Skip to main content Skip to search
20 Jan 2016
2 min 27 sec
Video Overview
Creators: 
Sherig Dhentshog

Tshering Dorji and Khandu Zangmo from Shingchongri in Pemagatshel Dzongkhag (district) show the tradition of grinding maize in stone mills. It is especially widespread in the eastern part of the country as those people grow maize on a large scale. Maize is the main food there since rice plantation is relatively rare. Stone mills are quite heavy and must normally be run by two people to grind the maize into smaller particles. These smaller pieces are then used as food. Powders are used for porridge as well as used as food for animals.

 

༉  པདྨ་དགའ་ཚལ་རྫོང་ཁག་ཤིང་ལྕོང་རི་ལས་ ཚེ་རིང་རྡོ་རྗེ་གིས་ ངོ་ཚ་བའི་དགོད་བྲོ་ཅིག་སླབ་སྟེ་ཡོདཔ་ད་ དགོད་བྲོ་འདི་ ཧེ་མ་ རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་ཡར་མར་སྦེ་འབྲེལ་བ་འཐབ་སྡོད་པའི་ནམ་དུས་ལུ་ གཡུ་རུང་རྩེ་བར་པའི་མི་ཚུ་ གཙོ་ཁི་ཟེར་སར་འགྱོ་བའི་སྐབས་བྱུང་བྱུངམ་ཅིག་ཨིན་པས། དེ་ཡང་ བདེན་རྫུན་ག་དེ་སྦེ་ཨིན་ས་ཅིག་རུང་ དགོད་བྲོ་སླབ་མི་ཚེ་རིང་རྡོ་རྗེ་གིས་སླབ་མི་ནང་ ས་གནས་གཙོ་ཁི་ལུ་ གཞན་ཚུ་ག་ར་ རྒྱ་གར་གཡུས་ཁ་ལས་ཕར་བཤལ་འགྱོ་བའི་སྐབས་ལུ་ ཨམ་གཉིས་དེ་ལུས་ལུསཔ་མས། དེ་ལས་རྒྱ་གར་ཨཔ་གཉིས་མར་ལས་ཡར་ རྐང་འཁོར་བཏང་སྦེ་འོང་ཞིན་ན་ ཨམ་གཉིས་འབད་སར་ལྷོད་སྦེ་ ཨམ་གཉིས་ལུ་ རེད་ཕད་ཙེ་གཉིས་བྱིན་ནི་ རྒྱོ་རྐྱབ་གེ་ཟེར་སླབ་སྟེ་ རྐྱབ་བཅུག་ཞིནམ་ལས་ རྒྱ་གར་ཨཔ་གཉིས་ རེད་འབག་འོང་གེ་སྨེ་ ཟེར་སླབ་སྦེ་སོང་ཞིནམ་ལས་ ལོག་འོང་ནི་ར་མེད་པ་ རེད་ཡང་མ་ཐོབ་པར་ ཨ་ནཱིམ་ཅིག་སྦེ་ལུས་སོངཔ་ཨིན་མས།

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཧེ་མ་ ཡར་ གཡུ་རུང་ རྩེ་བར་པ་ཚུ་ གཙོ་ཁྱི་ བཟའ་བར་སོང་སོངམ་མས་ མར་བལྟ་ མཁའ་བ་རི་ ལབ་རྩེ་ཁར་ ལྷོདཔ་ད་ལུ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨ་པ་ ཨ་མ་ཨིན་རུང་ བུམོ་ཨིན་རུང་ ངོ་མ་ཚར་བར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཏེ་མར་ རྡོ་མ་ཎི་བྷ་ཛར་ ཆུ་གཉིས་འཛོམས་ས་ལྷོདཔ་ད་ལུ་ཏེ་ རྡོ་ལེབ་གཅིག་ཡོད། འདི་གུ་ ཆུམ་རྡུང་སྟེ་ བཟའ་བཟའཝ་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ གཞན་མི་ཚུ་འདི་ མར་ རྒྱ་གར་གྱི་ གཡུས་ཚུ་ནང་བཤལ་བ་ཡར་སོང་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཏེ་འདི་ནང་ པམ་ལུ་འདི་ ཁོང་གསུམ་ གཙོ་ཁྱི་ལུ་ཏེ་ ཨམ་གཉིས་ལུས་སོང་མས། དེ་ལས་ མར་ལས་ ཡར་བལྟ་ ཤུམ་བཀྲ་ཏྲ་བྷ་ཛར་ལས་ ཡར་ལྟ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    རྒྱ་གར་ཨཔ་གཉིས་ རྐང་འཁོར་བདའ་སྟེ་ འོང་འོངམ་མས་ཡར་བལྟ་ ཨ་མ་ པམ་ཕྱོགས་ལུ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ རྒྱ་གར་ཨཔ་གིས་ སླབ་སླབ་མས།་ ཨ་མ་གཅིག་ལུ་ ཁུན་དྲི་བུ་ན་ཟེར་ སླབ་སླབ་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    རྒྱོ་རྐྱབ་བཅུག་འོང་ག་ཟེར་བའི་དོན་ཨིན་པས་ལགས། དེ་ལས་ཏེ་ ཐཱན་དུད་མཱོན་དུད་བོ་ ཁུན་དྲི་བུ་ན་ཟེར་ སླབ་སླབ་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ ཆུམ་དོས་གཉིས་བྱིན་གེ་ ཁྱོད་གཉིས་ཀྱིས་ རྒྱོ་རྐྱབ་ཅུག་འོང་ག་ཟེར་ སླབ་སླབ་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ད་ ཆ་རོགས་འདི་ སེམས་མ་བདེ་བར་ གཞན་མི་ ཆ་རོགས་ཡོད་སར་ བསྟུན་གྲོས་འཚོལ་བར་སོང་ནུག
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དབའི་ ཆ་རོགས་ ཧང་ རྒྱ་གར་ ཨཔ་གཉིས་ཀྱི་ ཆུམ་དོས་ར་གཉིས་སྦྱིན་ནི་ཟེར་ སླབ་དེས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    རྒྱོ་རྐྱབ་ཅུག་འོང་ག་ཟེར་ སླབ་དེས་ཟེར་ སླབ་ཨིན་པས་ ཆ་རོགས་ཀྱིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ གཞན་མི་ ཆ་རོགས་གཅིག་གིས་ དབའི་ བཏུབ་དབའི་ ག་ཅི་སྦེ་ནི་ ཆུམ་དོས་གཉིས་བྱིན་པ་ཅིན་འདི་ ང་བཅས་ཚུ་ ཧ་ལམ་ལང་འོང་སྟེ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ག་ཅི་སྦེ་ནི་ སྤོག་ཏེ་ མི་འབག། ཁོང་ཨཔ་ཚུ་ལུ་འདི་ ཁོང་གསུམ་ལུ་ར་ ལུས་འོང་།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འབད་བཅུག་གེ་ ག་ཅི་འབད་ནི་ཟེར་ རྒྱ་གརཔ་དང་གཅིག་ཁར་ ལུས་འབྲེལ་འབད་ནུག
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ལུས་འབྲེལ་འབད་དེ་ ད་ རྒྱ་གརཔ་ ཨཔ་ གཉིས་ཀྱིས་ མོར་ཨ་ཁི་བོ་ ཐཱན་ཨཱན་ད་དི་བོ་ དེ་ ཐ་ཁི་བི་དེ་ཟེར་ སླབ་ཨིན་པས། རྒྱ་གར་ ཨ་པ་གིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཆུམ་དོས་གཉིས་འབག་འོང་ནི་ སྡོད་སྨ་རེ་ཟེར་ སླབ་སྟེ་ཡར་སོང་ནུག
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ རྒྱ་གར་ ཨཔ་གཉིས་ རྒྱོ་རྐྱབ་ཚར་ཞིནམ་ལས་ཏེ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    རྐང་འཁོར་གུ་ཞོན་ཏེ་ གཡུས་ཁར་ ལོག་འགྱོ་ཡར་སོངམ་ད་ ཆུམ་ཡང་ ལོག་མ་ཐོབ་པས་ལགས་ དེ་སྦེ་དེམ་ཅི་སྦེ་ འཇུག་འདུ་ཡི་ དེ་སྦེ་ ཧི་ཧི་ཧི་ཧི་་་་་་་་་་