང་ཞུ་དོ་ཡོདཔ་མས།

 

Show More

  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་མི་ཆགས་ སྒྲ་སྙན་ལ་ཆགས་ གླུ་སྒར་ཁྲ་མོ་ལགས། །
    A guitar lands on the dancing land
  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་སྟེང་ཕྱོགས་ ལྷ་ལུ་ཅིག་ཆགས་ གླུ་སྒར་ཁྲ་མོ་ལགས། །
    The guitar lands on the upper realm of God on the dancing land
  • རྟ་མགྲིན་སྒྲོལ་མ་
    ལྷ་ཡི་དབང་མོ་༼པོ༽རྒྱལ་མཚན་ སྒྲ་སྙན་མཆོད་པར་བཞེས་ གླུ་སྒར་ཁྲ་མོ་ལགས། །
    The God Wangpo Gyeltshen accept the offering of guitar on the dancing land
  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་མི་ཆགས་ སྒྲ་སྙན་ལ་ཆགས་ གླུ་སྒར་ཁྲ་མོ་ལགས། །
    A guitar lands on the dancing land
  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་བར་ཕྱོགས་ བཙན་ལུ་ཅིག་ཆགས་ གླུ་སྒར་ཁྲ་མོ་ལགས། །
    The guitar lands on middle realm of Deities on the dancing land
  • རྟ་མགྲིན་སྒྲོལ་མ་
    བཙན་གྱི་གཡའ་མེད་རྒྱལ་མཚན་ སྒྲ་སྙན་མཆོད་པར་བཞེས་ གླུ་སྒར་ཁྲ་མོ་ལགས། །
    The Deity Yamay Gyeltshen accept the offering of guitar on the dancing land
  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་མི་ཆགས་ སྒྲ་སྙན་ལ་ཆགས་ གླུ་སྒར་ཁྲ་མོ་ལགས།
    A guitar lands on the dancing land
  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་འོག་ཕྱོགས་ ཀླུ་ལ་ཅིག་ཆགས་ གླུ་སྒར་ཁྲ་མོ་ལགས། །
    The guitar lands on lower realm of Serpents on the dancing land
  • རྟ་མགྲིན་སྒྲོལ་མ་
    ཀླུ་ཡི་གཙུག་ན་རིན་ཆེན་ སྒྲ་སྙན་མཆོད་པར་བཞེས་ གླུ་སྒར་ཁྲ་མོ་ལགས། །
    The Serpent Tsuna Rinchen accept the offering of guitar on the dancing land
  • རྟ་མགྲིན་སྒྲོལ་མ་
    གཡས་རི་ལོག་ལས་ རྩྭ་ཅིག་ལ་བཟའ་ གླུ་སྒར་ཁྲ་མོ་ལགས། །
    From the right side of the mountain, grasses are eaten on the dancing land
  • རྟ་མགྲིན་སྒྲོལ་མ་
    གཡོན་རི་ལོག་ལས་ ཆུ་གཅིག་ལ་འཐུང་ གླུ་སྒར་ཁྲ་མོ་ལགས། །
    From the left side of the mountain, water is drank on the dancing land
  • རྟ་མགྲིན་སྒྲོལ་མ་
    སེར་ཤོས་སྤང་ལུ་ སྐུ་ངལ་ལ་གནང་ གླུ་སྒར་ཁྲ་མོ་ལགས། །
    On the golden land, body takes rest on the dancing land
  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་ང་རང་ དགའ་ཉམས་ལ་ཡོད་ གླུ་སྒར་ཁྲ་མོ་ལགས། །
    There is happiness within the guitar myself on the dancing land
  • རྟ་མགྲིན་སྒྲོལ་མ་
    སྒྲ་སྙན་ང་རང་ སྐྱིད་ཉམས་ལ་ཡོད་ གླུ་སྒར་ཁྲ་མོ་ལགས། །
    There is peace within the guitar myself on the dancing land
  • རྟ་མགྲིན་སྒྲོལ་མ་
    ལགས་སོ་ལགས་འ་ནཱེམ་ཅིག་རང་ཨིན་ལགས། །
    Humbly ok, that’s all.