Skip to main content Skip to search
30 Aug 2018
11 min 26 sec
Video Overview
Creators: 
Penchela

Tsangmo is a type of song used to express emotions, conveying inner warmth and affection to others, through lyrical melodies. Tsangmo songs are never sung with dance, but focuses on poetic articulation. It is usually a composition limited to a verse of four lines for an expression. This ballad is sung to for boys and girls to compete in capacity and knowledge. Ballads are of different sub-genres such as antagonizing tsangmo, befriending tsangmo, laudatory tsangmo, deprecating tsangmo, joyful tsangmo and so on. People even compete with one another while working in field or grazing animals. This particular ballad was organized mainly to showcase how ballads are used as divination. 

ཨཔ་བྲལ་གང་གིས་བཤན་མི་ནང་ རྩང་མོ་འདི་ ཕོ་སྐྱེས་དང་ ཨམ་སྲུ་ དེ་ལས་ བུ་དང་བུམོ་ཚུ་གི་བར་ན་ རང་གིས་ལྕོགས་གྲུབ་དང་ རིག་རྩལ་གྱི་བཏོན་ནིའི་དོན་ལུ་ འགྲན་བསྡུར་འབདཝ་ཨིན་ཟེར་ཨིན་མས། རྩང་མོ་ལུ་ དགྲ་གླུ་དང་ གཉེན་གླུ་ དེ་ལས་ བསྟོད་གླུ་དང་ སྨོད་གླུ་ཟེར་དབྱེ་བ་ལེ་ཤ་ཡོདཔ་དང་ ཁོང་ཚུ་གིས་ རྩང་མོ་འདི་ ཞིང་ནང་ལཱ་འབད་བའི་སྐབས་དང་ ནོར་འཚོ་བའི་སྐབས་ དེ་ལས་ འཚོ་སྲུང་སྡོད་པའི་སྐབས་འཐེན་ནི་ཡོདཔ་ཨིན་མས། དེ་མ་ཚད་ ཨཔ་བྲལ་གང་གིས་ རྩང་མོ་འདི་ རང་གིས་ གནམ་བསྐོས་འཚོལ་ནིའི་དོན་ལུ་ རྩང་དུམ་ལག་ལེན་འཐབ་སྟེ་འཐེན་ནིའི་ཡོདཔ་ལས་ རྩང་མོ་ཟེར་སླབ་ཨིན་ཟེར་ཨིནམ་དང་ ལྷག་པར་དུ་ རྩང་མོ་འདི་ ལོ་ལྟར་ཆོ་ག་དང་ འཛོམས་འདུ་གི་སྐབས་ལུ་འཐེནམ་ཨིན་ཟེར་ཨིན་མས། དེ་འབདཝ་ལས་ ཨཔ་བྲལ་གང་གིས་ སྤྱིར་བཏང་གི་རྩང་མོ་དང་ གནམ་བསྐོས་འཚོ་ནིའི་དོན་ལུ་འཐེན་མི་རྩང་མོ་འདི་ སོ་སོ་ཨིན་ཟེར་བཤདཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • བྲེ་གང་
    ང་བཅས་ར་རྩང་མོ་འདི་ད་ ལཱ་འབད་ས་གི་ཨ་ནཱི་སྤྱིར་བཏང་འདི་ ང་བཅས་ཀྱི་བློ་ཟེ་བཟུམ་སྦེ་ལག་པ་གིས་ ལཱ་ག་ཅི་འབད་རུང་འབད་ཁ་གིས་སླབ་མི་ནུམ་ཏེ་ནེ་འབདཝ་ད་ལུ་ ནེ་རྐྱངམ་གཅིག་རང་ཨིན་ན་ཟེར་བ་ཅིན་ནེ་རྐྱངམ་གཅིག་གི་ཡང་མི་དོ་ང་བཅས་ར་ཨ་ནཱི་ལོ་གསར་དུས་སྟོན་མི་འཛོམས་ཆ་རོགས་གཅིག་ཁར་དགའ་ཏོག་ཏོ་སྦེ་group (སྡེ་ཚན་)སྦེ་ འཛོམས་སྡོད་ས་འབད་བ་ཅིན་ཏེ་ འ་ནཱི་རྩང་མོ་བཏབ་གེ་ཟེར་འབད་བ་ཅིན་མ་པ་ཅ་ལ་བཙུགས་བཞག་སྟེ་བཏབ་ནི་བཏབ་འོང་།
  • བྲེ་གང་
    ནེ་འབདཝ་ད་འ་ནཱི་ རྩང་མོ་ཟེར་སླབ་དགོ་པའི་དོན་དག་འདི་རང་ཨ་ནཱི་རིག་པ་ལས་བརྟེན་གསརཔ་བརྩམ་བརྩམས་པའི་ མོ་གཅིག་འབད་ནི་དེ་གིས་ རྩང་མོ་ཟེར་སླབ་ནུག
  • བྲེ་གང་
    ད་འ་ནཱི་ད་ལྟོ་ ནཱ་ང་བཅས་ཀྱི་ འ་ནཱི་ཅ་ལ་ཚར་གཅིག་བཙུགས་ཏེ་བཏོན་གེ་ང་ཞུ་གེ་ནོ་ལགས་ཡ་འ་ནཱ་བཙུགས་པ་ཤོག་ད་ད་འ་ནཱི་འབད་བ་ཅིན་ཅ་ལ་ད་ལྟོ་ད་ཅི་བཟུམ་སྦེ་ངོ་བལྟ་མི་དགོ་སོ་སོ་ད་འ་ནི་འབད་བ་ཅིན་ཏེ་འ་ནཱི་ཅ་ལ་ངོ་བལྟ་མི་དགོ་པས་ ད་ཨ་ནཱི་རྩང་མོ་ཟེརཝ་ད་ཨ་ནཱི་རྩང་མོ་རྩང་འདི་འ་ནཱི་ཡོད་བ་ཏེ་ཨིན་མས་གོ་ཤིག?
  • བྲེ་གང་
    ད་ འ་ནཱི་གི་འབད་བའི་ཤུལ་ལས་ཏེ་ ཨ་ནཱི་ང་བཅས་རྩང་མོ་གི་ཚིག་ཅིག་སླབ་ནི་ ག་གིས་འབད་ནི་ད?
  • གནག་ལེམོ་
    ལྕང་མོ་ཆུ་ལ་སྐྱེས་བ།།ཡ་མཚན་ཆེ་རྒྱུ་མིན་འདུག།བྲག་དེ་སྐམ་པའི་ལོག་ལས།།ལྷ་ཤིང་ཤུག་པ་འཁྲུངས་ཡི་ལོ།།
  • བྲེ་གང་
    ད་ཨ་ནཱི་གི་ མི་ངལ་མ་རངས་མི་གཅིག་ སེམས་ཁར་ཡོད་ཟེར་བའི་ ལོ་རྒྱུས་ཨིན་འ་ནཱི་དཔེ་འདི་འ་ནཱི་ཨིན།ནེམ་ཆུའི་མཐའ་མ་གི་ལྕང་མ་ཤིང་ལུ་ཆ་བཞགཔ་ཨིན་ད་འ་ནཱི་ཏེ་ལྕང་མ་ཤིང་འདི་ཆུ་ཡོད་པ་ཅིན་ ཁོ་ག་ཏེ་ལུ་སྐྱེས་རུང་སྐྱེས་བཏུབ་པ་ཏེ་སྨོ་ཤིག་ལྕང་མ་ཤིང་སྐྱེས་བཏུབ་པས་ཟེར་ཏེ་ཁོ་ལུ་ཡིད་ཆེས་དགོཔ་མེད་ཟེར་མས་དཔེ་སྦེ་ཨིན་ད་ལྟོ་ བྲག་རི་སྐམ་པའི་ལོག་ལས། ལྷ་ཤིང་ཤུག་པ་འཁྲུངས་མས་ཟེར་མས།
  • བྲེ་གང་
    ཡར་བྱག་གུ་ལུ་ཡང་ཤིང་ལྷ་ཤིང་ཤུགཔ་འདི་སྐྱེས་བཏུབ་པ་ལུ་ཏེ་ཆུའི་མཐའ་མ་ཏེ་ ལྕང་མ་ཤིང་འདི་ག་ཅི་འབད་སྐྱེས་མ་བཏུབ་པ་ཟེར་ད་ འ་ནཱི་ད་ལྟོ་དཔེ་འདི་ཕར་ཤིང་ལྷ་ཤིང་དང་ལྕང་མ་ཤིང་གུ་སྟོནམ་མས་མི་དེ་རང་གི་བསམ་འཆར་ལས་སླབ་མས་ད་མི་འདི་གིས་ ག་ཅི་སླབ་སྨོ་ཟེར་བ་ཅིན་ཏེ་ ང་ད་ལྟོ་ཁྱོད་ལུ་ག་ཅི་སྦེ་ཡིད་ཆེས་དགོ་པ་ཟེར་ཏེ་ད་དཔེར་ན་ ང་གིས་ ད་ལྟོ་ཁྱོད་བཟུམ་ཅིག་ལུ་ཆ་བཞག་སྟེ་ད་ངེའི་སེམས་ཁར་མནོ་སྟེ་ཡོད་པ་ཅིན་ང་ཁྱོད་ལུ་འདི་ ག་ཅི་སྦེ་ཡིད་ཆེས་དགོ་པ་ཟེར་ཏེ།
  • བྲེ་གང་
    ཁྱོད་ཁྱོད་ར་ད་ལྟོ་ད་ཁྱོད་ངེའི་ཧོངས་ལས་ ཟ་ནི་ཡོད་མི་ཅིག་གི་ལག་པར་ཡང་ཏི་རུ་མེདན་ཏེ་ང་ཏེ་ང་ར་གི་འདི་ ང་ར་ལང་ཟེར་ཏེ་ཨིན་པས་གོ་ཤིག་ཁྱོད་ལས་ང་གན་(ག་ཅི་སྦེ་) སྐྱོ་བ་ཟེར་སླབ་དོ་བཟུམ་ཅིག་འ་ནཱི་རང་གིས་རང་ཏེ་གནམ་མེད་ས་མེད་རང་བསྟོད་དང་དཔའ་ཉམས་ཡོད་པའི་གི་མི་གཅིག་ལུ་གི་གི་་་བསམ་འཆར་ཨིན་ཟེར་སླབ་མས་ད་ འ་ནཱི་སླབ་པའི་འབྲེལ་ལསནི་ད་ ང་བཅས་ཀྱི་ འ་ནཱི་རྩང་མོ་གི་གོ་དོན་འདི་ འ་ནཱི་རྐྱབ་མས།
  • བྲེ་གང་
    མི་འ་ནཱི་སེམས་གསལ་དྲགས་ཅིག་ངར་ངེས་ཡོད་མི་ཅིག་ཨིན་ཟེར་སླབ་སྦེ་ཏེ་འ་ནཱི་དཔེར་ན་ལུ་ཁྱོད་ཨིནམ་པས་ཟེར་བ་ཅིན་བདེན་པས་བདེན་པས་ཟེར་ད་ ཡང་ཅིན་བཱན་ཁྱོད་རའི་སེམས་ཁར་ལུ་ཁྱོད་ཨ་རྟག་ར་མི་ཡུདཔ་ཅིག་འབད་སྦེ་བ་ ཤིད་ག་ཅི་འབད་ང་ཁོ་ལུ་རེ་མི་དགོ་ཟེར་ཁྱོད་ར་ཁྱོད་ར་སེམས་ས་ཀྲག་སྦེ་སྡོད་དོ་འོང་པ་ཏེ་རྒྱུ་ཆས་ཀྱི་ཐད་ལས་ཨིན་རུང་ད་ གཉེན་གྲོགས་ཅིག་ཨིན་ཏེ་འབད་རུང་ཡང་ད་ཁྱོད་ར་དགའ་མི་མི་གཅིག་གིས་ད་ ཁྱོད་ཀྱིས་སླབ་མི་འདི་ཉན་མ་བཏུབ་སྨོ།
  • བྲེ་གང་
    ཁྱོད་ཀྱིས་མནོ་ས་མ་ཕོག་པ་ཅིན་ཁྱོད་སེམས་ཁར་འ་ནཱི་མནོ་སྡོད་འོང་བ་ཏེ་ཨཱ་་་མོ་ཏེ་ནེ་ཚུན་ཚོད་ར་ཁམས་བཙོང་གན་འབད་ཟེར་ཏེ་ང་ལས་དྲགཔ་ཅིག་འདི་ ང་ད་ལྟོ་ར་དགོ་རུང་ཐོབ་ཟེར་ཏེ་ཁྱོད་སེམས་ཁར་འ་ནཱི་མནོ་དོ་འོང་ཟེར་མི་འདི་ང་བཅས་ཀྱི་ རྩང་མོའི་ཚིག་ནང་ནེ་འཐོན་མི་འཐོན་འ་ནཱི་ཅིག་ཁྱོད་སེམས་ཁར་འོང་ར་འོང་བ་ཏེ།
  • རྡོ་རྗེ་རྒྱལ་མཚན་
    འོང་ལགས།
  • བྲེ་གང་
    འ་ནཱི་བཟུམ་སྦེ་ཏེ་རྫུན་ཁ་དང་གྲས་ཏེ་སྦེ་ཏེ་ཁྱོད་ལུ་བདེན་པས་བདེན་པས་སླབ་མི་འདི་ང་བཅས་ར་རྩང་མོ་སྦེ་བཏབ་ད་འ་ནཱི་མམ་ཏེ་རྩང་མོ་ལུ་ཅ་ལ་རེ་རེ་རེ་རེ་སྦེ་འ་ནི་མས།
  • རྡོ་རྗེ་རྒྱལ་མཚན་
    འེང་་་།
  • བྲེ་གང་
    ཏེ་གནམ་བསྐོས་འབད་བ་ཅིན་ གཉིས་གཉིས་བསྡོམས་སྒྲིག་མས།
  • རྡོ་རྗེ་རྒྱལ་མཚན་
    ད་རིས་གནམ་བསྐོས་ཀྱི་ནང་འདི་ ཧེ་མ་རང་རྩང་མོ་འདི་ཚར་གསུམ་བསྒྱུར་དགོཔ་ཨིན་ན་དེ་སྦེ་ལགས?
  • བྲེ་གང་
    ཚར་གཉིས།
  • གནག་ལེམོ་
    ཚར་གཉིས།
  • བྲེ་གང་
    འོང་་་ཏེ་ གསུམ་ཟེརཝ་ཅིག་ གནམ་བསྐོས་བསྐྱུར་ནི།
  • བསོད་ནམས་ཆོས་འཕེལ་
    གནམ་བསྐོས་དང་རྩང་མོ་ལུ་ ཨ་ནཱི་དཔེ་ག་ཅིག་སྦེ་ ཨ་ནེ་སྦེ་སྦྱྲར་དགོཔ་སྨོ་ལགས?
  • བྲེ་གང་
    ཨའོ?
  • བསོད་ནམས་ཆོས་འཕེལ་
    དཔེ་མ་སྦྱར་མི་ཡང་ ཡོད་ག་འ་ནི་བཟུམ་སྦེ?
  • བྲེ་གང་
    ཨཱ་་་དཔེ་མ་སྦྱྲར་བ་སྦེ་འདི་མི་འཐོན་ཏེ་ཏེ་ཨིན་རུང་ཁོང་ཏེ་དཔེ་གཅིག་ལུ་སྦྱར་ཞིནམ་ན་སྦེ་སླབ་ནི་འདི་གིས་ང་བཅས་ར་གི་ སེམས་ཀྱི་སྤྲོ་བ་ད་ ཨ་ནཱ་ལུ་ མི་མང་སུ་སྦེ་ རྩང་མོ་ཚིག་ལེ་ཤ་སླབ་ཞིབ་བཅུ་ལྔ་བཅུ་ཚུན་ཚོད་སླབ་དགོཔ་འཐོན་པ་ཅིན།
  • བྲེ་གང་
    ཏེ་ ཡུདཔ་ཅིག་ཁར་ལས་ལ་ལུ་ཅིག་ནཱི་ནང་ཡོད་མི་ཆ་མཉམ་གྱིས་ དོན་དག་ཧ་མི་གོ་བ་སྡོད་འོང་བ་ཏེ་ད་འ་ནཱི་བཤད་པ་རྐྱབ་ནི་འདི་ནི་དོན་དག་ག་ནི་གི་སྐོར་ལས་སླབ་རུང་ཧ་གོ་ཚུགས་ནི་ཅིག་དགོ་པས།ད་འ་ནཱི་འབད་བ་ཅིན་ཏེ་འ་ནི་ལུ་ མི་སྤྲོ་བ་འབྱུང་མས་བ་ཏེ།
  • རྡོ་རྗེ་རྒྱལ་མཚན་
    ལགས་སོ་འེང་་་ད་གཞན་འདི་ཚུ་འདི་ ག་ནཱི་ཡང་འབད་མི་དགོ་པས་སྨོ་ཅ་ལ་ཕར་བཙུགས་བཞག་འབད་སྡོད་ནི་རང་ཨིན་མས་བ་ཏེ་སྨོ་ཤིག?
  • བྲེ་གང་
    ཅ་ལ་ཕར་བཙུགས་བཞག་ ཉན་ཁུག་བཏབ་ནི་དེ་འབདཝ་ད་ལུ་འ་ནཱི་ཁྱོད་ར་གི་ སེམས་ཁར་མནོ་མི་འདི་ཧ་ལམ་ཅིག་ར་འ་ནཱི་རྩང་མོ་གི་ཚིག་ནང་འབབས་ཏེ་འོང་བ་ཏེ།
  • གནག་ལེམོ་
    ད་ འ་ནཱི་བདེན་པས་བདེན་པས་འདི་ ང་གི་ངེའི་སྐོར་ལས་བཤད་པ་རྐྱབ་པ་ཅིན་དེ་ལས་ ང་གིས་སླབ་དགོཔ་ཨིན་ན་ལགས?བདེན་པས་ཟེར།
  • གནག་ལེམོ་
    མེན་གཞན་གྱིས་སླབ་འོང་བ།
  • བྲེ་གང་
    ང་བཅས་གཉིས་ཆ་ ཁྱོད་ལུ་ཨ་ནེ་སྦེ་དྲང་འོང་བ་ཏེ།
  • རྡོ་རྗེ་རྒྱལ་མཚན་
    ཁོ་ལུ་ཨིན་པ་ཅིན་ ང་གིས་སླབ་ནི་ཨིན་པས་སྨོ་ཤིག་བདེན་པས་བདེན་པས་ཟེར།
  • ཨམ་ནག་ལེམ/Aum Nalem:མར་འབད་བ་ཅིན་ཕར་རྐྱབ་འོང་བ་ཏེ་ཏེ་ ནཱ་འབད་བ་ཅིན་མོ་ལུ་ང་འབདན་ཁྱོད་ལུ་སླབ་ཏེ་ ཨ་རྒས་ཀྱིས་འབདན་ང་ལུ་སླབ་འོང་བ་ཏེ།
  • བྲེ་གང་
    འ་ནི་བཟུམ་སྦེ་འགྱོ་དགོ་བ་ཏེ།
  • བྲེ་གང་
    གོས་ཆེན་གསེར་གྱི་ལ་སྟོད་གོ།།གྱོན་དགོ་སེམས་ལུ་ལ་ཡོད་པ།།སྒར་པའི་ཚེམ་ཁང་ནང་ལས།།སྐུད་པའི་ལ་གནས་ལྔ་མིན་འདུག།ཟེར།
  • རྡོ་རྗེ་རྒྱལ་མཚན་
    ང་ར་ལུ་ཨིན་མས་ཧེ་ཧེ་ཧེ་ཧ་ཧ་ཧ་་་་།
  • བྲེ་གང་
    དེའི་རྒྱུ་མཚན་འདི་ད་ དཔེ་འདི་ད་ལྟོ་ཕར་གོས་ཆེན་གུ་སྦྱར་དེས་བ་ད་ཨ་ནཱི་ང་བཅས་དཔེ་གཅིག་དགོ་ཟེར་མི་འདི་ར་རྩང་མོ་གི་རིགས་སུ་འདི་ཁ་རི་ཁ་ཐུག་མེད་གདངས་འདི་མི་འཐོན་བ་ཏེ་ད་གོས་ཆེན་ཟེར་ མི་སྟོད་གོ་འདི་ཏེ་ད་ སེམས་ཁར་ལུ་ གྱོན་དགོ་མནོ་སྟེ་འདུག་བ་ཏེ་ནེ་འབདཝ་ད་ལུ་ ཕར་ལོགམ་དེ་ནང་ལུ་འ་ནཱི་བཙེམ་ནི་གི་ སྐུདཔ་མེད་པའི་གི་ལོ་རྒྱུས་མས་པ།
  • རྡོ་རྗེ་རྒྱལ་མཚན་
    ཧ་ཧ་ཧ་་་།
  • བྲེ་གང་
    ཚེམ་རྐྱབ་ནི་གི་སྐུདཔ།
  • རྡོ་རྗེ་རྒྱལ་མཚན་
    ཧ་ཧ་ཧ་་་།
  • བྲེ་གང་
    ད་འ་ནཱི་དཔེ་འདི་དེ་འབདཝ་ད་ཚེམ་གུ་བསྒྱུརཝ་མས་ད་རང་གི་མནོ་མི་འདི་མས་བ་ད་ རང་གི་མནོ་དོན་འདི་སྒྲུབ་དགོ་ཟེར་ཏེ་གིས་སྦེ་ཕར་ལོག་མ་ལུ་ད་ཕམ་ལས་ཨིན་རུང་འདྲ་བས་གཉེན་དང་གྲོགས་ལུ་ཨིན་རུང་འདྲ་བས།
  • བྲེ་གང་
    ད་ ང་འ་ནེམ་ཅིག་དགོ་ནི་ཟེར་བའི་གི་ རེ་བ་འདུག་བ་ཏེ་ཕམ་ལས་ཨིན་པ་ཅིན་ རྒྱུ་ཆ་དགོ་པའི་རེ་བ་གཉེན་གྲོགས་འབད་བ་ཅིན་ གཅིག་ཁར་གདོང་སྐོར་སྦེ་དགོ་པའི་རེ་བ་གཉེན་གྲོགས་གཅིག་ཁར་བསྡོམས་བསྡོམས་ཅིག་ཨིན་ཏེ་འབད་རུང་ཡང་ བུ་གཞི་དགོ་པའི་གི་རེ་བ་ལ་སོགས་པ་འ་ནཱི་རེ་བ་གཅིག་འོང་བ་ཏེ།
  • བྲེ་གང་
    ནེ་འབདཝ་ད་ལུ་ང་དགོ་མི་འདི་ ཁྱོད་ནང་མིན་འདུག་ཟེར་བའི་གི་རྒྱུ་མཚན་འདི་གམ་སྨོ་ཟེར་བ་ཅིན་ ང་བཅས་ར་སྐྱེས་བ་དང་ཨ་ནཱི་སེམས་ཀྱི་ མཐོ་དམན་འདྲན་འདྲ་མིན་འདུག་ཟེར་ སླབ་པའི་ལོ་རྒྱུས་ཅིག་ཨིན་པས།
  • རྡོ་རྗེ་རྒྱལ་མཚན་
    ད་དགོ་པའི་རེ་བ་འདི་ཡོད་ དེ་འབདཝ་ད་རེ་བ་འདི་བསྒྲུབས་མ་ཚུགས་པའི་གི་ ལོ་རྒྱུས་མས་བ་ཏེ་སྨོ?
  • བྲེ་གང་
    རེ་བ་འདི་བསྒྲུབས་མ་ཚུགས་པའི་ཟེར་ཨ་ནཱི་ད་ ང་བཅས་ར་མར་བཅུད་སྦེ་སྟོན་པ་ཅིན་ཨ་ནཱི་སེམས་ཕམ་སྡོད་པའི་ ལོ་རྒྱུས་མས།བློ་ཁོད་ཆི་མས་བ་སྨོ་ཏེ་ གཞན་ང་ལུ་ འ་ནེམ་ཅིག་འབད་དགོཔ་ཨིན་དེ་འབདཝ་ད་ལུ་ ནཱི་ཚགས་ཁར་ཚུད་མ་ཚུགསཔ་ཟེར་བློ་ཁོད་ཤེསཔ་སྦེ་བརྩིཝ་མས་ནཱི་ཁྱོད་ར་ཨིན་མས།
  • རྡོ་རྗེ་རྒྱལ་མཚན་
    ཧེ་ཧེ་ཧེ་་་་།
  • བྲེ་གང་
    ཐུགས་ཕམ་མི་དགོ་པས།
  • རྡོ་རྗེ་རྒྱལ་མཚན་
    ཧེ་ཧེ་ཧེ་་་།
  • བྲེ་གང་
    ཀྲམ་དཀར་དཀར་པོ་ལ་གཅིག་གི།།སྒྲོལ་མའི་སྐུ་གཅིག་ལ་བཞེངས་ནུག།སྒྲོལ་མ་སྒྲོལ་ལྗང་ཨིན་རུང་།།ང་ནི་ལ་ཕྱག་དབང་མི་ཞུ།།ཟེར།
  • བྲེ་གང་
    ད་ འ་ནཱི་ང་ལུ་ཡོད་རུང་མེད་རུང་འ་ནཱི་ཏེ་བལ་ཀྲམ་དཀརཔོ་གཅིག་ལས་བརྒལ་མེད་ཟེར་ ཨིན་མས་བ་ད་ འ་ནཱི་ ཏེ་ བལ་ཀྲམ་དཀརཔོ་གཅིགཔོ་འདིནི་ སྒྲོལ་མའི་སྐུ་སྦེ་བཞེངས་ད་ འ་ནཱི་སྒྲོལ་མའི་སྐུ་འདི་ཏེ་ སྐུ་གཅིག་སྦེ་ རྩ་ཆེ་ཏོག་ཏོ་སྦེ་སྒྲོལ་ལྗང་ཟེར་མི་འདི་འ་ནཱི་སྒྲོལམ་གཙོ་བོ་འདི་སྦེ་སྡོད་འོང་བ་སྒྲོལམ་ཉི་ཤུ་རྩ་གཅིག་ཡོད་པའི་གྲལ་ལས་གཙོ་བོ་འདི་ལུ་སྒྲོལ་ལྗང་ཟེར་སླབ་འོང་བ་ད་འ་ནཱི་སྒྲོལ་མའི་སྐུ་གཅིགཔོ་འདི་ བཞེངས་ཚར་ཏེ་འབད་རུང་ཡང་ང་ཁྱོད་ལས་ཕྱག་དབང་མི་ཞུ་ཟེར་ སླབ་དགོ་མི་དོན་དག་འདི།
  • བྲེ་གང་
    ད་ ཨ་ནཱི་ཏི་རུ་གཅིག་འབད་མེད་ས་འ་ནཱི་གི་སྒྲོལམ་བཞེངས་སྒྲོལམ་བཞེངས་ཚརཝ་དནི་ སྒྲོལམ་ཕུད་རྡོག་གཅིག་རང་མས་སྒྲོལམ་འདི་ཁོ་ཉི་ཤུ་རྩ་གཅིག་དགོ་པས་ཨིན་པས་ག་ད་ འ་ནཱི་འབདཝ་ལས་བརྟེན་ཏེ་གིས་ང་གིས་ནི་སྲུང་འཁོརཔ་སྦེ་མི་བརྟེན་ཟེར་བའི་ལོ་རྒྱུས་ཅིག་ད་ ཨ་ནཱི་དཔེ་འདི་སྒྲོལམ་དང་ནེམ་ཏི་རུ་གུ་ཆ་བཞག་ནུག་བ་འ་ནཱི་བཟུམ་སྦེ་རང་མནོ་མི་འདི་ཡང་ཤེས་པས་བ་ཏེ་ད་རང་གི་རྒྱུ་ཆས་ཡོད་ཡོདཔ་འདི་ད་ ཕོ་དང་མོ་གཅིག་གུ་ལུ་འབད་ ད་ཁྱོད་ན་གཞོན་འབདཝ་ད་སླབ་པ་ཅིན།
  • བྲེ་གང་
    ཕོ་དང་མོ་གཅིག་གུ་ལུ་འབད་ཆ་བཞག་སྟེ་ སླབ་རུང་ཡང་ཏེ་ རང་གི་ཡོད་མི་འདི་ ཕར་སྤྲོད་ཚར་ཡི་ཟེར་ད་དེ་ལས་ ཁྱོད་ཀྱིས་ངེ་གི་རེ་བ་མནོ་མི་གཅིག་བསྒྲུབ་མ་ཏེ་བ་ཅིན་ལཱ་དང་གཡོག་གཞན་གྱི་དོན་ལས་ང་གིས་ཁྱོད་ལས་རེ་བ་མི་བསྐྱེད་ཟེར་སླབ་དོ་བཟུམ་ཅིག
  • བྲེ་གང་
    ཕ་མ་ལུ་ཨིན་ཏེ་འབད་རུང་ཡང་ང་གི་ཕམ་ ཁྱོད་ཕམ་ཨིན་པས་ཟེར་དེ་འབདཝ་ད་ལུ་ ང་གིས་ཁྱོད་ལུ་ཏེ་ཕྱག་དང་ཞབས་ཏོག་འདི་ད་ལྟོ་ཚུན་ཚོད་འདི་ཞུ་ཡི་ཟེར་དེ་འབདཝ་ད་ལུ་ ཁྱོད་ཀྱིས་ང་ལུ་དགོ་པའི་རེ་བ་འདི་ བསྒྲུབ་མ་ཚུགས་པ་ཅིན།
  • བྲེ་གང་
    དེའི་ཤུལ་མ་ལས་ ང་གིས་ཕ་མའི་གི་ བརྩེ་གདུང་མི་བསྐྱེད་ཟེར་ལགས་ང་བཅས་མཐར་ཐུག་འབད་བ་ཅིན་ ཨ་ནཱི་སེམས་ལས་ དད་པ་ལོག་པའི་ལོ་རྒྱུས་ཅིག
  • བྲེ་གང་
    མཆོད་རྟེན་མི་འཇའ་ལ་གུ་འཇའ།།བྲག་གི་སྦུག་ལུ་ལ་རྐྱབ་ཡོད།།གནས་ལམ་བྲག་གི་གུ་ལས།།བསྐོར་ར་ལ་རྐྱབ་དགོ་མ་བདེ།།
  • བྲེ་གང་
    མཆོད་རྟེན་འདི་འཇའ་ཆི་ཆི་གནམ་མེད་ས་མེད་རྩ་ཆེ་ཏོག་ཏོ་ཡ་མཚན་ཆེ་ཏོག་ཏོ་གཅིག་ཏེ་ བཞེངས་ཡི་ཟེར་མས་བ་ཏེ་བཞེངས་ནི་འདི་དེ་འབདཝ་ད་བཞེངས་སའི་ས་གོ་འདི་ ག་ཏེ་བཞེངས་ཡི་ཟེརན་བྱག་གུ་བཞེངས་ཡི་ཟེར་མས་པ་ ཏེ་ཏེ་ལམ་འདི་བྱག་གུ་མཆོད་རྟེན་འདི་བྱག་གུ་རང་གི་རྒྱུ་ནོར་ཡོད་ཚད་མེད་ཚད་ག་ར་བཏང་མཆོད་རྟེན་འདི་བྱག་གུ་བཞེངས་བའི་ཟེར་དེ་ལས་ཏེ་ འགྱོ་སའི་ལམ་འདི་ བྱག་གུ་འབད་བའི་བསྒང་ལས།
  • བྲེ་གང་
    བསྐོར་ར་རྐྱབ་སའི་གི་ ལམ་མིན་འདུག་ཟེར་ཏེ་བསྐོར་ར་རྩ་ལས་རྐྱབ་དགོ་མི་བདེ་བས་ཟེར་ཏེ་ད་ལྟོ་དཔེ་འདི་ཕར་མཆོད་རྟེན་གུ་བཞགཔ་མས་ད་འ་ནཱི་བཟུམ་སྦེ་ ང་བཅས་ར་གི་ ཕམ་དང་བུམོ་ཨིན་རུང་གཉེན་དང་གྲོགས་དང་ཨིན་རུང་ད་འ་ནཱི་དོན་དག་འདི་ ནཱི་སླབ་མས་བ་ཏེ་རང་དགོ་པའི་གི་ མི་གཅིག་གི་རེ་བ་དཔྱད་དེ་གིས་འགྲོ་སོང་འདི་ག་ར་བཏང་ཚར་ཡི་ཟེརཝ་མས་བ་ཏེ།
  • རྡོ་རྗེ་རྒྱལ་མཚན་
    ཧ་ཧ་ཧ་་་།
  • བྲེ་གང་
    ད་བཏང་ཚར་ཞིནམ་ད་ལོག་ ནཱི་གི་ལམ་འདི་ནཱི་ནང་གི་ས་གོ་ནང་འགྱོ་ས་གི་ལམ་འདི་ད་ལྟོ་དཔེ་བྱག་གུ་ལས་ཕར་བཏོན་ཏེ་བ་སྨོ?
  • བྲེ་གང་
    འ་ནཱི་བཟུམ་སྦེ་ལམ་སྟབས་མ་བདེཝ་ལས་བརྟེན་ཏེ་གིས་འགྲོ་སོང་འདི་ཕར་བཏང་ཚར་ནུག་ད་ མཆོད་རྟེན་འདི་བཞེངསམ་ད་ རྒྱུ་ཆས་ག་ར་བཏང་ནུག་བ་ཏེ་སྨོ་ལོག་མཆོད་རྟེན་འདི་ བསྐོར་ར་རྐྱབ་པར་འགྱོ་མ་ཚུགས་པས་བ་འ་ནཱི་བཟུམ་ཅིག་སྦེ་ང་བཅས་གཉེན་དང་གྲོགས་ནང་ལུ་འབད་རུང་ཡང་ ནཱི་བཟུམ་སྦེ་འགྱོཝ་ཨིན་ཟེར་ད་ འ་ནཱི་བཟུམ་སྦེ་ ང་བཅས་ར་གཉེན་དང་གྲོགས་རྐྱངམ་ཅིག་སྦེ་མི་བརྩི་བ་ཏེ་ཕ་དང་བུ་ནང་འབད་རུང་ཡང་ ནེ་སྦེ་མམ།
  • བྲེ་གང་
    ད་ཅི་སླབ་མི་འདི་ ཏེ་ཡུདཔ་ཅིག་ཅོག་གཅིག་པས་བ་ཏེ་ཨིན་མས་གོ་ཤིག་ཨིན་ཨིན་ཏེ་ རང་གིས་ཕར་འབད་དགོ་མི་འདི་འབད་ཚར་ཞིནམ་ད་འབད་བའི་བསྒང་ལས་ སྔོན་མ་ལས་བལྟ་སྟེ་མ་བཏང་པས་བ་ཏེ་ཨིན་པས་ག་རེ་བ་དང་རེ་ཆི་སོ་སོ་དཔྱད་དེ་སྦེ་ད་ཕམ་ལས་ཨིན་རུང་དགོཔ་བཅའཝ་གི་ རེ་བ་དཔྱད་དེ་གི་འབད་རུང་ག་ཅི་འབད་དགོ་མི་འདི་འབད་ཚར་ནུག་ལོག་ཤུལ་མ་རང་དོན་འདི་ གྲུབ་མ་ཚུགས་འབད་བའི་བསྒང་ལས་ང་བཅས་ར་སྟབས་མ་བདེཝ་ཅིག་འདུག་བ་ཏེ།
  • བྲེ་གང་
    ང་ལུ་ཨ་ནཱི་སྦེ་ སྟབས་མ་བདེཝ་ཅིག་ཡོད་ཟེར་ བའི་ལོ་རྒྱུས་མས་སྟབས་མ་བདེཝ་གན་ཨིན་ན་ཁྱོད་ར་ཐུགས་བཞེད་གནང་།
  • ཧེ་ཧེ་ཧེ་་་་།
  • བྲེ་གང་
    ཏེ་ ང་བཅས་རྩང་མོ་བཏབ་ས་འབད་རུང་ འ་ནེ་སྦེ་ར་སླབ་འོང་བ་ཏེ་སྨོ?
  • གནག་ལེམོ་
    ཨིན་ལགས།
  • རྡོ་རྗེ་རྒྱལ་མཚན་
    ལགས་སོ།
  • བྲེ་གང་
    ཕར་རི་སྤང་གི་ལ་ལོག་ལས།།མཛོ་དང་མཛོ་མོ་ལ་གང་སོང་།།མི་ཁར་ཚུད་པའི་མཛོ་མོ།།གཅིག་དང་ལ་གཉིས་ལས་མིན་འདུག།ཟེར་ཨིན་པས་བ་ཏེ།
  • བྲེ་གང་
    ད་ཨ་ནཱི་ང་བཅས་རྩང་མོ་ངོ་མ་བཏབ་ས་འབད་ཅིན་ བཤད་པ་རྐྱབ་མ་ཚར་ཚར་ཚུན་ཚོད་མི་སླབ་བ་ཏེ་སྨོ?
  • གནག་ལེམོ་
    ཨིན་ལགས་ཨིན་པས་མ་པ།
  • བྲེ་གང་
    གསང་བཞག་འོང་བ།
  • གནག་ལེམོ་
    ཨིན་གསང་བཞག་དགོ་སླབ་ནི་མི་འོང་ལགས།
  • བྲེ་གང་
    བཤད་པ་རྐྱབ་ཚརཝ་ད་རྐྱངམ་ཅིག་ འ་ནཱི་ཨིན་ཟེར་ད་ཨ་ནཱི་མཛོ་དང་མཛོ་མོ་ཁོང་རྐྱབ་ཚརཝ་ད་ལུ་ཡང་ཁྱོད་ལུ་ཨ་ཙི་ཅིག་ཏེ་རྩང་མོ་གི་དོན་དག་ཧ་དགོ་ནིའི་དོན་ལུ་སྦེ་རྐྱབ་མམ་མ་གཏོགས་ཅིག་པོ་གཞན་མེད་བ་གམ་སྨོ་ཟེར་བ་ཅིན་ཨ་ནཱི་ང་བཅས་ར་ཕར་ཡར་ཕར་རི་ལུ་འབདན་ཏེ་ མཛོ་དང་མཛོམོ་མས་ ང་བཅས་ར་ནཱ་ནོར་སེམས་ཅན་བཟུམ་སྦེ་ཏེ་ འ་ནཱི་སྤང་ནང་ལེ་ཤ་འདུག་དེ་འབདཝ་ད་ནཱི་གི་སྦུག་ལས་མིག་ཁར་ཚུདཔ་གོ་ཆོདཔ་གཅིག་དང་གཉིས་ལས་མིན་འདུག་ཟེར་ ཨིན་མས་བ།
  • བྲེ་གང་
    ད་ འ་ནཱི་ང་བཅས་ར་ གཉེན་གྲོགས་གུ་བརྩི་རུ་བཏུབ་བུ་གཞི་གུ་བརྩི་རུང་བཏུབ་གམ་སྨོ་ཟེར་བ་ཅིན་ད་ཨམ་མས་སྨོ་བུ་གཞི་ལེ་ཤ་ར་ཡོད་དེ་རང་འབད་རུང་མོ་ལུ་ཕན་ཐོགས་མི་གཅིག་དང་ གཉིས་ལས་བརྒལ་མིན་འདུག་ཟེར་གཉེན་དང་ཉེཝ་སྦེ་བརྩི་རུང་བཏུབ་འ་ནཱི་བཟུམ་ཅིག་ཨིན་ཟེར་ སླབ་པའི་ལོ་རྒྱུས་འ་ནེ་སྦེ་ད་ བཏུབ་པས་མེན་ན?
  • རྡོ་རྗེ་རྒྱལ་མཚན་
    བཏུབ་པས་ལགས།