Skip to main content Skip to search
28 Aug 2018
4 min 40 sec
Video Overview
Creators: 
Sonam Tobgye

༉  ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ ཟིམ་སྤོངས་གཡུས་ཚན་ལས་སེངྒེ་བཟང་མོ་གིས་ བོད་སྒྲའི་གླུ་གཞས་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་ཟེར་མི་འདི་འཐེནམ་ཨིན་མས། གླུ་གཞས་ཀྱི་ཚིག་ནང་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཤར་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གིས། །ནོར་བུ་བཟང་པོའི་རྟ་ལ་འགྲོས་ཉམས་ཅིག་བསྐྱེད་ཤོག །གསེར་བྱ་ངང་པ་རིན་ཆེན་མཚོ་མོའི་རྒྱན་ཆ་ཟེར་ ཚོང་དཔོན་ནོར་བུ་བཟང་པོ་ནོར་བུ་ལེན་པར་འགྱོ་བའི་སྐོར་ལས་ སྲུང་དང་གཏམ་རྒྱུད་ལེ་ཤ་ཡོད་དོ་བཟུམ་སྦེ་ གླུ་གཞས་དེ་ཡང་ ཚོང་དཔོན་ནོར་བུ་བཟང་པོ་ ནོར་བུ་ལེན་པར་འགྱོ་བའི་སྐོར་ལས་ཨིན་པས།

Singye Zango from Zimpong village in Dungkar Gewog (county) in Lhuntse Dzongkhag (district), sings a Boedra song called "Nawa Maweng Lenchi Sennang". The song calls someone to travel in all four directions in order to obtain a precious jewel riding on an extraordinary horse belonging to Norbu Zangpo, an popular ancient trader. The precious jewel turns out to be a cuckoo bird that was claimed as an ornament of a sacred lake. The song calls for the cuckoo bird to be kept as a jewel at home. While the song explicitly mentions the cuckoo bird, it could be interpreted as symbolism for other meanings such as spiritual masters or even abstract concepts such as love.

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་ཤར་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་ཤར་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་གསེར་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་གསེར་བྱ་ངང་པ་རིན་ཆེན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go east and get precious gem. In the symbol of great gem feels warm, The golden ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་ལྷོ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་ལྷོ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go south and get precious gem. In the symbol of great gem feels warm, The silver ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་ནུབ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་ནུབ་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་དངུལ་བྱ་ངང་པ་རིན་ཆེན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go west and get precious gem. In the symbol of great gem feels warm, The silver ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ རྣ་བ་མ་ཡེངས་ལན་གཅིག་ཚུར་ལ་གསོན་དང་། །ཡ་ལ་བྱང་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །ཡ་ལ་བྱང་ཕྱོགས་བཤལ་ནས་ནོར་བུ་ལེན་ཤོག་གསུང་གི །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ནོར་བུ་བཟང་པོའི་རྟ་ལ་དྲོད་ཉམས་ཅིག་བསྐྱེད་ཤོག །ཡ་ལ་དུང་བྱ་ངང་པ་རིན་ཆེན་མཚོ་མའི་རྒྱན་ཆ། །ཡ་ལ་དུང་བྱ་ངང་པ་རིན་མཚོ་མོའི་རྒྱན་ཆ། །
    Listen here without distracting your ear, Was asked to go north and get precious gem. In the symbol of great gem feels warm, The legacy ducks were the flowery of lake.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།