Skip to main content Skip to search
25 Jun 2018
1 min 38 sec
Video Overview
Creators: 
Duptho, Sonam Chophel

The practice of astrology (tsi) is a popular in Bhutan. Tshering Wangdi from Yabrang village is a community astrologer, playing a vital role in local people’s lives. Tshering Wangdi says he learnt astrology from his father Patoka starting at age eleven, and that the practice has been passed down from generation to generation. There are various methods of astrological calculation—consulting holy books, reading palm lines, doing rosary divination (mo), using dice and reading tarot decks. Tshering Wangdi says that his favorite method is analyzing the pattern of rice sprinkled on a small wooden table. 

༉  མོ་རྩིས་བལྟ་ནི་འདི་ འབྲུག་རྒྱལ་ཁབ་ནང་ ཧེ་མ་ལས་དར་ཏེ་ཡོད་པའི་སྔར་སྲོལ་ལམ་ལུགས་ཡོངས་གྲགས་ཅིག་ཨིནམ་ལས་ འདི་ལུ་འབྲུག་མི་གེ་ར་གིས་ཡིད་ཆེས་སྐྱེདཔ་ཨིན། གཡུས་ཡབ་རང་ལུ་ རྩིས་བལྟ་མི་ཚེ་རིང་དབང་འདུས་རྐྱངམ་ཅིག་འབདཝ་ལས་ གཡུས་དེ་ནང་ ཁོ་ལུ་བརྩི་མཐོང་དང་དག་སྣང་སྦོམ་སྦེ་འབདཝ་ཨིནམ་ད་ ཚེ་རིང་དབང་འདུས་འདི་ སྐྱེས་ལོ་ ༡༡ སྦེ་སྡོད་པའི་སྐབས་ལས་ར་ཁོ་རའི་ཨ་པ་པོ་ཏོ་ཀ་ལས་ རྩིས་བལྟ་ནི་ལྷབ་སྟེ་ཡོདཔ་ཨིན་མས། མི་ཚུ་ནཝ་ཚཝ་ཕོགཔ་ཅིག་ དེ་འཕྲོ་ལས་རྒྱུ་རྐྱེན་ག་ཅི་ཨིན་ན་དང་ ནདཔ་འདི་སངས་ནི་གི་དོན་ལུ་ ག་ཅི་ར་འབད་དགོཔ་ཨིན་ནའི་དོན་ལས་ རྩིསཔ་འབད་སར་མོ་རྩིས་བལྟ་བར་འགྱོ་དོ་ཡོདཔ་མས། མོ་རྩིས་བལྟ་ནི་འདི་ ཐབས་ལམ་མ་འདྲཝ་ལེ་ཤ་ཡོད་པའི་ནང་ལས་ ལ་ལུ་གིས་དཔེ་ཆ་ནང་ལས་བལྟ་དོ་ཡོདཔ་ད་ ལ་ལུ་གིས་སྤར་རི་སྦུག་གི་ཐིག་གུ་ ལ་ལུ་གིས་ཕྱེངམ་གུ་ ལ་ལུ་གིས་ཤོ་ཚུ་ལག་ལེན་འཐབ་སྟེ་བལྟཝ་མ་ཚད་ ལ་ལུ་གིས་སྐུདཔ་གུ་ཡང་བལྟ་སྲོལ་ཡོདཔ་ཨིན་པས། ད་ལྟོ་ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ཆུམ་གུ་སྦེ་བལྟ་སྲོལ་ཡོད་པའི་འབྲུ་མོ་བཏབ་ཐངས་ཅིག་ ཤིང་གི་སྤྱན་སྟེགས་གུ་ཆུམ་བླུགས་ཞིནམ་ལས་བལྟཝ་ཨིན་པས། གཞན་མི་དང་འཕྱདཔ་ད་ འབྲུ་མོ་བཏབ་ནི་འདི་ འཇམ་ཏོང་ཏོ་འདུག་ ཟེར་བཤདཔ་ཨིནམ་ད་ མི་ཚུ་རྩིསཔ་འབད་སར་འོངམ་ད་ལུ་ ནདཔ་དེ་དྲག་ནི་གི་རེ་བ་སྦོམ་བསྐྱེད་དེ་འོངམ་ལས་ མོ་རྩིས་བཏབ་མི་འབད་རུང་ འགན་ཁུར་ཐེབས་སྦེ་ར་འབག་དགོཔ་ཨིན་པས།

Transcript search
No results found for this search
0 of 0
  • ཚེ་རིང་དབང་འདུས་
    Tshering Wangdi: ནམ་ལས་ན་ཡི་ཁྱོད་ ང་གིས་བལྟ་གེ་སྨེ།
  • ཚེ་དབང་
    Tshewang: ཞག་གསུམ་ཡར་སོ་ཡི།
  • ཚེ་རིང་དབང་འདུས་
    Tshering Wangdi: ལོ་རྟགས་ག་ཅི་སྨོ་ བལྟ་ནི་གི་ མོ་བལྟ་ནི།
  • ཚེ་དབང་
    Tshewang: ལོ་ སྤྲེལ་ལགས།
  • ཚེ་རིང་དབང་འདུས་
    Tshering Wangdi: ཨེའེ་་་་ཡ་ཡ་ བལྟ་གེ་སྨེ་ ད་འབདན་
  • ཚེ་རིང་དབང་འདུས་
    Tshering Wangdi: ཡ་ འཐོན་མས་ཨ་ནཱ་ལས་ གཤིན་འདྲེ་གཉིས་ མོ་གཤིན་ཕོ་གཤིན་ བླ་འབོ་བཀུག་སྟེ་ གསེར་སྐྱེམས་བཏང་ ཚེ་སྒྲུབ་བཏང་ དེ་ལས་ཨ་ནཱ་ལས་ ནཱ་ཁྱོད་རའི་བླ་ཅིག་འབོ་ ལོ་འབད་བ་ཅིན་ འབྲུག་ སྦྲུལ་ རྟ་འདི་ཚུ་གིས་བཟློག་ཚུགས་པས་གཤིན་འདྲེ་ལུ་འབད་བ་ཅིན། དེ་ལས་ཨ་ནཱ་ལས་ ཁྱོད་རའི་ཁྱིམ་ལྟག་ལུ་ ཀླུ་ཅིག་འདུག ཀླུ་ལུ་བྱིན། དེ་ལས་ཏེ་ དྲག་ནི་མས་ཁྱོད། དེ་ལས་ཨ་ནཱ་ལས་ ནཱ་ཆོས་ཀྱི་ནང་ལས་ཨ་ནཱིམ་ཅིག་འཐོནམ་མས། ཏེ་གཞན་འདི་ ག་ཅི་ཡང་མིན་འདུག་ ཁྱོད་ལུ་གནོད་མི།། །།