Skip to main content Skip to search
15 Dec 2011
15 min 15 sec
Rating
0
No votes yet
Video Overview
Creators: 
Unknown

An interview with a monk at Drakmar Keru Monastery.

Show More

  • སྐུ་ཞབས་ལགས
    ལགས་སོ། ང་ནི་ལྷོ་ཁ་སྣེ་གདོང་རྫོང་འོན་ཀེའུ་པ་ཤང་གི་ཀེའུ་པ་ཙུའུ་༼ཙུའུ་ཞེས་ནི་རྒྱ་སྐད་ཀྱི་སྒྲ་ཡིན། དོན་ནི་ཚོགས་པའམ་རུ་ཁག་༽ནས་ཡིན། ལོ་གསུམ་བཅུ་སོ་གསུམ་ལ་སླེབས་ཀྱིས། སྔར་གཤམ་མ་གའི་དགོན་པ་བཀྲ་ཤིས་མདོ་མཁར་ཟེར་ཡས། དེ་ལ་སློབ་གཉེར་བྱས་བྱས་བསྡད་པ་ཡིན། དེ་ནི་དེའི་རྗེས་ལ་ཀེའུ་རུ་ལྷ་ཁང་དེ་གྲྭ་པ་གཉིས་ལས་མེད་པ་བྱས། ཨ་ནི་མ་ནས་ཡར་ཚབ་ལ་ང་གཉིས་མ་ནས། ང་དང་རོགས་པ་གཅིག་གཏང་བྱུང་། འདིར་ཨ་ནི་དེའི་རྗེས་ལ་ཡ་ངས་དགོན་པ་འདིའི་ཀྲུའུ་རེན་གྱི་ཚབ་བྱས་བྱས་ད་ལྟ་བར་དུ་ལས་ཀ་དེ་བྱས་བྱས་བསྡད་པ་ཡིན།
  • སྐུ་ཞབས་ལགས
    ཨ་ནི་དེའི་ལྷ་ཁང་འདིའི་མིང་ལ་གང་ཟེར་ན། ལྷོ་ཁ་སྣེ་གདོང་རྫོང་འོན་ཀེའུ་རུ་ལྷ་ཁང་གི་འོན་ཁུལ་དུ་གནས་པ་ཅིག་རེད། འོན་ཀེའུ་རུ་ལྷ་ཁང་། ད་ཨ་ལས་མཚམས་གཅིག་ཞོག་གནང་དང་། ཀེའུ་རུ་ལྷ་ཁང་རེད། མིང་ཆ་ཚང་ལ་འོན་ཀེའུ་རུ་ལྷ་ཁང་ཟེར་གྱི་རེད། འོན་ཀེའུ་རུ་ལྷ་ཁང་འོན་ཀེའུ་རུ་ལྷ་ཁང་ཟེར་ཡས་དེ། གཅིག་སྤུ་རྒྱལ་གྱི་ཨོང་སྤུ་རྒྱལ་རྒྱལ་རབས་རྒྱལ་པོ་ཁྲི་ལྡེ་གཙུག་ལྡན་གྱི་དུས་རབས་བརྒྱད་པའི་དུས་མགོར་ཡ་བཞེངས་གནང་པ་ཅིག་ཡིན། ཟེར།
  • སྐུ་ཞབས་ལགས
    ཐེག་པ་ཆེན་པོའི་མདོ་སྡེ་ལྔའི་ནང་ནས། ཨོང་ལྷ་ཁང་ཁག་ལྔ་བཞེངས་གནང་པ་ཡིན་ཟེར། ལྷ་ཁང་ལྔ་བཞེངས་གནང་པ་ནང་ནས་ད་ལྟ་ལྷ་ཁང་འདི་མ་གཞི་ལྷག་མི་འདུག ཟེར། ལྷ་ཁང་ཁག་ལྔ་དེ་གང་ཡིན་ཟེར་ན། གཅིག་ལྷ་ས་དཀར་ཆུང་ལྷ་ཁང་དང་བསམ་ཡས་བྲག་དམར་མགྲིན་བཟང་ཨོང་ལྷ་ས་ཁ་བྲག་ཁང་སོགས། འདིའི་ཀེའུ་རུ་ལྷ་ཁང་བཅས་ཁག་ལྔ་བཞེངས་པ་ཡིན་ཟེར། ད་ལྟ་ལྷ་ཁང་འདི་མ་གཞི་ལྷག་མི་འདུག་ཟེར།
  • སྐུ་ཞབས་ལགས
    ཨ་ནི་སྔོན་མ་འདིའི་སྤུ་རྒྱལ་དུས་རབས་སྐབས་ལ་ཆོས་དེ་རྙིང་མ་ཡིན་ཟེར། རྙིང་མའི་རྒྱུད་ཟེར། དེའི་རྗེས་ལ་རྡོ་རྗེ་བྲག་གི་དགོན་ལག་བྱས་བྱས་བསྡད་པ་རེད། ཟེར། ཨ་ནི་དེའི་རྗེས་ལ་སྲིད་ཇུས་འགྱུར་ལྡོག་ཕྱིན་ནས། ཨ་ནི་རྡོ་རྗེ་དགོན་ལག་དང་ཡར་མར་འབྲེལ་བ་ཡོའོ་མ་རེད་ཟེར། ཨ་ནི་ད་ལྟའི་དུས་ལ་དེ་ནི། དགེ་ལུགས་དང་རྙིང་མ། འཛོམ་འཛོམ་རྙིང་མ་དེ་འདྲས་བྱས་བྱས། གང་ཐུབ་ཐུབ་འདྲ་ཞིག་བྱས་བྱས་ཆོས་ལུགས་དེ་འདྲས་ཟེར་བྱས་བྱས་སྤེལ་བསྡད་པ་ཡིན། ཟེར།
  • སྐུ་ཞབས་ལགས
    ཨ་ནི་རྒྱལ་པོ་ཁྲི་ལྡེ་གཙུག་ལྡན། དེའི་དགོན་པ་དེའི་གཙོ་བོ་འདྲ་འདི་ད་རྟེན་གཙོ་གཙོ་བོ་འདྲ་དེ། སྟོན་པ་ཤཱཀྱ་ཐུབ་པ་ཡིན་ཟེར། ཨ་ནི་དེའི་ནང་ལ་ཨ་ནི་ཉེ་བའི་སྲས་ཆེན་བརྒྱད་དང་། རྟ་མགྲིན། ཕྱག་ན་རྡོ་རྗེ། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་ཡུམ་ཀྱིམ་ཤིང་ཀོང་ཇོ་སོགས། དེ་འདྲས་དེ་ནི་སྐུ་བརྙན་མང་པོ་བསྡད་ཡོད་ཟེར།
  • སྐུ་ཞབས་ལགས
    ལྡེབས་རིས་དང་དཔེ་རྙིང་དེ་ནི་བྲིས་མ་དེ་འདྲས་དང་། བྲིས་མ་ཡང་། ཡང་ན་པུ་ཏེ་ཉི་བརྒྱ་ལྔ་བཅུ་ལྷག་ཙམ་དེ་འདྲས། ད་ལྟ་དེ་ཆ་ཚང་བ་རང་ཡོའོ་མ་རེད་དའི། པུ་ཏི་ཉི་བརྒྱ་ལྔ་བཅུ་དྲུག་བཅུ་ཙམ་ཅིག་ཡོད་ཟེར། ཨ་ནི་དེ་བདུན་བརྒྱ་བཅུ་མེད་བཞིའི་ལོ་ལ་དེ་ནི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་འཁྲུངས་ནས། བདུན་བརྒྱ་གསུམ་བཅུའི་ནང་ལ་དགོན་པ་དེ་ཕྱག་བཏབ་ནས། ད་ལྟ་བཞེངས་ནས་ལོ་ཆིག་སྟོང་ལྷག་ཙམ་ཅིག་འགྲོ་ཡིས་ཟེར། ཨ་ནི་ཨ་ལས་ད་ག་ཅིག་མིན་འགྲོ
  • རྒྱལ་པོ
    ཨ་ནི་གནས་བཤད་གཅིག་བསྐྱོན་གནང་དང་།
  • སྐུ་ཞབས་ལགས
    འོང་ལ། ཨ་ནི་དིའི་འོན་ཀེའུ་ལྷ་ཁང་འདི་འོན། ད་གནས་བཤད།
  • རྒྱལ་པོ
    དགོན་པའི་ཆགས་ཡུལ་དེ་ག་པ་ཆགས་ཡོད་མེད་དང་རྟེན་གཙོ་ག་པར་ཆགས་ཡོད་མེད།
  • སྐུ་ཞབས་ལགས
    ལགས་སོ། ད་དེའི་གནས་ཡུལ་ནི་འོན་ཀེའུ་རུ་ལྷ་ཁང་ཟེར་ཡས་འདི། འོན་ད་ལུང་པ་འདིའི་མིང་ལ་འོན་ཟེར་གྱི་རེད་ཟེར་འོན། འོན་ཀེའུ་པ་ཤང་བསམ་གར་ཁོངས་གཏོགས་ལ་གནས་བསྡད་ཡོའོ་རེད། ཟེར། འོང་བསམ་གར་ཁོངས་གཏོགས་ལ་ཡ་ཨ་ནི་ད་དེ་འདྲས་འདྲ་ཅིག་མིན་འགྲོ
  • རྒྱལ་པོ
    འོ་ན་འོན་ཟེར་ཡས་དེ་ག་རེ་ཡིན་ནམ། རྒྱུ་མཚན།
  • སྐུ་ཞབས་ལགས
    འོན་ཟེར་ཡས་དེ་ད་སྔོན་མ་མིས་བཤད་ཚུལ་ཡ། ཨ་ནི་བསམ་ཡས་ཀྱི་ལྡེབས་རིས་འདི་ལ་ཡ། བྱ་དེ་དཀར་པོས་སྐད་བརྒྱབ་ནས་སྐད་བརྒྱབ་ནས་ལུང་པ་གཞན་དག་སྒང་གས་ཚོར་ནས། ད་ལུང་པ་འདི་ཡིས་ཚོར་མེད་པས་དེའི་སྒྲུབ་བྱེད་ཀྱི་བཟོ་འདྲའི་ཅིག་ཡིན་ཟེར།
  • སྐུ་ཞབས་ལགས
     འོང་། འོན་ཟེར་ཡས་དེ་བྱས་ཙང་ཁོ་ལུང་པ་འདི་གས་མ་ཚོར་ཙང་འོན་པ་ཟེར་བཏགས་པ་ཡིན་ཟེར། འོང་འོན་ཟེར་ཡས་དེ་ད་བྲག་དམར་ཀེའུ་རུ་ལྷ་ཁང་ཟེར་ཡས་དེ། སྔར་མེད་རྒྱལ་པོ་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དུས་ལ། རྒྱལ་པོ་དེ་བྲག་དམར་ཟེར་མེད་པ་བྱས། ཀེའུ་རུ་ལྷ་ཁང་ཟེར་བཀོད་འདུག དེའི་རྗེས་ལ་ཡང་བླ་མ་དེ་འདྲས་ཕེབས་ནས། རྗེས་ལ་ཡ་བྲག་དམར་ཟེར་ཡང་བཀོད་གནང་པ་ཡིན་ཟེར་འདུག་ཟེར།
  • སྐུ་ཞབས་ལགས
    ཨ་ནི་ཀེའུ་རུ་ལྷ་ཁང་ཟེར་ཡས་དེ། ད་སྔ་མོ་དེ་དགོན་པ་དེ་ལ་ཁོ་ར་ཁ་ཚང་ཡར་ཀེ་རེ་སངས་བསྡད་པའི་དོན་དག་འདྲ་ཅིག་དང་། གཡས་གཡོན་ལ་ཡ་གྲོང་ཚོ་མེད་པ་བྱས་བྱས། ཀེ་རེར་དོན་དག་ཡིན་ཟེར། ཨ་ནི་བྲག་དམར་ཀེའུ་རུ་ལྷ་ཁང་ཟེར།
  • སྐུ་ཞབས་ལགས
    ལྷ་ཁང་ཟེར་ན། ད་ཁོ་སྔ་མ་ཡིན་ན་ལྷ་ཁང་ལྷ་ཁང་མ་གཏོགས། དགོན་པ་ཡོའོ་མ་རེད་པ་བྱས་ཙང་། ལྷ་ཁང་ཟེར་བཏགས་གནང་པ་ཡིན་ཟེར། ཨ་ནི་ད་ལྟའི་ང་ཚོའི་དུས་ལ་གྲྭ་པ་དྲུག་ཡིན་དྲུག་དེ་དེ་ནི། ཆོས་ད་མང་ཆེ་བ་དགེ་ལུགས་དང་དེ་ནི་རྙིང་མ་ཐོར་ཙམ་ཐོར་ཙམ་དེ་འདྲས་བྱས་བྱས་ད་ལྟའི་གནས་སྟངས་འདྲ་དེ། དེ་འདྲས་ཟེར་བྱས་བྱས་བསྡད་ཡོད་ཟེར།
  • རྒྱལ་པོ
    རྡོ་རྗེ་བྲག་གི་དགོན་ལག་རེད་པས།
  • སྐུ་ཞབས་ལགས
    ཨ་ནི་རྡོ་རྗེ་བྲག་འོང་རྡོ་རྗེ་བྲག་གི་དགོན་ལག་དེ་འདྲས་རེད། ཟེར། འོང་། སྔ་མ་ཡིན་ན་དེའི་སྲིད་ཇུས་འགྱུར་ལྡོག་མ་ཕྱིན་གོང་ལ་ཡ། རྡོ་རྗེ་བྲག་དང་ཡར་མར་རྡོ་རྗེ་བྲག་གི་མཁན་པོ་དེ་འདིར་ཕེབས་བྱས། ཨ་ནི་ཡར་མར་སློབ་གཉེར་དེ་འདྲས་གནང་བྱས་བསྡད་ཡོའོ་རེད་ཟེར། ད་ད་ལྟའི་དུས་ལ་ཡ་རྡོ་རྗེ་བྲག་དང་ཡར་མར་འབྲེལ་བ་གཅིག་ཡའི་མེད་པ་བྱས་བྱས། དེ་འདྲས་ཆགས་བསྡད་ཡོའོ་རེད་ཟེར། འོང་།
  • རྒྱལ་པོ
    ཐོག་མ་ཐོག་མ་ལྷ་ཁང་དེ་ག་པ་རེད། ལྷ་ཁང་གཅིག་པོ་དེ་ག་གི་རེད།
  • སྐུ་ཞབས་ལགས
    དང་པོ་ཐོག་མ་ལྷ་ཁང་དེ་ཕར་ཕྱོགས་རྣམ་སྣང་ལྷ་ཁང་ཟེར་ཡས་དེ་རེད་ཟེར།
  • རྒྱལ་པོ
    ཐོག་མ་ཐོག་མ།
  • སྐུ་ཞབས་ལགས
    འོང་ཐོག་མ་ཐོག་མ་དེ་རྣམ་སྣང་ལྷ་ཁང་ཟེར་ཡས་དེའི་དཀྱིལ་དེར། རྣམ་པར་སྣང་མཛད་ཅིག་བཞེངས་ཡོད་ཙང་། དེར་ལ་སྔ་མོ་ཡ་རྟེན་གཙོ་དེ་ལ་རྣམ་པར་སྣང་མཛད་བཞེངས་གནང་གི་ཡོད་ཟེར། རྣམ་པར་སྣང་མཛད་དེ་ཡང་གང་གིས་དཔང་རྟགས་བྱེད་ཐུབ་ཀྱི་ཡོད་ཟེར་ན། སྔ་མ་སྔ་མ་ཡིན་པའི་དཔང་རྟགས་དེས་བྱེད་ཀྱི་ཡོད་ཟེར། སྔ་མ་རྟེན་གཙོ་དེ་ལ་ཡ་ཨ་ནི་རྣམ་པར་སྣང་མཛད་བཞེངས་གནང་གི་ཡོད་ཟེར།
  • རྒྱལ་པོ
    དེ་ཐོག་མ་ཐོག་མ་དེ་རེད་པ།
  • སྐུ་ཞབས་ལགས
    འོང་ལགས། འོང་ལགས།
  • རྒྱལ་པོ
    ད་ལྟའི་རྒྱལ་བ་རིན་པོ་ཆེ་བཞུགས་ས་དེ།
  • སྐུ་ཞབས་ལགས
    དེའི་རྗེས་ལ་དེ་ནི་དུས་རབས་བརྒྱད་པའི་དེ་པར།
  • རྒྱལ་པོ
    དུས་རབས་བརྒྱད་པའི་ནང་ལ་ཇོ་བོ་རིན་པོ་ཆེ་བཞེངས་ཡས་དེ།
  • སྐུ་ཞབས་ལགས
    འོང་དེ་ནི་དུས་རབས་བརྒྱད་པའི་དེ་བར་དེ་བཞེངས་གནང་པ་ཡིན་ཟེར། ཨ་ནི་ཕྱིས་སུ་ད་རྟེན་གཙོ་གཙོ་བོ་ཡ་དེ་ནི་ཤཱཀྱ་ཐུབ་པ་བཞེངས་གནང་དེ་འདྲས་བྱས་བྱས།
  • རྒྱལ་པོ
    ཤཀྱཱ་ཐུབ་པ་དེ་ག་དུས་བཞེངས་གནང་པ་རེད། ཇོ་བོ་ཤཱཀྱ་ཐུབ་པ།
  • སྐུ་ཞབས་ལགས
    དེ་ཡ་བདུན་བརྒྱ་ཉི་ཤུའི་ནང་དེ་པར་བཞེངས་གནང་པ་དེ་འདྲས་ཡིན་ཟེར་འོང་བདུན་བརྒྱ་ཉི་ཤུ།
  • རྒྱལ་པོ
    ད་ལྟ་ཡིན་ན་ང་ཚོས་མཐོང་རྒྱུ་ཡོད་པའི་ཇོ་བོ་ཤཱཀྱ་ཐུབ་པ།
  • སྐུ་ཞབས་ལགས
    འོང་ལགས། ད་དེ་མར་འདུ་ཁང་ལྷོ་ངོགས་དེ་ལ་དེ་ནི་ཡང་དེ་རྗེས་ལ་བཞེངས་གནང་ནས་ད་ང་ཚོ་ཚོགས་ཆོགས་སའི་དེ་ཨོའོ་དེ་རྗེས་ལ་བཞེངས་གནང་། སྦུབ་དེའི་བཙན་ཁང་དེ་ཡང་སྔོན་ལ་བཞེངས་གནང་པ་ཡིན་ཟེར།
  • སྐུ་ཞབས་ལགས
    ཨ་ནི་ཕ་ཕྱོགས་ཀྱི་རྣམ་སྣང་ལྷ་ཁང་དེ་དེ་འདྲས་འདུག་བཟོ་འདུག་བཟོ་རེད་ཟེར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འདིར་དབྱར་གནས་ལ་ཕེབས་ནས། དབྱར་གནས་ལ་ཁོ་རའི་སྒྲུབ་པ་བསྐྱོན་ག་བཟོ་འདྲའི་ཅིག་ཕེབས་ནས། ཨ་ནི་མར་གའི་མདའ་ལ་ཕེབས་ནས་མདའ་ལ་ཕེབས་ནས། མ་གའི་ཕྱག་འཚལ་ནགས་ཁ་ཟེར་ཡས་ཅིག་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    ཨ་ནི་མ་གའི་ཕེབས་དུས་ཙམ་པ་ཁོང་མ་ནས་ཡར་གཅིག་གཟིགས་ཡོང་དུས་ཙམ་ནས། ལྷ་ཁང་དེ་ཡོལ་ཆེན་པོ་ཅིག་བརྒྱབ་གནང་ནས། ཡོལ་ཆེན་པོ་ཅིག་བརྒྱབ་གནང་ནས། དེ་ནི་དེ་ལ་ཡ་ཁོང་འདྲས་མི་ཐུགས་བཞེས་གནང་དུས། ཨ་ནི་ཡ་མ་གའི་གནས་རྩ་ཆེན་པོ་ཅིག་འདུག་ཟེར་བསམ་ནས་མ་ནས་ཕྱག་གསུམ་འཚལ་བྱས་བྱས་དེ་ནི་འདིར་ཕེབས་གནང་པ་ཟེར།
  • སྐུ་ཞབས་ལགས
    ཨ་ནི་མ་གའི་དེང་སང་ད་ག་བརྗོད་པ་རེད་ཟེར་ཕྱག་འཚལ་ལྷ་ཁང་ཟེར། ཨ་ནི་འདིར་ཞེ་པོ་གཅིག་རང་བཞུགས་མི་འདུག ཨ་ནི་སྒྲུབ་པ་བསྐྱོན་གནང་བཞུགས། དེ་ནི་དེའི་སྦྱིན་བདག་དེ་ཚོས་ད་ཁྱེད་རང་གོང་ལ་མ་ཕེབས་དང་། ཟེར།
  • སྐུ་ཞབས་ལགས
    ང་ཚོའི་དགོན་པ་ལ་བཞུགས་དང་ཟེར། འདུག་བཟོ་ཞུ་བ་ཕུལ་གནང་ནས། ཨ་ནི་རྗེས་ལ་ཡ་ང་འདུག་ཟེར་བསྡད་ན་བྱེད་ཀྱི་མ་རེད་ཟེར། ཨ་ནི་གནས་གཞན་དག་དེ་འདྲས་ལ་འགྲོ་དགོས་རེད་ཟེར་གསུངས་ནས། ཨ་ནི་ཁོང་འདྲས་ཁོང་རང་གི་ཤ་ཁྲག་ལས་སྒྲུབ་ནས་དེ་ནི་འདའི་ལྡེབས་རིས་གཅིག་བཞེངས་གནང་པ་ཡིན་ཟེར། ཁྲག་གིས་ལྡེབས་རིས་ཅིག་བཞེངས་གནང་པ་དེ་ནི། ཁོང་དེར་འཐིམ་བྱས་ཐད་པ་ཡིན་ཟེར། ཨ་ནི་ཇོ་བོ་གྱང་འཐིམ་བྱས་བྱས། དེར་དཀར་ཆུང་ལྷ་ཁང་ནང་དེ་ལ་ཡ་ཇོ་བོ་གྱང་འཐིམ་ཟེར་བྱས་བྱས་ཡོའོ་རེད་ཟེར། འོང་ལྡེབས་རིས་རྙིང་པ་དེ་འདྲས།
  • རྒྱལ་པོ
    ད་ལྟ་བསྡད་ཡོའོ་རེད་པས།
  • སྐུ་ཞབས་ལགས
    ད་ལྟ་དེའི་ལྡེབས་རིས་རྙིང་པ་དེ་མེད་པ་བྱས་བྱས། ད་དེའི་ནང་སྔ་མ་མི་ཚང་བྱས་བསྡད་པ་རེད་པ། ཨ་ནི་དུ་བ་དང་དེ་ཚོས་ཟུབ་ནས། ཨ་ནི་དེའི་སྒང་ལ་རས་སྦྱར་བྱས་དེ་ནི་ཇོ་བོ་རྗེ་དཔལ་ལྡན་དེ་བཞེངས་བྱས། དེ་ནི་ལྡེབས་རིས་གསར་པ་བཞེངས་ཀྱོག་དེ་འདྲས་རེད་ཟེར། ད་དེའི་རྒྱབ་དེ་གས་ད་ལྡེབས་རིས་དེ་ཟུབ་བྱས་བསྡད་ཡོའོ་རེད་ཟེར། ད་དེའི་མཆོད་རྟེན་དཀར་ཆུང་ཟེར་ཡས་དེ་དེ་ནི་བལ་ཡུལ་ནས་ཚུར་གདན་དྲངས་ཀྱོག་དེ་འདྲས་ཡིན་ཟེར། རྒྱ་ཨ་ར་ཙ་རས། འོང་ལགས།
  • རྒྱལ་པོ
    བཀའ་གདམས་པའི་ཆོས་ལུགས་ཡོའོ་རེད་པས།
  • སྐུ་ཞབས་ལགས
    འོང་ལགས་དེ་འདྲས་རེད་ཟེར། འོང་ལགས།
  • རྒྱལ་པོ
    ད་ལྟ་སྒྲིག་གཞི་དེ་གང་འདྲས་རེད། འདུག་ཁང་བྱས་ཨ་ནི་ག་རེ་ག་རེ་རེད་དགོན་པའི་སྒྲིག་གཞི་དེ།
  • སྐུ་ཞབས་ལགས
    འདུ་ཁང་བྱས་དེ་ནི་རྣམ་སྣང་ལྷ་ཁང་བྱས། མཆོད་རྟེན་དཀར་ཆུང་བྱས་ཟེར་དེ་འདྲས་གསུམ་རེད་ཟེར།
  • རྒྱལ་པོ
    མཆོད་རྟེན་དཀར་ཆུང་བྱས་ལྷ་ཁང་གསུམ་རང་རེད་པ།
  • སྐུ་ཞབས་ལགས
    འོང་ལྷ་ཁང་ཁག་གསུམ་ཙམ་ཅིག
  • རྒྱལ་པོ
    ད་ལྟའི་ཇོ་བོ་རིན་པོ་ཆེ་བཞུགས་སའི་ལྷ་ཁང་དེ་ག་རེད་པས།
  • སྐུ་ཞབས་ལགས
    ཨོང་། དེ་འདུ་ཁང་ཨ་མ་ཟེར་གྱི་རེད།
  • རྒྱལ་པོ
    འདུ་ཁང་ཨ་མ་ཟེར་གྱི་རེད་པས།
  • སྐུ་ཞབས་ལགས
    འོང་ལགས། ཨ་ནི་ཕ་ཕྱོགས་ཡན་ལག་ད་རྣམ་སྣང་ལྷ་ཁང་དང་དཀར་ཆུང་ལྷ་ཁང་ཟེར་ཟེར་གྱི་རེད། འོང་ལགས།
  • རྒྱལ་པོ
    མགོན་ཁང་ཡོད་པས།
  • སྐུ་ཞབས་ལགས
    འོང་མགོན་ཁང་ཡོའོ་རེད། མགོན་ཁང་མགོན་ཁང་དེ་རེད་རྣམ་སྣང་དང་མཉམ་པོ་རེད།
  • རྒྱལ་པོ
    རྣམ་སྣང་དང་མཉམ་པོ་རེད་པས།
  • སྐུ་ཞབས་ལགས
    འོང་ལགས།
  • རྒྱལ་པོ
    སྔོན་མ་བྱས་ན་མགོན་ཁང་ནང་ལ་ག་རེ་ཡོའོ་རེད། གཙོ་བོ་ཆེ་ཤོས་འདྲ་དེ།
  • སྐུ་ཞབས་ལགས
    བསྲུང་མ་གཙོ་བོ་འདྲ་དེ་མགོན་པོ། མགོན་པོ་ཕྱག་དྲུག་འོང་དམག་ཟོར་མ། རྒྱལ་པོ་སྐུ་ལྔ། ཨོའོ་དེ་འདྲས་གཙོ་བོ་འདྲ་དེ་ཨོའོ་དེ་འདྲས་རེད་ཟེར། ད་ལྟའི་དུས་ལ་ཡ་རྒྱལ་པོ་སྐུ་ལྔ་མ་གཞི་ཡོའོ་མ་རེད།
  • རྒྱལ་པོ
    ལགས་སོ། སྒང་ག་ལོགས་གསར་པ་བཞེངས་ཀྱོག་རེད་པས།
  • སྐུ་ཞབས་ལགས
    འོང་ལགས། གསར་པ་བཞེངས་ཀྱོག་རེད།
  • རྒྱལ་པོ
    འོང་ད་རྣམ་སྣང་་སྐུ་དེ་ག་རེ་རེད། སྔོན་མ།
  • སྐུ་ཞབས་ལགས
    རྣམ་སྣང་སྐུ་དེ་འཇིམ་པ་རེད།
  • རྒྱལ་པོ
    ལགས།
  • སྐུ་ཞབས་ལགས
    འཇིམ་པ་རེད།
  • རྒྱལ་པོ
    འཇིམ་པ་རེད། རེད་པ་ལགས། ད་ཡོའོ་མ་རེད་པ།
  • སྐུ་ཞབས་ལགས
    ད་ཡོའོ་མ་རེད་ད་ལྟའི་དེ་གསར་པ་བཞེངས་པ་རེད། འོང་ཤིང་ད་དེ་ཚོ་སྒང་ག་གསར་པ་བྱས་ད་དེ་སྔ་མོ་ཡིན་ན། རྣམ་སྣང་དེ་ཐོག་རྩེགས་གཅིག་ཙམ་ཅིག་འདུག ཟེར། དེའི་གཡས་གཡོན་ལ་ཉེ་བའི་སྲས་ཆེན་བརྒྱད་ཟེར་བྱས་བྱས། འོང་། དེ་ནི་དེའི་རྗེས་ལ་ཨ་ནི་ཁང་པ་དེ་ཚོ་རྦད་དེ་མི་ཚང་སྤོས་བྱས། ཨ་ནི་སློབ་གྲོགས་དེ་འདྲས་བསྡད། ཨ་ནི་ཆོས་དེ་འདྲའི་ཆོས་ཁག་ཅིག་ཤུག་པ་བརྒྱབ་བྱས། ད་ལྟ་ང་ཚོས་དེ་སྒྲིག་བྱས་བསྡད་བྱས་ད་ལྟ་ཆ་ཚང་ཁ་ཟེར་ཡའི་མི་འདུག་དཔེ་ཆ་དེ། འོང་ལགས།
  • རྒྱལ་པོ
    ཡུལ་དེ་ལ་ཀེའུ་ལྷ་ཁང་ཟེར་གྱི་ཡོའོ་རེད་པས།
  • སྐུ་ཞབས་ལགས
    འོང་ལགས། ད་གྲོང་ཚོ་ད་ག་ལ་ལྷ་ཁང་ལྷ་ཁང་ཟེར་གྱི་རེད། དགོན་པ་ཁོ་རའི་མིང་ད་ག་འབོད་ནས་ལྷ་ཁང་ཙུའུ་༼ཞེས་པ་འདི་ནི་རྒྱ་སྐད་ཀྱི་སྒྲ་ཡིན་ཏེ། དོན་དག་ནི་ཚོགས་པ་༽ཟེར་གྱི་རེད
  • རྒྱལ་པོ
    ལྷ་ཁང་ཙུའུ། 
  • སྐུ་ཞབས་ལགས
    འོང་ལགས།
  • རྒྱལ་པོ
    གྲོང་ཚོ་འདིར།
  • སྐུ་ཞབས་ལགས
    འོང་གྲོང་ཚོ་ཁོ་ར་ལ་རྦད་དེ་ལྷ་ཁང་ཟེར་གྱི་ཡོའོ་རེད། ད་མིའི་ཁ་རྒྱུན་གྱི་བཟོ་འདྲ་ཅིག་བྱས་བྱས།
  • རྒྱལ་པོ
    གྲོང་ཚོ་ཆ་ཚང་ལ་ལྷ་ཁང་ཟེར་གྱི་ཡོའོ་རེད།
  • སྐུ་ཞབས་ལགས
    འོང་ལགས།
  • རྒྱལ་པོ
    གྲོང་ཚོའི་ལྷ་དེ་ག་རེ་རེད། ཡུལ་ལྷ་དེ།
  • སྐུ་ཞབས་ལགས
    གྲོང་ཚོའི་ལྷ་དེ་དགོན་པ་རང་གི་མིང་བཏགས་པ་རེད།
  • རྒྱལ་པོ
    གྲོང་ཚོའི་ལྷ་དེ་ག་རེ་རེད་ཡུལ་ལྷ་དེ་ག་རེ་རེད།
  • སྐུ་ཞབས་ལགས
    ཡུལ་ལྷ་དེ་དེ་རེད་རྒྱལ་པོ།
  • རྒྱལ་པོ
    རྒྱལ་པོ་རང་རེད་པས།
  • སྐུ་ཞབས་ལགས
    འོང་ལགས། རྒྱལ་པོ་རེད།
  • རྒྱལ་པོ
    རྒྱལ་པོ་སྐུ་ལྔ་རྣམས་རྒྱལ་གྱི་རྒྱལ་པོ།
  • སྐུ་ཞབས་ལགས
    འོང་ལགས། རྒྱལ་པོ་སྐུ་ལྔ་རེད།
  • རྒྱལ་པོ
    རྒྱལ་པོ་སྐུ་ལྔ་རེད་པས། དམིགས་བསལ་གྱི་ཡུལ་ལྷ་ཡོའོ་མ་རེད་པས།
  • སྐུ་ཞབས་ལགས
    དམིགས་གསལ་གའི་མེད་པ།
  • རྒྱལ་པོ
    བཙན་དང་ཡུལ་གཞན་དག་གའི་ཡུལ་ལྷ་གཞན་དག་གའི་ཡོའོ་མ་རེད་པས།
  • སྐུ་ཞབས་ལགས
    དེ་འདྲ་མེད་པ། ད་འདིའི་རྒྱུད་དེ་གས་ལྷ་ཁང་ཟེར་ཡས། དེ་ཡང་གཤམ་མ་ཙམ་ད་ག་ཡ་གྲོང་ཚོ་དེ་ལ་མངའ་ཁོངས་ཟེར་གྱི་རེད། ཡིན་ཡས་འདིའི་ཁོངས་གཏོགས་རེད། འདིའི་ཁོངས་གཏོགས་རེད་ཕ་ཕྱོགས་དའི་འབྲས་ཁང་ཟེར་གྱི་རེད།
  • རྒྱལ་པོ
    ལགས་སོ།ཨེ། ད་ལྟ་དེ་ཡུལ་འདིའི་ལུང་པ་དེ་ག་རང་ལ་ཕུ་དང་མདའ་གཉིས་ཡོའོ་རེད་པས།
  • སྐུ་ཞབས་ལགས
    རེད་ལགས།
  • རྒྱལ་པོ
    མདའ་དེ་མདའ་དེ་ལ་ག་རེ་ཟེར་གྱི་ཡོའོ་རེད།
  • སྐུ་ཞབས་ལགས
    མདའ་དེ་ལ་ཁྲོལ་མོན་ཟེར་གྱི་རེད།
  • རྒྱལ་པོ
    ཁྲོལ་མོན།
  • སྐུ་ཞབས་ལགས
    ཁྲོལ་མོན། འོང་འདའི་ཀེའུ་པ་ཟེར་གྱི་རེད། དཀྱིལ་དེ་ལ་ཡ།
  • རྒྱལ་པོ
    དཀྱིལ་དེ་ཀེ་པ་བྱས། ཕུ་དེ་ལ།
  • སྐུ་ཞབས་ལགས
    ཕུ་དའི་ཡ་ལྡིངས་ནག
  • རྒྱལ་པོ
    ལྡིངས་ནག
  • སྐུ་ཞབས་ལགས
    འོང་ལགས།
  • རྒྱལ་པོ
    ཕུ་ལ་དགོན་པ་ཡོའོ་རེད་པས།
  • སྐུ་ཞབས་ལགས
    ཕུ་ལ་ཡ་དགོན་པོ་ད་དགོན་པོ་བཞེངས་བཞག་པ་དེ་འདྲས་ཡོའོ་མ་རེད། ད་གྱང་གོག་དེ་འདྲས་རེད། དེར་རི་ད་གའི་རྒྱབ་ད་གའི་ཆོས་སྡེའི་བླ་བྲང་ཟེར། སྔོན་མ་དགོན་པོ་ཆེན་པོ་ཅིག་ཡོའོ་རེད
  • རྒྱལ་པོ
    ཆོས་སྡེ་བླ་བྲང་་།
  • སྐུ་ཞབས་ལགས
    འོང་ཆོས་སྡེ་བླ་བྲང་ཟེར།
  • རྒྱལ་པོ
    ཆོས་སྡེ་བླ་བྲང་།
  • སྐུ་ཞབས་ལགས
    འོང་། ཆོས་དེ་བླ་བྲང་།
  • རྒྱལ་པོ
    ཆོས་སྡེ་བླ་བྲང་ཟེར་ཡས་དེ། གྲུ་མཐའ་ག་རེ་ཡིན་ནམ།
  • སྐུ་ཞབས་ལགས
    གྲུབ་མཐའ་དེ་དགེ་ལུགས་པ་རེད།
  • རྒྱལ་པོ
    དགེ་ལུགས་ལགས།
  • སྐུ་ཞབས་ལགས
    འོང་།
  • རྒྱལ་པོ
    ག་དུས་ཙམ་ཅིག་བཞེངས་པ་ཡིན་ནམ།
  • རྒྱལ་པོ
    ད་དེ་ཚོ་སྔ་མ་སྔ་མ་རེད།
  • རྒྱལ་པོ
    རྗེ་རིན་པོ་ཆེའི་སྐབས་ལ་ཡིན་ནམ།
  • སྐུ་ཞབས་ལགས
    ཨོའོ་དེ་འདྲས་རེད། རྗེ་རིན་པོ་ཆེའི་སྐབས་ལ།
  • རྒྱལ་པོ
    སྔ་མ་ཡོད་ཀྱོག་དེ་འདྲས་རེད་པས།
  • སྐུ་ཞབས་ལགས
    རེད་ལགས།
  • རྒྱལ་པོ
    མདའ་ལ་ག་རེ་དགོན་པ་ཡོད་ནམ།
  • སྐུ་ཞབས་ལགས
    མདའ་ལ་མ་གའི་གཙང་པོའི་དཀྱིལ་དེར། རི་རྫོག་རྫོག་དེའི་སྒང་དེར་ཡ་མངའ་རིས་གྲྭ་ཚང་ཟེར་ཡས་གཅིག་ཡོའི་རེད།
  • རྒྱལ་པོ
    མངའ་རིས་གྲྭ་ཚང་།
  • སྐུ་ཞབས་ལགས
    འོང་ལ་མངའ་རིས་གྲྭ་ཚང་།
  • རྒྱལ་པོ
    ད་ལྟ་བསྡད་ཡོའོ་རེད་པས།
  • སྐུ་ཞབས་ལགས
    ད་ལྟ་དེ་གྱང་ཁོག་རེད།
  • རྒྱལ་པོ
    གྱང་ཁོག་མ་གཞི་ཡོའོ་མ་རེད་པས།
  • སྐུ་ཞབས་ལགས
    འོང་། ཡོའོ་མ་རེད།
  • རྒྱལ་པོ
    མངའ་རིས་གྲྭ་ཚང་ཟེར།
  • སྐུ་ཞབས་ལགས
    མངའ་རིས་གྲྭ་ཚང་རེད། ཕ་གའི་ཡར་ཙམ་ད་ག་བཀྲ་ཤིས་མདོ་མཁར་ཟེར་ཡས་ཅིག་ཡོའོ་རེད།
  • རྒྱལ་པོ
    ལགས།
  • སྐུ་ཞབས་ལགས
    བཀྲ་ཤིས་མདོ་མཁར་ཟེར་ཡས་ཅིག
  • རྒྱལ་པོ
    བཀྲ་ཤིས་མདོ་མཁར་ཟེར་ག་འདྲས་བྱས་བྱས།
  • སྐུ་ཞབས་ལགས
    ཆུང་ཆུང་ཅིག ད་ལྟ་དེ་བཞེངས་ཡོའོ་རེད།
  • རྒྱལ་པོ
    བཞེངས་ཡོའོ་རེད་པས།
  • སྐུ་ཞབས་ལགས
    རེད།
  • རྒྱལ་པོ
    དེ་ཡང་གསར་པ་བཞེངས་ཀྱོག་དེ་འདྲས་རེད་པས།
  • སྐུ་ཞབས་ལགས
    དེ་གསར་པ་རེད།
  • རྒྱལ་པོ
    དེ་གྲུབ་མཐའ་ག་རེ་རེད་ལགས།
  • སྐུ་ཞབས་ལགས
    གྲུབ་མཐའ་དགེ་ལུགས་པ་རེད།
  • རྒྱལ་པོ
    མངའ་རིས་གྲྭ་ཚང་དེ་ག་རེ་རེད།
  • སྐུ་ཞབས་ལགས
    མངའ་རིས་གྲྭ་ཚང་གི་དགོན་ལག་རེད། འདི།
  • རྒྱལ་པོ
    མངའ་རིས་གྲྭ་ཚང་རང་གི།
  • སྐུ་ཞབས་ལགས
    བཀྲ་ཤིས་མདོ་དགོན་གྱི།
  • རྒྱལ་པོ
    མངའ་རིས་གྲྭ་ཚང་རང་གི་རྒྱུད་དེ་པ་རེད་པས།
  • སྐུ་ཞབས་ལགས
    རེད་ལ། འོང་། སྔ་མ་མངའ་རིས་གྲྭ་ཚང་གྲྭ་པ་མང་པོ་ཅིག་ཡོའོ་རེད་པ། ད་དེ་དེང་སང་ཡིན་ཐུད་ཤོར་བྱས་བྱས་ད་རྒན་ཁོག་ཁག་ཅིག་དེ་ནི་ཡར་རི་ཁྲོད་ལ་ཐད་ནས། ཨོའོ་དེ་འདྲས་དགོན་ལག་རེད། གནས་རྟེན་བཅུ་དྲུག་ཟེར་གྲྭ་པ་བཅུ་དྲུག་འགྲོ་དགོས་རེད་ཟེར།
  • རྒྱལ་པོ
    དེ་མངའ་རིས་གྲྭ་ཚང་ནས།
  • སྐུ་ཞབས་ལགས
    བཀྲ་ཤིས་མདོ་མཁར་ལ།
  • རྒྱལ་པོ
    བཀྲ་ཤིས་མདོ་མཁར་ལ།
  • སྐུ་ཞབས་ལགས
    བཀྲ་ཤིས་མདོ་དེ་དེ་རེད། རྗེ་རིན་པོ་ཆེ་དབྱར་གནས་ལ་ཕེབས་ནས། དབྱར་གནས་བཞེས་གནང་བྱས། ཨ་ནི་དེར་སྒྲུབ་པ་བསྐྱོན་བྱས་བཞུགས་ཀྱོག་དེ་འདྲས་རེད།
  • རྒྱལ་པོ
    ལགས་སོ་ལགས་སོ། ཁྱེད་རྣམས་ཚོའི་དགོན་པ་དེ་ཆོ་ག་རྒྱས་ཤོས་དེ་ག་དུས་བཏང་གནང་གི་ཡོའོ་རེད།
  • སྐུ་ཞབས་ལགས
    ང་ཚོའི་ཆོ་ག་རྒྱས་ཤོས་ད་དེ་རེད། སྨན་ལྷ་ཟེར་ཡས་འདྲ་པོ། གནས་རྟེན་བཅུ་དྲུག ཡང་ན་ལྟུང་བཤགས། ལེའུ་བདུན་པ། རྙིང་མ་ངོས་ནས་རྙིང་མ་ཚོད་ཚོད་ཙམ་བཏང་ནི་ལེའུ་བདུན་པ་དེ་པར་དེ་འདྲས་བྱས།
  • རྒྱལ་པོ
    དེ་ཚོ་ག་དུས་ག་དུས་བཏང་གནང་གི་ཡོའོ་རེད་དུས་ཚོད།
  • སྐུ་ཞབས་ལགས
    འདེ་ཚོ་དེ་བྱེད་ཀྱི་རེད། ཉི་ཤུ་ལྔ་ལེའུ་བདུན་པ་ཉི་ཤུ་ལྔ་ཚེས་པ་བཅུ་དེ་འདྲས། ཟླ་བ་རེ་ལྟར་བཞིན་ནས་གཏོང་གི་རེད། འོང་དེ་ལོ་བཅུ་གཉིས་ནང་ལ་ཟླ་བ་དེ་ཟླ་བ་བཅུ་གཉིས་ནང་ལ་ཚོགས་ཐེངས་དྲུག་དྲུག་ཚོགས་དགོས་རེད། ཚེས་པ་བརྒྱད་དང་བཅུ། བཅོ་ལྔ། ཉི་ཤུ་ལྔ། ཉི་ཤུ་དགུ་དེ་འདྲས་ལ་ཚོགས་དགོས་རེད།
  • རྒྱལ་པོ
    དེ་ཚོ་སྒང་ག་ལོགས་ལྟུང་བཤགས་ཀྱི་ཚོགས་བཏང་གི་རེད་པས།
  • སྐུ་ཞབས་ལགས
    ཨོང་། དེ་བྱེད་དགོས་རེད། ཚེས་པ་བརྒྱད་ལ་སྒྲོན་ཆོག་གཏོང་དགོས་རེད། སྒྲོན་མའི་ཆོ་ག
  • རྒྱལ་པོ
    བཅུ་ལ།
  • སྐུ་ཞབས་ལགས
    འོང་ཚེས་པ་བཅུ་ལ་ཡང་མཚམས་རེ་ལེའུ་བདུན་པ་གཏོང་གི་རེད། མཚམས་རེ་བླ་མ་མཆོད་པའི་སྡིངས་ཆོག་དེ་འདྲས་གཏོང་གི་རེད། འོང་ལ་ཚེས་པ་བཅོ་ལྔ་ལ་གནས་རྟེན་བཅུ་དྲུག་གཏོང་གི་རེད།
  • རྒྱལ་པོ
    གནས་རྟེན་བཅུ་དྲུག་ཚེས་པ་བཅོ་ལྔ་ལ།
  • སྐུ་ཞབས་ལགས
    འོང་ལ། གནས་རྟེན་བཅུ་དྲུག ཉི་ཤུ་ལྔ་ལ་ཡང་དེ་ཚེས་བཅུ་ཟེར་བྱས་ཚོགས་གཏོང་གི་རེད། ཉི་ཤུ་དགུ་ལ་ཡང་ང་ཚོའི་དགོན་ཁང་གི་བསྐང་གསོ་གཏོང་གི་རེད། མགོན་པོ་དང་ལྷ་མོ་རྒྱལ་པོ་དེ་འདྲས་ཀྱི་་དེ། གནམ་གང་ལ་སྨན་ལྷ་བཏང་གི་རེད།
  • རྒྱལ་པོ
    ལགས་སོ་ལགས་སོ་ལགས་སོ། ཨ་ལས་ཨོའོ་དེ་འདྲས་ཟེར་སོ་སོ་ལོགས་ཀ་ལོགས་ཀ་ཆ་ཚང་ལོགས་ཀ་རེད་པ།
  • སྐུ་ཞབས་ལགས
    ཨོའོ་རེད། ལགས།
  • རྒྱལ་པོ
    ད་བོད་པའི་ལོ་གསར་སྐབས་ལ་དེ་ག་རེ་གཏང་གནང་གི་ཡོའོ་རེད།
  • སྐུ་ཞབས་ལགས
    ལོ་གསར་ལ་དེ་བྱེད་དགོས་རེད། ཚེས་པ་གཅིག་གི་ཉིན་ག་དེ་དེ་ནི་རྦད་དེ་བསྲུང་མོ་གཙོ་བོ་འདྲ་དེ་ཚོ་སྒང་ག་གསོལ་གསོལ་ཐག་ཐག་བྱེད་ཀྱི་རེད། དེའི་དཔལ་ལྡན་ལྷ་མོ། མགོན་པ་ཕྱག་དྲུག་སྒང་ག ཞོགས་གས་ནམ་མ་ལངས་གོང་ནས། ཚོགས་ཚུགས་ནས་དེ་ནི་ཚེ་གཏོར་ཟེར་གཏང་བྱས་ཚོགས་གཏང་། ཨ་ནི་གསོལ་གསོལ་ཐག་ཐག་བྱས་བྱས་ཉི་མ་ཤར་པའི་དེ་པར་་ཚོགས་གཏང་ཚར་འདྲ་བྱེད་ཀྱི་རེད།
  • རྒྱལ་པོ
    ལགས་ལགས། ཨ་ནི་ད་རེ་ག་རེ་རེད།
  • སྐུ་ཞབས་ལགས
    ད་རེས་ད་མི་དེ་གས། ཞིང་འབྲོག་མང་ཚོགས་ཡ་ད་ཚེས་པ་བཅོ་ལྔ་སོང་ཙང་དེ་ནི་དའི་ཕྱག་མཆོད་འབུལ་དེ་འདྲས་བྱེད་ག་ཡོང་ཀྱོག་དེ་འདྲས་རེད་ཟེར།
  • རྒྱལ་པོ
    ལོ་ལྟར་རེ་ཞིག་ད་ག་རེད་པ།
  • སྐུ་ཞབས་ལགས
    ད་ག་རེད། ཚེས་བཟང་ཡིན་རིང་བཞིན་མི་སླེབས་ཀྱི་རེད།
  • རྒྱལ་པོ
    ཚེས་བཟང་ཡིན་རིང་བཞིན་གྲོང་ཚོའི་མི་སྒང་ག་ལོགས།
  • སྐུ་ཞབས་ལགས
    སྒང་ག་སླེབས་ཀྱི་རེད་ཟེར།
  • རྒྱལ་པོ
    ཞིང་འབྲོག་མང་ཚོགས་སྒང་ག་ལོགས།
  • སྐུ་ཞབས་ལགས
    འོང་། སླེབས་ཀྱི་རེད་ཟེར།
  • རྒྱལ་པོ
    ལོ་ལྟར་རེ་ཞིག་འདུག་བཟོ་ཕེབས་བྱས། ཞལ་ལག་མཆོད་་ལྷོད་ལྷོད་བཞུགས་ཀྱི་རེད་པས།
  • སྐུ་ཞབས་ལགས
    འོང་ལྷོད་ལྷོད་བྱས་བཞུགས་ཀྱི་དགོང་དག་ཆུ་ཚོད་བཞི་པ་ལྔ་པ་དེ་འདྲས་མ་བཞིན་ཐོན་ཀྱི་མ་རེད་ཟེར།
  • རྒྱལ་པོ
    འཆམ་དེ་འདྲས་འཁྲབ་བྱེད་ཀྱི་རེད་པས།
  • སྐུ་ཞབས་ལགས
    ད་ང་ཚོའི་ཆོ་ག་འཆམ་དེ་འདྲས་ད་དེ་འདྲས་གའི་ཡོའོ་མ་རེད་ཟེར། ང་ཚོ་མི་དྲུག་སོང་ཙང་དེ་ནི་ཆོས་ལུགས་བྱེད་སྒོ་དེ་པར་་དེ་ནི་ལྡང་གི་མི་འདུག་ཟེར།
  • རྒྱལ་པོ
    ལགས་སོ། སྔོན་མ་ནས་ཡོད་ཀྱི་མ་རེད།
  • སྐུ་ཞབས་ལགས
    སྔ་མ་འདིར་རྟ་མགྲིན་གྱི་དབང་ཟེར་མཁོན་གཅིག་བསྐུར་མཁན་གཅིག་ཡོའོ་རེད། ཟེར།
  • རྒྱལ་པོ
    རྟ་མགྲིན་གྱི་དབང་བསྐུར་གྱི་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    རྟ་མགྲིན་དབང་བསྐུར་གྱི་ཡོའོ་རེད་ཟེར།
  • རྒྱལ་པོ
    ག་དུས་སྐུར་གནང་གི་ཡོའོ་རེད།
  • སྐུ་ཞབས་ལགས
    དེ་ལོ་རེ་རེ་ལ་དུས་རེ་རེ་ལའི་ཡོའོ་མ་རེད་ཟེར།
  • རྒྱལ་པོ
    ཨ་ལས། ལོ་གཅིག་ལ་དུས་གཅིག
  • སྐུ་ཞབས་ལགས
    འོང་ལགས།
  • རྒྱལ་པོ
    ག་དུས་ཟླ་བ་ག་ཚོད་ནང་ལ་རེད།
  • སྐུ་ཞབས་ལགས
    ཟླ་བ་བཞི་པ་ལྔ་པའི་ནང་དེ་པ་ཅིག་ལ་སྐུར་གྱི་ཡོའོ་རེད།
  • རྒྱལ་པོ
    འོང་ལ། ལགས་སོ། དེ་དུས་ཆོ་ག་ག་རེ་ག་རེ་གནང་གི་ཡོའོ་རེད།
  • སྐུ་ཞབས་ལགས
    དེ་དུས་རྟ་མགྲིན་གྱི་སྒྲུབ་བཤགས་དེ་འདྲས་གནང་ནས། ཨ་ནི་རྟ་མགྲིན་གྱི་ཡ་ཚེ་སྒྲུབ་དེ་འདྲས་དང་། དེ་འདྲས་དེ་བྱས་ནས་ཨ་ནི་དབང་སྐུར་བྱས་དེ་གནང་གི་རེད་ཟེར། ད་འདི་རིང་ཚེས་བཟང་བཅོ་ལྔ་སོང་ཙང་མི་ལྟས་ཙ་ཅིག་ལའི་མི་འདུག ཨ་ནི་ནམ་རྒྱུན་ཡིན་ན་དྲུག་པ་ཚེས་བཞི། བཞི་པའི་བཅོ་ལྔ། ལྷ་བབ་དུས་ཆེན་སོགས་ལ། ཨ་ནི་མི་མང་པོ་ཅིག་འཛོམས་ནས་ཡ་གའི་འདུ་ཁང་ནང་ཁུག་ཡ་དེ་ནི་མི་ཚང་ཁ་རྒྱབ་ནས་ཨ་རེ་གཏན་གྱི་མ་རེད།
  • རྒྱལ་པོ
    ཨ་ལས་རེད་རེད། དེ་དུས་སྔོན་མ་ནས་སྐུ་ཁོག་ཕེབས་བྱེད་ཀྱི་རེད་པས།
  • སྐུ་ཞབས་ལགས
    སྐུ་ཁོག་ཕེབས་དེ་འདྲས་བྱེད་མྱོང་ཡོའོ་མ་རེད་ཟེར།
  • རྒྱལ་པོ
    བྱེད་མྱོང་གཅིག་ཡའི་ཡོའོ་མ་རེད་པས།
  • སྐུ་ཞབས་ལགས
    ཡོའོ་མ་རེད།
  • རྒྱལ་པོ
    ཨ་ལས། ལགས་སོ་ལགས་སོ།