Skip to main content Skip to search
15 Dec 2011
1 min 18 sec
Video Overview
Creators: 
Unknown

Trashi Norbu gives directions to his house from the Barkor.

Transcript search
No results found for this search
0 of 0
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འདི་དེ་དུས་གསུམ་དང་ཕྱེད་ཀ་ནང་ལ་ཤོག་ཨང་།
    Please come to my house today at 3:30 P.M.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    གསུམ་དང་ཕྱེད་ཀ་ཨས།
    At 3:30 P.M.?
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ། ཨཱ་ནི་ང་རང་གཉིས་འདི་གྲོས་བསྡུར་ཞིག་བྱེད་ཀོ རེད་པཱ།
    Yes. Then we can have a discussion. Right?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ། ཨཱ་ནི་རང་གི་ནང་ལ་གང་འདྲ་སེ་འགྲོ་དགོས་ཀྱི་རེད།
    Okay. I don't know the direction of your home?
  • བཀྲ་ཤིས་ནོར་བུ་ Trashi Norbu
    བྱས་ཙང་འོ་བྱས་ལྟ་ནང་ཁ་སེང་ཕ་གིར་ཡཱ། ཨོའོ་འོ་རེད། ཁ་སེང་ཕ་ནས་ཁང་པ་སྤོས་པ་རེད།
    It's the same house. Oh, I forgot to tell you that I moved to a new house.
  • འདའི་ཤོག་དང་། ཨོའོ་འདི་ནས་མར་ཕྱིན་བྱས་རང་ཡ་གིར་ད་ལྟ་ལྷ་ཀླུའི་ཕར་ནས་ཕ་གིར་བསྡད་ཀྱི་ཡོག་རེད་པཱ།
    Do like this, go from there down the street. Currently, you live in Lhalu area. Right?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་འོ་འོ།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལྷ་ཀླུ་ནས་འདུག་སེ་མར་ཁ་ཐུག་ཡོང་བྱས་ཉག་རའི་ལུའུ་(ལམ་)སྒང་ལ་ཡོང་།
    From Lhalu, you have to go down straight on the Nyakra road.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ཉག་རའི་ལུའུ་(ལམ་)ནས་ཡོང་བྱས་ད་ལྟའི་ཀླུ་ཁང་གི་ཚལ་འཚོང་ས་ཡོད་པཱ།
    From Nyakra road, you have to go the vegetable marketplace near Lukhang.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨའང་ཚལ་འཚོང་ས།
    Yes, the vegetable marketplace.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ་ཀླུ་ཁང་གི་ཚལ་འཚོང་སའི་འདིའི་སྒོ་འགྲམ་འདའི་ཁ་སྤྲོད་འདའི་འདི་ཡོག་རེད། ད་ལྟའི་གང་རེད། སྨན་ཁང་ཞིག་ཡོག་རེད།
    Close to that marketplace near Lukhang, there is one hospital on the opposite side.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདི་གང་རེད་འོ་འོ་བོད་ལྗོངས་སློབ་གྲྭ་ཆེན་པོའི་སྨན་ཁང་ཞིག འོ་འདིའི་སྨན་ཁང་འདི་ནས་ཡར་ཁ་ཐུག་ཤོག་དང་རྒྱལ་སྒོ་གཉིས་ཡོག་རེད། སྨན་ཁང་འདིའི་རྒྱལ་སྒོ་གཅིག་དང་། རྒྱབ་ལོགས་འདའི་རྒྱལ་སྒོ་གཅིག་ཡོག་རེད།
    It is the one under the Tibet University. From that hospital, you have to go straight upward, and you will see two gates, one is the entry gate for the hospital and there is another gate behind it.
  • རྒྱལ་སྒོ་སྦུག་འདའི་འཛུལ་བྱས་ནང་ལོགས་འདའི་ད་ལྟ་ཁང་པ་ཆོག་ཏོ་ཡོད་རེད་པཱ། ཁང་པ་འདི་ནས་ཡར་རྦད་དེ་ཁ་ཐུག་ཁོ་ར་ཡོང་དང་སྒོ་འགྲམ་འདའི་མོ་ཊ་འདི་ཞིག་ཡོག་རེད། ༡༨༦༠ཟེར་བཀག་བཞག་ཡོག་རེད། མོ་ཊ་འདི་འདྲས་ཤིག་ཡོག་རེད།
    Enter the front gate, and you will see a lot of houses. Go straight a little, and you will notice a car with plate no 1860 parked near a house.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འདི་ང་ཚོའི་གྲོང་པའི་མོ་ཊ་རེད། ལྟ་འདི་བཙུགས་ཏེ་བསྡད་ཀྱི་རེད།
    That car belongs to my neighbor, and it is always parked in the same spot.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འདི་མོ་ཊ་འདིའི་ཐོག་བརྩེགས་གསུམ་ཐོག་ཡར། ཐོག་བརྩེགས་གསུམ་ཐོག་ཁ་ཡོག་ཡོད་རེད་འདི་སྒོ་འདི་མར་གང་རེད་ནུབ་ངོས་ཕྱོགས་བསློགས་བསྡད་ཡོག་རེད།
    My apartment is on the third floor of that building near the car. It is the one with a door facing west.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ནུབ་ངོས་ཕྱོགས་རེད་པཱ།
    Facing west?
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ། ཨཱ་ནི་ཁ་ཐུག་འདུག་སེ་བྱེད་དང་།
    Yes. So, come directly.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཡོའོ་ཡོའོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ཡང་མིན་ན་ངས་ཆུ་ཚོད་གསུམ་པར་ངས་ཁ་ཐུག་སྒོ་འགྲམ་ལ་མར་འདོན་ག་གང་འདྲ་བྱེད་ཀ།
    Alternatively, I could wait for you outside. What do you think?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་རང་གི་ཆུ་ཚོད་གསུམ་པ་སྒོ་འགྲམ་འདའི་འདོན་དང་།
    Please wait for me outside.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་ངས་སྒོ་འགྲམ་འདའི་མ་འདོན་བྱས་ད་ལྟ་ཀླུ་ཁང་གི་ཚལ་འཚོང་སའི་ཁ་སྤྲོད་འདའི་སྒུག་བསྡད་ཀོ།
    Okay. Then I will wait for you on the opposite side of the vegetable market near Lhalu.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་ཡག
    Great.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ཁ་ཐུག་འདུག་སེ་ཕར་ཤོག་དང་། རེད་པཱ།
    So you go there directly. Right?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་ཡག
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨོ་གོ
    Okay?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ།
    Okay.