Video Overview
Two Tibetans express their displeasure at the poor quality of goods these days in the Tromzikhang and their frustration with their inability to change this situation. Note their exaspirated facial expressions, their sighing when expressing frustration, and the way they clasp their hands tightly in a display of anxiety.
- Tromzikkhang
- དབང་འདུས་ལགས་ད་ད་བཞག་༼དེང་སང་༽ཅ་ལག་དངོས་པོར་ཆ་བཞག།
- ལྷག་པ་ལགས་འདུག་ག་ད།
- དབང་འདུས་ལགས་ལགས།
- ལྷག་པ་ལགས་དབང་འདུས་ལགས་ཁྱེད་རང་ དེ་བཞག་༼དེང་སང་༽ངས་ཁང་པ་གཅིག་ཉོས་པ་རེད་བྱས།
- དབང་འདུས་ལགས་ལགས་སེ།
- ལྷག་པ་ལགས་ད་ཁང་པ་ཁོ་གོང་ལ་ནི་རྦད་དེ་ད་ཁྲི་བརྒྱད་རས་༼རེད་དམ་༽ག་ཚོད་རས་ག་ཚོད་རས་གཅིག་རེད།
- ལྷག་པ་ལགས་ད་ཁོ་སྤུད་ཚད་ནི་ནོར་ཉན་པ་མིན་འདུག་ད།
- ལྷག་པ་ལགས་ད་ཁྱེད་རང་ད་གང་འདྲས་༼གང་འདྲ་༽བྱས་པ་དགའ་གི་རས་༼རེད་དམ་༽ད།
- ལྷག་པ་ལགས་ཧའེ་་་་་་་་་་་་་་་
- དབང་འདུས་ལགས་ཡོའོ་༼ཡོད་༽མ་རེད་ད་དེང་སང་གིའི་ཅ་ལག་ལ་ཡའི༼ལ་ཡང་༽
- དབང་འདུས་ལགས་ཁྱོན་ནའི་༼རྩ་བ་ནས་༽
- དབང་འདུས་ལགས་སྤུད་ཚད་ཟེར་དང་ཐིག་པ་གཅིག་ཡོའོ་༼ཡོད་༽མ་རེད།
- དབང་འདུས་ལགས་ཁྱེད་རང་དེ་འདྲས་༼དེ་འདྲ་༽གསན་ནི་གང་ཡོང་ངས་འདི་བཤད་ནི་ནུས་ཀྱི་མིན་འདུག།
- ལྷག་པ་ལགས་ད་དེའི་ནང་ནས་དེ་བཞག་༼དེང་སང་༽ཁྱེད་རང།
- ལྷག་པ་ལགས་པུ་གུའི་༼ཕྲུ་གུ་༽ལྟོབས་ཆས་དེ་ཀྱས་༼དེ་ཚོ་༽དེ།
- ལྷག་པ་ལགས་ཁྲོམ་གཟིགས་ཁང་གིའི་ནང་ལོག་དེ་ཀྱས་ནི་གང་ག་༼ཚང་མ་༽ལོག་རྦད་དེ།
- དབང་འདུས་ལགས་ཧའེ།
- ལྷག་པ་ལགས་ཕན་མི་ཐོགས་པ་རྐྱང་རྐྱང་རྫུན་མ་རྐྱང་རྐྱང།
- ལྷག་པ་ལགས་ཙོ་ད་དཔེ་སྲིད་ཀྱི་མ་རེད་དེ་འདྲས་༼དེ་འདྲ་༽བརླག་ཁྱེར་གི་མ་རེད།
- དབང་འདུས་ལགས་བྱས་ཙང་དེ་འདྲས་༼དེ་འདྲ་༽དེ་ཡུལ་སྐོར་ལ་གནོད་པོ་ཞེ་པོ་གཅིག་ཡོའོ་༼ཡོད་༽རེད་ཟེར་གི་༼གྱི་༽འདུག་ག།
- ལྷག་པ་ལགས་བྱས་ཙང་ག།
- དབང་འདུས་ལགས་སྡུག་ཉེས་ན་ཚེ་སྲོག་ལ་ཡའི་༼ལ་ཡང་༽སྐྱོན་བྱེད་གི་༼ཀྱི་༽ཡོད་པ་འདྲ།
- དབང་འདུས་ལགས་ག་རེ་ཟེར་དགོ་༼དགོས་༽རས་༼རེད་དམ་༽ད་སུར་བཤད་དགོ་༼དགོས་༽རས་༼རེད་དམ་༽
- ལྷག་པ་ལགས་བྱས་ཙང་ད་སུར་བཤད་ཀར་འགྲོ་དགོ་༼དགོས་༽རས་༼རེད་དམ་༽ད་ང་རང་ཚོ།
- ལྷག་པ་ལགས་འོ་ཙི་ལ།
- ལྷག་པ་ལགས་དེ་འདྲས་ཨ་ནི་སྲིད་གཞུང་གིས་དེ་མིའི་དེའི་ཁར་ཐུག་དེ་བར་བདག་པོ་ར་གཅིག་མ་སྐྱོན་པ་དེ་གང་འདྲས་རས་༼རེད་དམ་༽ད།
- དབང་འདུས་ལགས་ཨ་ཡ།
- དབང་འདུས་ལགས་ད་བྱས་ཙང་ད་འདི་ཞུ་ས་མིན་འདུག་ལ་ད།
- དབང་འདུས་ལགས་ད་ང་ཚོ་མཐོང་ནའི་ལས་༼མཐོང་ན་ཡང་༽འདུག་ཟེར་བཞག་རྒྱུ་རེད།
- ལྷག་པ་ལགས་ད་འདུག་ཟེར་བཞག་བྱས་པ་ཡིན་ན་ད་ཁྱོན་ནས་༼རྩ་བ་ནས་༽ཡོང་ཡག་མིན་འདུག།
- ལྷག་པ་ལགས་ད་ང་རྦད་དེ་ཁོག་པའི་ནང་ནས་ཁོང་ཁྲོས་མེ་ར་གཅིག་འབར་ཡོང་གིས་ལ་ད་།
- དབང་འདུས་ལགས་ད་ཁྱེད་རང་ཨ་ནི་འདའི་༼འདིར་༽ཐབས་ཤེས་ག་རེ་ཡོའོ་༼ཡོད་༽རས་༼རེད་༽
- དབང་འདུས་ལགས་ང་རང་ཚོས་མཛུབ་གུས་གནམ་གིའི་རྡོལ་པ་ཕིབ་གི་མ་རེད་པ།
- ལྷག་པ་ལགས་ད་བྱས་ཙང་དེ།
- ལྷག་པ་ལགས་ག་རེ་བྱས་ནའི་༼བྱས་ན་ཡང་༽བཟོད་སྒོམ་ཐུབ་ཡག་གཅིག་ཡའི་༼ཡང་༽མིན་འདུག།
- དབང་འདུས་ལགས་འོང་ཡོའོ་༼ཡོད་༽མ་རེད།
- དབང་འདུས་ལགས་ཙོ།
- ལྷག་པ་ལགས་ཧའེ་་་་་སྤུད་ཚད་མེད་པའི་གཅིག་གིའི་སྒང་འདའི་༼འདིར་༽ཡ་གོང་རེ་པོ་དེ་ཀྱས་༼དེ་ཚོ་༽ཆེ་བ་གཅིག་ཡོའོ་༼ཡོད་༽རེད།
- དབང་འདུས་ལགས་བྱས་ཙང་ག་ད་གོང་དང་ཅ་ལག་གཉིས་ཨ་ནི་གབ་བསུ།
- དབང་འདུས་ལགས་ག་རེ་ཟེར་དགོ་༼དགོས་༽རས་༼རེད་དམ་༽
- དབང་འདུས་ལགས་གཅིག་སྤུད་ཚད་ཏག་ཏག་མ་བསྡད་པ་ར་གཅིག།
- ལྷག་པ་ལགས་ད་ད་དུང་དེ་བཞག་༼དེང་སང༽
- ལྷག་པ་ལགས་ནང་མ་ཁང་ཡིན་ན་ཟེར་མཁན་གཅིག་རྦད་དེ་ཁ་ལ་སྡུག་ཅག་ཞེ་པོ་༼ཧ་ཅང་༽་གཅིག།
- ལྷག་པ་ལགས་མི་གང་ག་༼ཚང་མ་༽འདིའི་ནང་ལ་འཕྲོ་བརླག་བཏང་གིས།
- དབང་འདུས་ལགས་ཧའེ་་་་་་་་་་་་
- ལྷག་པ་ལགས་ང་རང་ཚོ་བོད་རིགས་དེ་ཀྱས་༼དེ་ཚོ༽
- དབང་འདུས་ལགས་བྱས་ཙང།
- ལྷག་པ་ལགས་ཟེར་གྱི་འདུག་ག།
- ལྷག་པ་ལགས་ད་འདི་ཨ་ཙིས།
- ལྷག་པ་ལགས་གང་འདྲས་ཟེར་མེད་པ་བཟོ་དགོ་༼དགོས་༽རས་༼རེད་དམ་༽ད།
- ལྷག་པ་ལགས་ད་ཁྱེད་རང་གིས་གསུངས་གསུངས་ཁོ་ར་རེད་ཐབས་ཤེས་ཡོའོ་༼ཡོད་༽མ་རེད་ད།
- ལྷག་པ་ལགས་མཛུབ་གུས་གནམ་ཕིགས་ཡག་གིའི་ཡོའོ་མ་རེད།
- དབང་འདུས་ལགས་ད་ཡོའོ་༼ཡོད་༽མ་རེད།་ད་གཡུགས་བཞག་རྒྱུ་རེད།
- ལྷག་པ་ལགས་ད་འདུག་ཟེར་སྡུག་རུསས་རྒྱག་རྒྱུ་རེད་པས།
- དབང་འདུས་ལགས་འོ་ད།
- ལྷག་པ་ལགས་ཧ་ཡུ།
- དབང་འདུས་ལགས་ཧའེ།