Skip to main content Skip to search
05 Feb 2016
2 min 56 sec
Video Overview
Creators: 
Penchela, Pema

༉ རྩི་རང་གྲམ་ཕུག་ལས་ ལས་སྐྱིད་ཆོས་འཛོམས་ཀྱིས་འཐེན་མི་གླུ་གཞས་ ཤར་ཕྱོགས་ལ་མི་འགྲོ་ཨ་མའི་བུ་འདི་ གཞུང་སྒྲའི་གླུ་གཞས་ཅིག་ཨིན་མས། ཨིནམ་ད་ལུ་ གནམ་མེད་ས་མེད་དར་ཁྱབ་མ་འགྱོ་བའི་གླུ་གཞས་ཅིག་ཨིན་མས། ལམ་སྲོལ་ག་ཅི་གི་ཐད་ཁ་ལས་འབད་རུང་ ལུང་ཕྱོགས་སོ་སོ་ལས་ཕར་ དུམ་གྲ་རེ་མ་འདྲཝ་སྦེ་ཡོད་དོ་བཟུམ་སྦེ་ གླུ་གཞས་ཚུ་ཡང་ འཐེན་ཐངས་རང་འབད་རུང་ ཚིག་གི་ཐད་ཁ་ལས་འབད་རུང་ གདངས་ཀྱི་ཐད་ཁ་ལས་འབད་རུང་ མ་འདྲཝ་མ་འདྲཝ་སྦེ་འཐེན་ནི་འདུག བསམ་ལྗོངས་མཁར་དམར་ཚ་ལ་བཟུམ་ཅིག་འབད་བ་ཅིན་ ཧེ་མའི་ཨ་རྒས་ཨང་རྒས་ཚུ་གིས་འཐེན་ས་བལྟ་འབདཝ་ད་ ཚིག་དང་གདངས་དབྱངས་སོ་སོ་སྦེ་ར་འཐེན་སྲོལ་ཡོདཔ་ཨིན།

Leki Chozom from Dekiling under Tsirang District sings the zhungdra song “Don’t Go to the East” (Dzo. shar phyogs la mi ’gro). The elders in Samdrup Jongkhar sing this popular song with their own particular lyrics and tune. These and other elements of the song may differ from region to region due to cultural specificities.

Transcript search
No results found for this search
0 of 0
  • ལས་སྐྱིད་ཆོས་འཛོམས Leki Chozom
    ཤར་ཕྱོགས་ལ་མ་འགྲོ་ལའི་ཨ་མའི་བུ་ལ། །ཤར་ཕྱོགས་ལ་འགྲོ་ན་ལའི་བྲག་ཆེན་མང་པོ་འཕྲད། །བྲག་ཆེན་དང་མང་པོ་རང་འཕྲད་ན་ལའི་ཨ་མའི་བུ་ལ། །གངས་སྟོད་ཕྲད་ནས་ལའི་འགྲོ་རྒྱུ་རེད། །
    Don’t go to the East, mother's (my) son; If you go East, you will encounter many huge cliffs; If many huge cliffs are encountered; The mother's son (I) shall proceed after seeing the mountain top.
  • ལས་སྐྱིད་ཆོས་འཛོམས Leki Chozom
    བྱང་ཕྱོགས་ལ་མ་འགྲོ་ལའི་ཨ་མའི་བུ་ལ། །བྱང་ཕྱོགས་ལ་འགྲོ་ན་ལའི་རླུང་ཆེན་མང་པོ་འཕྲད། །རླུང་ཆེན་ཏ་མང་པོ་རང་འཕྲད་ན་ལའི་ཨ་མའི་བུ། །ལ་མོ་མང་པོ་འཕྲད་ནས་ལའི་འགྲོ་རྒྱུ་རེད། །
    Don’t go to the North, mother's (my) son; If you go North, you will encounter many windstorms; If windstorms are encountered; The mother's son (I) shall proceed after seeing the the mountain passes.
  • ལས་སྐྱིད་ཆོས་འཛོམས Leki Chozom
    ནུབ་ཕྱོགས་ལ་མ་འགྲོ་ལའི་ཨ་མའི་བུ་ལ། །ནུབ་ཕྱོགས་ལ་འགྲོ་ན་ལའི་ཆོས་རྟེན་མང་པོ་འཕྲད། །ཆོས་རྟེན་ཏ་མང་པོ་རང་འཕྲད་ན་ལའི་ཨ་མའི་བུ་ལ། །འཁོར་བ་འཁྱམས་བསྐོར་བ་རྒྱབ་ནས་ལའི་འགྲོ་རྒྱུ་རེད། །
    (?) Don’t go to the West, mother's (my) son; If you go West, you will encounter many stupas; If many stupas are encountered; The mother's son (I) shall proceed after circumambulating them.
  • ལས་སྐྱིད་ཆོས་འཛོམས Leki Chozom
    ལྷོ་ཕྱོགས་ལ་མ་འགྲོ་ལའི་ཨ་མའི་བུ། །ལྷོ་ཕྱོགས་ལ་འགྲོ་ན་ལའི་ལྷ་ཕྲན་ལ་མང་པོ་ཕྲད། །ལྷ་ཁང་ཏ་མང་པོ་རང་ཕྲད་ན་ནི་ལའི་ཤ་བ་འཁྱམས། །འཁོར་བ་འཁྱམས་ནས་་་་་་་་་།
    Don’t go to the South, mother's (my) son; If you go South, you will come across many small temples; If many temples are run into; The deer wander…. (the singer seems to make a mistake here!) Wandering......(it is finished?)