Video Overview
བོང་བུ་འགྲེ་ལོག་བྱེད་དུས་རྔ་མ་སར་འདྲུད་པ་དང་རྐང་ལག་བཞི་བོ་ཡང་རང་ཤུགས་ཀྱིས་སར་རྡེག་པས་ན་དེ་ལྟར་བརྗོད་པ་ཡིན།
འདི་ནི་སྲོག་ཆགས་སྐོར་གྱི་གབ་ཚིག་ཅིག་ཡིན། རྟ་དྲེལ་བོང་གསུམ་ནི་བོད་ཁུལ་ན་རྒྱུན་ཏུ་མཐོང་ཐུབ་པའི་སྒོ་ཕྱུགས་ཡིན། སྒོས་སུ་བོང་བུ་ནི་རོང་ཕྱོགས་ས་ཁུལ་ལ་མཚོན་ན་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་མེད་དུ་མི་རུང་བའི་སྒོ་ཕྱུགས་ཤིག་ཡིན། རྟ་དྲེལ་བོང་གསུམ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཐང་ཡངས་ས་ནས་འགྲེ་ལོག་བྱས་ཏེ་ལུས་སྟེང་ལ་གད་བརྡར་བྱེད་པ་དེ་ཡིན། གབ་ཚིག་འདིར་བརྗོད་པ་ནི་བོང་བུ་འགྲེ་ལོག་བྱེད་པའི་རྣམ་པ་དེ་ཡིན་ལ། བོང་བུས་ས་སྟེང་ནས་ལུས་པོ་ཕར་འཁོར་ཚུར་འཁོར་གྱི་འགྲེ་ལོག་བྱེད་དུས་རྔ་མ་ནི་ལུས་པའི་འགུལ་སྐྱོད་དང་བསྟུན་ནས་སར་འདྲུད་པ་དང་། དེ་བཞིན་དུ་རྐང་ལག་བཞི་བོ་ཡང་རང་ཤུགས་ཀྱིས་སར་རྡབ་པའི་ངང་ཚུལ་དེར་བལྟས་ནས་སྡུད་མ་གཅིག་གིས་ཕྱགས་ཀིན་ཡོད། འོར་རྡུང་བཞི་ཡིས་རྡུང་གིན་ཡོད་ཅེས་བརྗོད་པ་ཡིན། ཨོ་རྡུང་ནི་ཞིང་ལས་ཡོ་བྱེད་ཅིག་སྟེ་ཞིང་ནང་གི་འོར་ཐོ་སོགས་རྡུང་བྱེད་ཀྱི་ལག་ཆ་ཞིག་ཡིན།
这则谜语的谜面描述了驴在打滚时候的形态,时而侧身,时而四脚朝天的样子。
这是一则关于动物的谜语。马、骡子、驴是在藏区最为常见的家畜,其中驴在农区而言是必不可少的运输工具与交通工具。这则谜语的谜面描述了驴在打滚时候的形态,时而侧身,时而四脚朝天的样子。
This riddle describes the actions of a donkey's hooves and tail when it is rolling on the ground.
- ཕྱགས་མ་གཅིག་གིས་ཕྱགས་ཀིན་ཡོད།A single broom is sweeping away,
- ཨོ་རྡུང་བཞི་ཡིས་རྡུང་གིན་ཡོད་ཅི་ཁེད།four beaters are beating. What is it?
- གབ་ལན་ནི་བོང་བུ་འགྲེ་ལོག་A donkey rolling on the ground
- བྱས་པའི་དོན་རེད།is ultimately the answer.
- བོང་བུའི་རྔ་མ་དང་རྐང་ལག་བཞི་བོ་The donkey's tail and four limbs
- སར་དྲུད་པ་དེ་མཚོན་བཞིན་ཡོད།are illustrated as being dragged on the ground.