Skip to main content Skip to search
07 Feb 2017
3 min 12 sec
Video Overview
Creators: 
Sherig Dentshog

པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ལས་ ཀུན་བཟང་དབྱངས་སྒྲོན་གྱིས་ ཨ་གཅེས་གསན་དང་ལྷ་གཅིག་ཀུན་བཟང་མོ་ཟེར་མི་ གླུ་གཞས་འདི་འཐེནམ་ཨིན་པས། གླུ་གཞས་འདི་ཡང་ མཁའ་འགྲོ་འགྲོ་བཟང་མོའི་ རྣམ་ཐར་ལས་བཏོན་བཏོནམ་བཟུམ་ཅིག་ཡོདཔ་ད་ འདི་ཡང་ མོ་གི་སྲས་སྲསམོ་གཉིས་ ཤ་རོགསཔ་དང་ ཉ་རོགསཔ་གིས་ དཀྲོངས་ནི་འབད་བའི་སྐབས་ ཨའི་ལས་སྐྱབས་འཚོལ་མི་འདི་ཨིན་པས། ཚིག་འདི་ཅོག་ར་འཐདཔ་སྦེ མཁའ་འགྲོ་འགྲོ་བ་བཟང་མོའི་ རྣམ་ཐར་ནང་ཡང་ཐོན་ནི་ཡོདཔ་ད་ གླུ་གཞས་འདི་གི་མཇུག་ལུ་ འགྲོ་བ་བཟང་མོ་འདི་ མོ་རའི་ཨ་ལོ་གཉིས་ དམྱལ་བ་ནང་བཟུམ་སྦེ་ སྡུག་བསྔལ་མྱོང་ས་ སྐྱབས་མཛད་པའི་སྐོར་ལས་ཨིན་པས།

Transcript search
No results found for this search
0 of 0
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ལྷ་གཅིག་གསོན་དང་ལྷ་གཅིག་ཀུན་བཟང་མོ་ལ། །སྤང་སྟོད་མཐོན་པོའི་ཕྱོགས་ལ་སྤྱན་གྱིས་གཟིགས། །
    One divine tree and a divine Kuenzangmo. Glared towards the upper high meadow.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ཤ་བ་ཨ་པ་ཡིན་ཟེར་གཡས་ལ་འགྲོ་ལ། །ཤ་བ་ཨ་མ་ཡིན་ཟེར་གཡོན་ལ་འགྲོ། །
    Thoughts of having a father deer, warmed a heart. Thoughts of having a mother deer, warmed a heart.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ཤ་ཕྲུག་འཚོ་ས་ཕ་མའི་བར་ན་འགྲོ་ལ། །[རྗེས་སུ་བྱོན་ཀྱང་མ་བུ་སྡེ་བཞི་འདུག །?]
    The livelihood of a fawn in between the parents gives a warmth While meeting subsequently, were four classes of a mother and child.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ད་ནི་དོན་འབྲས་རྒྱལ་པོ་སྲས་སྲོས་[ལན་?]ལ། །ཤ་བ་ཕོ་མོའི་ཤ་ཕྲུག་ཡིན་ན་དགའ། །
    Now the effect of prince and princess's response I would rejoice if I am a fawn of parent deer.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ངེད་སེམས་ཉིད་ལ་ཨ་མ་མེད་པ་[ལན་?]ལ། །བྱམས་བརྩེ་ཉིད་ལ་ཨ་མ་དྲན་པ་སོང་། །
    For a response in my heart for not having a mother Remembers a mother for her love and affection.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    གཉིད་ལམ་ནང་དུ་མཇལ་བའི་ཨ་མ་ལ། །ད་ལྟ་དངོས་སུ་མཇལ་བའི་དགའ་བ་འདུག །
    For a mother that I had seen in my dream, I have a happiness for meeting her right now in actual
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ཡུམ་གྱི་ཆུ་ཆུ་(གཅེས་གཅེས་)འགྲོ་བ་བཟང་མོ་ཉོན་(ཉིད་)ལ། །བྱམས་བརྩེས་ཉིད་ལ་ཐུགས་རྗེ་སྤྱན་གྱིས་གཟིགས། །བྱམས་བརྩེས་ཉིད་ལ་ཐུགས་རྗེ་སྤྱན་གྱིས་གཟིགས།། །།
    Only for a mother's darling Drowa Zangmo Graced with a compassionate eyes for love and affection. Graced with a compassionate eyes for love and affection.