Skip to main content Skip to search
20 Jan 2016
6 min 45 sec
Video Overview
Creators: 
Sherig Dhentshog

People from Yurung Tsebar village in Dechencholing Gewog (county) in Pemagatshel Dzongkhag (district), usually go to work in Assam, trading their labor for rice paddies that cannot be grown at their own place. In the past two women came across two Indian men along the way and asked them for sex. In return the Indians promised to provide them with a paddy but sadly the two men did not hold up their end of the bargain. The Indians had abused the Bhutanese women, in not keeping their promise.

 

༉  པདྨ་དགའ་ཚལ་རྫོང་ཁག་ ཤིང་ལྕོང་རི་ལས་ཚེ་རིང་རྡོ་རྗེ་གིས་ གློག་བརྙན་ཐུང་ཀུ་འདི་ནང་མི་དང་སེམས་ཅན་ཚུ་འདོད་སྤྱོད་འབད་བའི་དཔེ་ཚུ་སྟོན་མི་འདི་ ཕྱི་ཁ་ལས་དགོད་བྲོ་བཟུམ་ཅིག་ཨིན་རུང་ དོན་ངོ་མ་འདི་ མི་དང་སེམས་ཅན་འདོད་སྤྱོད་འབད་བའི་སྐབས་ ག་འབད་མི་དེ་བཟུམ་སྦེ་ར་སྟོན་ནི་འདུག དེ་ཡང་ སེམས་ཅན་གླང་དང་རྟ་ བྱ་པོད་དང་བྱི་ལི་ དེ་ལས་མི་ཕོ་མོའི་བར་ན་ ལུས་འབྲེལ་ག་དེ་སྦེ་འབདཝ་ཨིན་ན་ཚུ་སྟོནམ་ཨིན་པས། སེམས་ཅན་ནང་འཁོད་ལུ་འདོད་སྤྱོད་འབད་ནི་འདི་ཡོངས་གྲགས་དང་ ག་གིས་ཡང་མ་ཤེསཔ་མེད་རུང་ ཤར་ཕྱོགས་རྫོང་ཁག་ནང་འབད་བ་ཅིན་ ཚངས་ལའི་སྐད་ལས་ གནའམ་གནང་ཟེར་ དགའ་མཐུན་བཟོ་ཐངས་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་གཞན་མི་དང་ཕྱདཔ་ད་ ཨ་ཙི་ཅིག་མ་འདྲཝ་སྦེ་ཡོདཔ་ཨིན་པས། འདི་བཟུམ་གྱི་ལམ་ལུགས་འདི་ མང་ཤོས་ཅིག་མཐའ་ཟུར་གྱི་གཡུས་ཚན་ནང་ ཨམ་སྲུ་ཚུ་ལོ་ཐོག་བསྲུང་པར་འགྱོ་བའི་སྐབས་བྱུང་དོ་ཡོདཔ་ད་ ཨ་ལུའི་ཨ་པ་མེད་པའི་གནས་སྟངས་དེ་ཡང་ ནཱི་ལས་བརྟེན་བྱུང་དོ་ཡོདཔ་ལས་ ལོ་ངོ་དག་པ་ཅིག་གི་ཧེ་མ་ ཨམ་སྲུ་ཚུ་ལུ་བྱ་སྟབས་མ་བདེཝ་ལེ་ཤ་ཅིག་བྱུང་སྟེ་ཡོདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ད་ ཁྱོད་ཚུ་འདི་ དཔེར་ན་ མོ་འདི་ འདབ་མ་འ་ནཱ་བཟའ་སྡོདཔ་ཨིན། རྩྭ་བཟའ་དེ་ ཨཔ་དེ་ ཨཔ་དེ་ ་ལེ་ཤ་ མི་བཟའ་ ཁོ་ཏེ་ཐོབ་ནིའི་དོན་ལས་ (ཀེ་རེམ)གཞོངམ་བདེ་ཕིར་ཕིར་རྐྱབ་སྡོད་སྡོདཔ་འོང་།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ མོ་ཏེ་ འདབ་མ་རྩ་ཟ་སྡོད་མི་དེ་ ཧོད་ཧོད་ཟེར་དཀྲོག་འོང་ དཀྲོགཔ་ད་ ཨཱ་ཨཱ་ཟེར་ ལགཔ་གིས་ ཨ་ཙི་ཅིག་ འཐོན་ཏེ་སྦེ་འོང་ ཁོང་ཚུ་གིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨོད་ཨོད་ ཧུམ་ཧུ་ཧོ་ཧོ་ཟེར་ འབད་འོང་། མོ་གི་སྦོག་ལོག་ཁར་ལྷོདཔ་ད་ དེ་ལས་ མོ་གིས་ མཇུག་མ་ ཨ་ཙི་ཅིག་ ལེ་ཏེ་ལེ་ཏེ་ སྤར་འོང་ཏེ་ དེ་ག་ཅི་སྨོ་ཟེར་བ་ཅིན།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོང་གི་ ཁོང་གཉིས་བསྡོམས་ད་ འདོད་ཆགས་འོང་མི་གཉིས་བསྡོམས་པའི་ བརྩི་ཨིནམ་པས་བལྟཝ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཕུཊ་ ཨོད་ ཨོད་ ཨུད་ཧོད་ཧོད་ཟེརཝ་ད་ མོའི་སྦོག་ལོག་ཁར་ལྷོདཔ་ཨིན་ འདི་ཨིན་ འ་ནཱེམ་ཅིག། དེམ་ཅིག་ར་འབད་འོང་། དེ་ལས་ ཁོང་སྦྱོར་བ་མཛད་ཚར་འོང་།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ གླང་གི་ མོ་ནཱ་ཡོདཔ་མས།ཅོག་གཅིགཔ་ར་ གླང་ ཧེ་མ་ར་ དེ་སྦེ་ དྲིམ་ཧུམ་བལྟ་འོང་། ཧེ་མ་ར་ ཧེ་མ་ར་ ཨུབ་གུ་དཀྲོག་འོང་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་སྦེ་ ཨ་ཙི་ཅིག་ དྲིམ་ཧུམ་དེ་སྦེ་ དེ་ལས་ཏེ་ བ་གིས་ ཆུ་ ཆུ་ཨ་ཙི་ཅིག་ པར་ཏ་པི་ཏི་འབདཝ་ད་ཏེ་? ཆུ་ཤོར་དོ་མས་ཏེ་ཁོང་ར། དེ་ལས་ཏེ་ ད་རུང་ དེ་སྦེ་འབད་འོང་ ཁོ་གིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨོད་ཨོད་ཟེར་ བལྟ་འོང་ ཞོན་བལྟ་འོང་ འཛེག་ཚུགས་ག་མི་ཚུགས་ག། དེ་ལས་ དརུང་ ཧ་ལམ་ཅིག་ལས་ ཅ་ལ་ལོང་སྟེ་རང་འོང་མེན་ན?
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ང་བཅས་ཚུ་ འདོད་ཆགས་འོངམ་ད་མེན་ན? དེ་ལས་ཏེ་ ལྟག་ལུ་འཛུལ་ཏེ་ ལུས་འབྲེལ་འབད་ཚརཝ་ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    རྟ་གི་འདི་ དེ་སྦེ་འབད་དེ་ལགས། རྟ་ཚུ་གི་འདི་ ཧེ་མ་ར་ ཧེ་མ་ར་ མོ་ མོ་འདི་ འདོད་ཆགས་འོང་མས་མེན་ན་ རྟ་གི་འདི?
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཕོ་འདི་ ཨི་ཧི་ཧི་ཧི་འབདཝ་ད་ ཏེ་དྲིམ་ རྟ་མོ་གི་ཁ་དང་ ཁོ་གི་དང་ ཨི་ནཱ་ཨི་ནཱ་འབདཝ་མས་ ཕོ་གིས་ ཕོ་གིས་དེ་སྦེ་འབད་འོང་།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ རྟ་མོ་འ་ནཱེ་སྦེ་འགྱོ། ཨུབ་ཕར་དེ་སྦེ་བྱིན་འོང་ དེ་ལས་ཏེ་ ཁོ་གིས་ མར་ རྡོ་རྗེ་འབར་ཏེ་ ཨེ་འུ་ཧི་ཧི་ཧི་ དེ་སྦེ་ ཁོང་ དེ་སྦེ་ཚར་འོང་ལགས། དེ་སྦེ་ དེ་སྦེ་ཨིན་ལགས་རོགས།
  • མི་སེར་/ Villager:
    བྱ་པོད་ཀྱི་འབད་་ བྱ་པོད་ཀྱི།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    བྱ་པོད་ཀྱི་ཨིན་ན?
  • མི་སེར་/ Villager:
    ཨའེ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོ་གི་འདི་ ཁོ་གི་འདི་ དེ་སྦེ་སྡོད་ཞིནམ་ལས་ ཧེ་མ་རང་ སྐད་རྐྱབ་སྟེ་ མོའི་ཁ་ཐུག་ལུ་ ཙམ་ཞིནམ་ལས་ གོ་ཏོ་གོ་ཏོ་གོ་ཏོ་འབད་དེ་
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ ད་རུང་ ཚར་གཅིག་ ཀོ་ཏེ་ཀོ་ཏེ་ཀོ་ཏེ་འབད་ དེ་ལས་ཏེ་ ཨོལ་ལྐོག་བསྡམས་ཞིནམ་ལས་ ལྟག་ལུ་འཛེདཔ་མས། དེ་ལས་ འབད་ཚརཝ་མས་ ཁོ་འདི་ཏེ། རྫོགས་སོང་ཡི་ལགས་ ངེ་གི་ ཧ་ཧ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་སྦེ་ བྱི་ལི་གི་འདི་ ག་དེ་སྦེ་འབད་འོང་། བྱི་ལི་མོ་ འ་ནཱེ་སྦེ་སྡོད་ཞིནམ་ལས་ ཕོ་གིས་ ཨེའོ་ཨེའོ་མེ་འོ་ ཧེ་མ་ལས་ར་ དཀྲོག་སྟེ་སྐད་རྐྱབ་འོང།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    མེའོ་མེའོ་ཟེར་ སྐད་རྐྱབ་མས། ཕོ་གི་ དེ་ལས་ མོ་འདི་ ས་ལ་སི་ལི་སྦེ་ བལྟ་ཏེ་ ག་ཅི་སླབ་ནི་ཨིན་ན་ཟེར་ཨིན་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    མེའོ་ དེ་ལས་ ཧ་ལམ་ཅིག་ལས་ བྱི་ལི་ཕོ་འདི་ མོའི་ ཨོལ་ལྐོག་ཕམ་བཏབ་བཞག་མས། དེ་འབད་ དེ་ལས་ཏེ་ འ་ནཱི་ རྐངམ་གཉིས་ཀྱིས་ཏེ་ མོའི་ ནཱ་བརླད་དོ་ རྒྱ་གྲམ་གཉིས་ལུ་བརྟེན།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨེའོ་ཨེའོ་ཨེའོ་ཨེའོ་ཟེར་ སྐད་རྐྱབ་སྡོད་མས། དེ་ལས་ཏེ་ གཞན་མི་འདི་གིས་ མཇུག་བསྡུཝ་མས་ ཁོང་གི་ཏེ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ བྱི་ལིའི་ མཇེ་འདི་སོ་ལོང་ལོང་།མོ་གིས་ མཇེ་ དེ་སྦེ་འབདཝ་ད་ བྱི་ལི་ཕོ་འདི་ མཆོང་འགྱོཝ་ད་ མོ་འདི་ འ་ནཱེ་སྦེ་བཀུབ་་སྡོད་མས། དེ་ལས་ དེ་ལས་རྫོགས་སོང་ཡི།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོང་ སྒྱེན་མོ་སྦེ་མཐོང་མས་ག?
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཆུ་ཚོད་ ཉིན་མ་འདི་མིན་སྨོ? ཉིན་མ་འབད་བ་ཅིན་ ལུགས་སྲོལ་སོ་སོར་འདུག།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨ་ ཆུ་ཚོད་ ང་བཅས་ཀྱི་ ཆུ་ཚོད་༩ དང་ ༡༠ ནང་ ནུབ་མོ་བཤལ་ཏེ་འགྱོ་འོང་སྨོ་ལགས། དཔེར་ན་ ཤོག་ ང་བཅས་ཚུ་ ལོག་སྟེ་འབད་གེ
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ བུམོ་འདི་ ནཱ་ལུ་ཉལ་འོང་། ཡང་ན་ ང་བཅས་ཀྱི་ཡང་ ངོ་བལྟ་མ་ཚུགས་བཟུམ་འབད་དེ་ འ་ནཱི་ བུམོ་གིས་ ག་ཅི་སྦེ་འོང་ག་སྨོ་ཟེར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    བཞག་ག་མི་བཞག་ག་སྨོ་ ག་ཅི་གུ་ཅི་གིས་ བླུག་མི་བྱིན་ག་ཟེར་ དོགས་པ་ཆགས་ཏེ་ ཨ་ཙི་ཅིག་ དཀྲོག་མ་ཚུགས་པར་ འགྲོས་ཀྱིས་སྦེ་ འཕྲུལ་མེ་བཏེག་བལྟ་སྦེ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དབའི་ཨ་ཞིམ་ ཁྱོད་ར་རྐྱངམ་གཅིག་རང་ཨིན་ན་ཟེརཝ་ད་ མོ་ཡང་གཉིད་མ་ལོག་པར་སྡོད་འོང་། དབའི་ཨ་ཞིམ་ ང་འོང་ཡི་ཟེརཝ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དབའི་ཟེརཝ་ད་ ཧ་གྱང་བཏངམ་ཨིན། ང་བཅས་ཚུ་ ཧེ་མ་ལས་ བསྟུན་གྲོས་མ་འབད་ ཉམས་མྱོང་མེད་པ་ཅིན་ བུམོ་གི་ སྦོག་ལོག་ཁར་སྦྱརཝ་ད་ ཨ་ཙི་རེ་ འདྲོག་མས་མེན་ན?
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ མོ་གིས་ རྒྱབ་ཨ་ཙི་ཅིག་འགྱིར་སྦེ་ ཁྱོད་དེ་ག་ཅི་འཚོལ་བར་འོང་སྨོ་ཁྱོད་དེ། ཁྱོད་འབད་སར་འོང་ཡི་ཟེར་ བློ་འགྱོ་བཏུབ་པ་ཅིན།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    རང་གིས་ཡང་ ཕར་བལྟ་ལན་ སླབ་ཚུགས་པས། ང་བཅས་ཚུ་གཞོན་སྦེ་ ཁྱེད་ཚུ་གིས་ཤེས་མེད་ན་ ཕོ་རྒས་འོངམ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འདི་དེ་ དེ་ལས་ཏེ་ ང་ འ་ནཱ་ཉལ་ནི་དབའི་ དབའི། མིན་དགོ་ མ་ཤོག་དབའི། ང་འདི་ ངེ་གི་ཨ་པ་དང་ ཨ་མ་ཡང་མེད་པར་ ང་རྐྱངམ་གཅིག་སྡོདཔ་ད་ ཁྱོད་ཀྱིས་ དེ་སྦེ་འབདཝ་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ད་ ག་ཅི་འབད་ནི་ ག་ཅི་ཡང་མི་འབད་ ག་ཅི་ ཉལ་སྡོད་ནི་ ད་རེས་དེམ་ཅིག་སྦེ་ ག་ཅི་ དེ་སྦེ་ཉལཝ་ད་ མིན་དགོ་ཟེར་ མལ་ཆ་མི་བྱིན་མས། དེ་སྦེ་ཐོནམ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    རྐངམ་གྱིས་ཕུད་དེ་ དེ་སྦེ་ ག་ཅི་འཚོལཝ་ཨིན་ན་ ཁྱོད་དེ་ ག་ཅི་ཐོབ་ཅི་ ཕར་ཚུར་བཏང་སྟེ་ བཏང་དེས་ བཏང་ཡི་དགོ་ ཁྱེད་ཚུ་གིས་ཡང་དེ་སྦེ་
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འབད་འབདཝ་འོང་། མ་དགའ་མི་ཅིག་གིས་ དཀྲོག་ད་ལུ་ ཁྱེད་ཚུ་གིས་ ཁོང་ཆ་ཁྱབ་ཀྱིས་དྲངས་དྲངསམ་འོང་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འ་ནཱེ་སྦེ་ ཧ་ལམ་ཅིག་སྦེ་ དཀྲོག་བལྟཝ་ད་ མོ་ཡང་ ཨ་ཙི་ཅིག་ འདོད་ཆགས་ཨ་ཙི་ཅིག་ འབད་དགོ་མནོ་སྟེ་ཡོད་པ་ཅིན།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ག་ཅི་མནོ་ཨིན་རུང་ ཉལ་བཅུགཔ་ད་ ཡིད་ཆེད་འོང་ང་བཅས་ དེ་སྦེ་མ་སྡོད་ ང་བཅས་ཀྱི་ གཉེན་རྐྱབ་ནི། ད་ཚར་གཅིག་འཛོམས་ནི་ ང་བཅས་གཉིས་ཟེརཝ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁྱོད་ཀྱིས་ ག་དེ་སྦེ་དགོ་ཆོད་འོང་ག་ ཁྱོད་ཀྱིས་ འབྲང་རེ་བཀང་བྱིན་འོང་།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ང་གིས་འདི་ མི་འབག་ཟེར་སླབ་ད་ ཨིན་མས་ཟེར་ སླབ་འོང་། དེ་ལས་ཏེ་ རྐངམ་གཅིག་དེ་སྦེ་ བཀལ་བལྟཝ་འོང་ བྱིན་ག་མི་བྱིན། དེ་སྦེ་འགྱོ་བ་ཅིན་ བྱ་བ་རྫོགས་སོང་ནུག་ཟེར་མནོ་འོང་།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ ལཱ་དེ་སྦེ་ཚར་འོང་། དེ་ལས་ཏེ་ དེམ་ཅིག་ཨིན། ང་གིས་ དེམ་ཅི་འབད་བཞག་གེ།