Skip to main content Skip to search
18 Jun 2018
4 min 20 sec
Video Overview
Creators: 
Sonam Tobgye

"Shary yul la Madro," performed in this video by Norbu Dema from Ney village in Lhuntse District, is a boedra song. Boedra is one of the two most popular Bhutanese genres of folk songs. Although there is only one singer in this video singing the song, it expresses a dialogue between a mother and her beloved son. The mother is concerned about her son encountering dangers, obstacles, and natural disasters in all four directions where he plans to go—east, south, west, north. Her son replies by justifying his own ability to defend himself against these hindrances. This is an emotional song as the mother wants her son to stay with her and not to go anywhere, while the son insists on going. 

༉  ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ གནས་གཡུས་ཚན་ལས་ ནོར་བུ་སྒྲོལ་མ་གིས་འཐེན་ཡོད་པའི་རང་ལུགས་འབོད་སྒྲ་ ཤར་ཡུལ་ལ་མ་འགྲོ་ཨ་མའི་བུ་ཟེར་མི་གླུ་གཞས་འདི་ མི་གཅིག་གིས་འཐེན་ཏེ་ཡོདཔ་ཨིན་རུང་ གླུ་གཞས་ཀྱི་ཚིག་ནང་ ཨའི་དང་གཅེས་པའི་བུ་གཉིས་ཀྱི་བར་ན་བློ་སླབ་པའི་ཚུལ་ཨིན་མས། དེ་ཡང་ ཨའི་གིས་བུ་ལུ་འགྲོ་འགྲུལ་མ་འབད་ འགྲོ་འགྲུལ་འབད་བ་ཅིན་ ཉེན་འཚུབས་དང་བར་ཆད་ ཤར་ལྷོ་ནུབ་བྱང་ག་ཏེ་འགྱོ་རུང་རྐྱེན་རེ་ཡོད་ནི་དེ་གིས་ བུ་ལུ་གཅེས་པའི་སྒོ་ལས་སླབ་ད་ལུ་ བུ་གིས་རྐྱེན་ངན་རེ་གི་གཉེན་པོ་རེ་སྟོན་ཏེ་ ཨིན་ཅི་མིན་ཅི་འགྱོ་དགོཔ་སྦེ་ ཕར་ཚུར་ཨའི་དང་བུ་གི་བར་ན་བློ་ལན་འཇལ་བའི་ཚིག་ཚུ་ གླུ་གཞས་ཀྱི་ཐོག་ལུ་སྦེ་སླབ་ཨིནམ་ད་ གླུ་གཞས་འདི་གིས་ ཕམ་དང་བུ་ཚུའི་བར་ན་ལུ་བརྩེ་གདུང་ཡོདཔ་སྦེ་སྟོནམ་ཨིན་མས། འ་ནཱི་གླུ་གཞས་ཀྱི་དོན་དག་ཅོག་ར་འཐདཔ་སྦེ་ གདངས་དབྱངས་དང་ཚིག་ ཨ་ཙི་རེ་མ་འདྲཝ་སྦེ་ ཁག་གཉིས་དེ་ཅིག་རང་འཐེན་སྲོལ་འདུག

Transcript search
No results found for this search
0 of 0
  • ནོར་བུ་སྒྲོལ་མ་
    Norbu Dema: ཤར་ཡུལ་ལ་མ་འགྲོ་ཨ་མའི་བུ་ལ། །ཤར་ཡུལ་ལ་འགྲོ་ན་ལ་ནི་ཨ་མའི་བུ་ལ། །ཤིང་ཆེན་མང་པོ་འཕྲད་ཡོང་ཡ་ལ་ཨ་མའི་བུ། །
  • ནོར་བུ་སྒྲོལ་མ་
    Norbu Dema: ཤིང་ཆེན་མང་པོ་འཕྲད་རུང་ཨ་མའི་བུ་ལ། །ངེའི་སྟ་རེ་དཔལ་བཟང་ལ་ནི་ལགཔ་ལས་(ལགས་ལུ་)ཡོད་ལ། །ངེའི་སྟ་རེ་དཔལ་བཟང་ལ་ནི་ལགཔ་ལས་(ལགས་ལུ་)ཡོད། །
  • ནོར་བུ་སྒྲོལ་མ་
    Norbu Dema: ལྷོ་ཡུལ་ལ་མ་འགྲོ་ཨ་མའི་བུ་ལ། །རླུང་འཚུབ་མང་པོ་འཕྲད་ཡོང་ལ་ནི་ཨ་མའི་བུ་ལ། །རླུང་འཚུབ་མང་པོ་འཕྲད་ཡོང་ལ་ནི་ཨ་མའི་བུ། །
  • ནོར་བུ་སྒྲོལ་མ་
    Norbu Dema: རླུང་འཚུབ་མང་པོ་འཕྲད་རུང་ཨ་མའི་བུ་ལ། །ངེའི་རས་གོ་[རྐྱང་ཤ་?]ལ་ནི་ལགཔ་ལས་(ལགས་ལུ་)ཡོད་ལ། །ངེའི་རས་གོ་[རྐྱང་ཤ་?]ལ་ནི་ལགཔ་ལས་(ལགས་ལུ་)ཡོད། །
  • ནོར་བུ་སྒྲོལ་མ་
    Norbu Dema: ནུབ་ཡུལ་ལ་མ་འགྲོ་ཨ་མའི་བུ་ལ། །ནུབ་ཡུལ་ལ་འགྲོ་ན་ལ་ནི་ཨ་མའི་བུ་ལ། །ཆུ་ཆེན་མང་པོ་འཕྲད་ཡོང་ལ་ནི་ཨ་མའི་བུ། །
  • ནོར་བུ་སྒྲོལ་མ་
    Norbu Dema: ཆུ་ཆེན་མང་པོ་འཕྲད་རུང་ཨ་མའི་བུ་ལ། །ངེའི་ཁྲོ་ཟངས་བོད་ཟངས་ལ་ནི་ལགཔ་ལས་(ལགས་ལུ་)ཡོད་ལ། །ངེའི་ཁྲོ་ཟངས་བོད་ཟངས་ལ་ནི་ལགཔ་ལ་ཡོད། །
  • ནོར་བུ་སྒྲོལ་མ་
    Norbu Dema: ལྷོ་་་་བྱང་ཡུལ་ལ་མ་འགྲོ་ཨ་མའི་བུ་ལ། །བྱང་ཡུལ་ལ་འགྲོ་ན་ལ་ནི་ཨ་མའི་བུ་ལ། །བྱང་ཡུལ་ལ་འགྲོ་ན་ལ་ནི་ཨ་མའི་བུ། །
  • ནོར་བུ་སྒྲོལ་མ་
    Norbu Dema: བྱང་ཡུལ་ལ་འགྲོ་ན་ཨ་མའི་བུ་ལ། །དགྲ་ཆེན་མང་པོ་འཕྲད་ཡོང་ལ་ནི་ཨ་མའི་བུ་ལ། །དགྲ་ཆེན་མང་པོ་འཕྲད་ཡོང་ལ་ནི་ཨ་མའི་བུ། །
  • ནོར་བུ་སྒྲོལ་མ་
    Norbu Dema: དགྲ་ཆེན་མང་པོ་འཕྲད་ན་ཨ་མའི་བུ་ལ། །ངེའི་དགྲ་ལི་ལྕགས་མ་ལ་ནི་ལགཔ་ལས་(ལགས་ལུ་)ཡོད་ལ། །ངེའི་དགྲ་ལི་ལྕགས་མ་ལ་ནི་ལགཔ་ལས་(ལགས་ལུ་)ཡོད། །
  • ནོར་བུ་སྒྲོལ་མ་
    Norbu Dema: ལགས་སོ། ལགས་སོ་ལགས།