Video Overview
Leki Dolma sang two different Tsangmo ballads, one aspirational ballad and the other laudatory Tsangmo, expressed through examples such as a godly bird flowing in a river and cloudy sky with rain. The first stanza of the ballad shows the aspiration to be a calmly flowing river, so that the godly bird can swim in the river without any disturbance. The second stanza of the ballad is a laudatory Tsangmo, because the verses claim that the rain falling from the sky is holy water that would purify any defilements of the body.
ལེགས་སྐྱིད་སྒྲོལ་མ་གི་ རྩང་མོ་གཉིས་འཐེན་ནི་འདུག རྩང་མོ་གཅིག་འདི་ རེ་འདོད་ཀྱི་སྐོར་ལས་དང་ སོ་སོ་འདི་ བསྟོད་པ་རྐྱབ་པའི་སྐོར་ལས་ཨིན་མས། རྩང་མོ་དང་པའི་ནང་ལུ་ ཤར་ཤར་འགྱོ་བའི་གཙང་ཆུ་འདི་ ཁུ་སིམ་སི་འབད་འགྱོ་བ་ཅིན་ ལྷ་བྱ་གོ་མོ་ཡང་ བར་ཆད་མེད་པར་ ཆུ་རྩལ་རྐྱབ་ཚུགས་ཟེར་བཤདཔ་ཨིན་མས། དེ་ལས་ རྩང་མོ་གཉིསཔ་གི་ གནམ་ལས་འབབ་པའི་ཆརཔ་འདི་ བྱིན་རླབས་ཅན་ཅིག་ཨིནམ་ལས་ རང་གི་གཟུགས་ཁར་ཡོད་པའི་ བཙོག་གྲིབ་ཚུ་ ཧིང་སངས་ས་བཟོ་འོང་ཟེར་བཤདཔ་ཨིན་མས།
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། མར་མར་རྒྱ་གི་(རྒྱ་ཡི་)ཕྱོགས་སུ་བལྟ་སོང་འགྲོ་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། རྒྱ་གི་(རྒྱ་ཡི་)རྒྱ་བཟའམོ་སྤུན་གསུམ་ཐགས་འཐག་དོ་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཐགས་ནི་ཆེ་ཡང་འཐགས་ཤིང་ཆུང་ཡང་འཐགས་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཆེ་བའི་(བ་)ལ་འཐག་ས་དར་དང་གོས་ཆེན་འཐག་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཆུང་བའི་(བ་)ལ་འཐག་ས་རྩམ་པ་ཁ་དར་འཐག་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། འབའ་ནི་(བར་པ་)བླ་མའི་ན་བཟའ་འཐག་མ་ཤེས་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། འབའ་ལི་(བར་པ་)བླ་མའི་ན་བཟའ་འཐག་ཤེས་ན་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཐགས་ཤིང་འདི་གི་ནང་དུ་འོད་ཅིག་ཤར་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཕར་ཕར་བྱང་གི་ཕྱོགས་སུ་བལྟ་སོང་འགྲོ་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། བྱང་གི་མགར་བ་སྤུན་གསུམ་ལྕགས་རྡུང་དོ་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ལྕགས་ནི་ཆེ་ཡང་བརྡུང་ཤེས་ཆུང་ཡང་བརྡུང་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཆེ་བའི་(བ་)ལ་རྡུང་ས་གྱི་རིང་ལྕགས་མོ་རྡུང་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཆུང་བའི་(བ་)ལ་རྡུང་ས་གྱི་ཅུང་དཔའ་རྟགས་རྡུང་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། བར་པ་བླ་མའི་ཕྱག་གྲི་བརྡུང་མ་ཤེས་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། བར་པ་བླ་མའི་ཕྱག་གྲི་བརྡུང་ཤེས་ན་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། མགར་ཚང་འདི་གི་ནང་དུ་འོད་ཅིག་ཤར་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཡར་ཡར་བོད་ཀྱི་ཕྱོགས་སུ་བལྟ་སོང་འགྲོ་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། བླ་མ་སྤུན་གསུམ་བཟང་པོ་ཆོས་བཤད་དོ་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཆེ་བའི་(བ་)ལ་བཞེངས་ས་བཀའ་འགྱུར་བསྟན་འགྱུར་བཞེངས་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། ཆུང་བའི་(བ་)ལ་བཞེངས་ས་ཀ་ཁ་ག་ང་བཞེངས་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། བར་ལ་བླ་མའི་ཕྱག་དཔེ་བཞེངས་མ་ཤེས་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། བར་ལ་བླ་མའི་ཕྱག་དཔེ་བཞེངས་ཤེས་ན་ལ་ཡ་ལ་ཚེ་རིང་། །
- ལས་སྐྱིད་སྒྲོལ་མ་ Leki Delmaཚེ་རིང་མོ། མཚམས་ཁང་འདི་གི་ནང་དུ་འོད་ཅིག་ཤར་ཡ་ལ་ཚེ་རིང་མོ། །
- ལས་སྐྱིད་སྒྲོལ་མ་ Leki Delmaལགས་སོ་ལགས།། །།