Skip to main content Skip to search
15 Dec 2011
49 sec
Video Overview
Creators: 
Unknown

Könchok Gyatso explains how to get to Karma Gonsar from the Barkor.

Transcript search
No results found for this search
0 of 0
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    འདི་ང་ཚོ་གཟའ་ཉི་མའི་ཉིན་གང་ལ་བློ་བཟང་ཚོགས་ཁང་ནང་ལ་འཚོང་ཡག་ཡིན་ཟེར།
    I heard that they are going to sell it this Sunday at Lozang Hall.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ།
    Okay.
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    ཁྱེད་རང་གིས་ང་བསྡད་སའི་ནང་ཁྱེད་རང་ཧ་གོ་གི་ཡོད་པས།
    Do you know where I live?
  • བཀྲ་ཤིས་ནོར་བུ་ Trashi Norbu
    ནང་ཧ་གོ་གི་མེད། རྒན་ལགས་གཟིག་ཁང་ག་གིར་བཞུགས་ཀྱི་ཡོད་ནཱ།
    Sir, I don't know. Where do you live?
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    ཨཱ་ནི་འདི་ནས་ཕར་ཕྱིན་སོང་ན། ཉག་རའི་ལམ་ཡར་སེ་ར་མ་སླེབས་བར་འདི་ནས་ཕར་ནུབ་ཀྱི་ཕྱོགས་ལ་ཕྱིན་སོང་ན་དེ་ནས།
    If you start from here, take the Nyakra road till you reach near Sera. From there, you have to go westward.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་འདི་ཕ་བོང་ཁར་འགྲོ་སའི་ལམ་ཀ
    Is the road that leads to Pabongkha?
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    རེད་རེད་རེད། དེ་ནས་ཡར་ཕྱིན།
    You are right, you have to go up.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ། དེ་ནས་ཁང་པ་གང་འདྲ་སེ་ཡིན་ནམ། ཡ་གིར་ཁང་པ་ཆོག་ཏོ་ཡོག་རེད་ད།
    Okay. Okay. Which one is your house? I know there are a lot of houses in that area.
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    ཁང་པ་ཨཱ་ནི་གཟའ་ཉི་མ་ཉིན་གང་ཆུ་ཚོད་༣པ་འདི་པ་ནས། ཨཱ་ནི་ཉག་རའི་ལམ་ནས་ཡར་ཕྱིན་ནས། ཤར་གྱི་ཚུར་ཡོང་ན་སེ་རའི་ལམ་འགྲོ་སའི་ཡོད་པ།
    Come at three 3 P.M. this Sunday. Take the Nyakra road and go upward. Then on the east side, there is one road to Sera, do you know that?
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ།
    Yes.
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    ཨཱ་ནི་དེ་ནས་ངས་ལམ་ཀ་དེ་ནས་སྒུག་བསྡད་དེ་ནས་ཕར་ཡོང་ན།
    I will wait for you there near the roadside.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ལས་ལཱ་སེ། ཆུ་ཚོད་༣པར་རེད་པཱ།
    Okay. Is it at 3 P.M.?
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    རེད་ཆུ་ཚོད་༣པ་རེད།
    Yes, at 3 P.M.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ།
    Okay.
  • དཀོན་མཆོག་རྒྱ་མཚོ་ Könchok Gyatso
    ་་་ཡིན་གཅིག་མིན་གཅིག
    You must come.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ། འོ་ཨོ།
    Sure, I will.