Skip to main content Skip to search
15 Dec 2011
1 min 22 sec
Video Overview
Creators: 
Unknown

Kelzang explains how to get to his house from the Barkor.

Transcript search
No results found for this search
0 of 0
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ལྟ་ཉིང་དགུང་བཀྲ་ཤིས་ཁོ་ངའི་ནང་ལ་ཡོང་པ་ཡོད། རང་ཕར་ཤོག་དང་། ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ།
    This afternoon, Tashi is coming to my house. So you also come at 3:30 P.M.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཆུ་ཚོད་གསུམ་དང་ཕྱེད་ཀ་ཨས།
    At 3:30 P.M.?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་འོ།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ག་གིར་ཡོད་རེད་ནང་།
    Where is your located?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ནང་ཕ་གིར་ལྷ་ཀླུར་།
    My house is in Lhalu.
  • བཀྲ་ཤིས་ནོར་བུ་ Trashi Norbu
    གང་འདྲ་སེ་འགྲོ་དགོས་ཀྱི་རེད།
    How should I go there?
  • ལྷ་ཀླུའི་ཕ་གིར་ཆོག་ཏོ་ཡོག་རེད་དཱ།
    There are a lot of houses in the Lhalu area.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འདུག་སེ། ལྟོས་ཨང་། རང་འདི་ནས་ཕར་ཕྱིན། ཕ་གིའི་འོ་ཉག་རའི་ལམ་ལ་སླེབས་སོང་ན།
    Do like this, from here you go to Nyakra road.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ།
    Okay.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཉག་རའི་ལམ་ལ་སླེབས་སོང་ན། ཉག་རའི་ལམ་ནས་མར་འདམ་རའི་ལམ་ལ་མར་ཕྱིན།
    Once you reached Nyakra road, you have to go to Damra road and go down the road.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ།
    Okay.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཕྱིན་ཚར་སོང་ན་ཕ་གིར་ཟམ་ཆེན་ཞིག་ཡོག་རེད།
    Then you will come across a big bridge.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ།
    Okay.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཟམ་ཆེན་དེ་ཕར་བརྒལ་བྱས་མར་ནུབ་ངོས་ལ་ཤོག་དང་། ངས་རང་ཕ་གིའི་ཟུར་འདའི་སྒུག་བསྡད་ཀོ
    Cross that bridge and come to the west side. I will wait for you there.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་བོ་ལོ། སྔས་ལ་མ་རེད་ལྟ་འདི་ནས་ཕར་སྔས་ལ་སྟབས་བདེ་བཟོ་ཡོག་མ་རེད་པས།
    Oh my! Isn't there a shortcut?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་སྟབས་བདེ། སྟབས་བདེ་བྱས་ན། སྟབས་བདེ་སེ་ཡོག་མ་རེད། རང་འདུག་སེ་ཕར་ཤོག་དང་ཨ་ལའི།
    Shortcut, there isn't any shortcut. You go there.
  • འདི་ནས་ཕར་ཉག་རའི་ལམ་བྱས།
    First to go Nyakra road.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ།
    Okay.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨཱ་ནི་མར་ནུབ་ངོས་ཕྱིན། ཨཱ་ནི་ཕ་གིར་ཟམ་ཆེན་ཞིག་ཡོག་རེད། ཟམ་ཆེན་དེ་ཕར་བརྒྱབ་ཚར་སོང་ན། ཨཱ་ནི་ཕར་ཙམ་ཕྱིན་བྱས་མར་འགྲོ་ས་ཞིག་ཡོག་རེད།
    And come to western side. There is one big bridge. You have to cross it. There is one road near it.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ།
    Okay.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    མར་འགྲོ་ས་འདི་ནས། ཨམ་ངས་འདའི་མ་གིར་སྒུག་བསྡད་ཀོ་རང་།
    The one that will lead to downward. There I will wait for you.
  • བཀྲ་ཤིས་ནོར་བུ་ Trashi Norbu
    མ་རེད་ལྟ་མོ་ཊ་བཀག་བྱས་ཡོང་ན་གང་འདྲ་སེ་ལབ་དགོས་ཀྱི་རེད།
    If I take a taxi, where should I ask to stop?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    མོ་ཏ་བཀག་ཡོང་བ་ཡིན་ན། ལྷ་ཀླུར་བོབས་དང་ཟེར་ན་མ་གིར་ཡོང་གི་རེད།
    If you come in a taxi, ask the driver to take you to Lhalu.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འང་ལྟ་བྱས་ན་ལྷ་ཀླུར་བབས། ལྷ་ཀླུ་ནས་ཁ་ཐུག་ཚུར་ལེན་ཀ་ཤོག་དང་།
    Then I will get off at Lhalu. You come and receive me directly.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ངས་ཆུ་ཚོད་གསུམ་པར་ཡོང་ཀོ
    I will come at 3:00 P.M. sharp.
  • ཨཱ་ནི་བཀྲ་ཤིས་ག་དུས་ཡོང་གི་ཡིན་ཟེར།
    When does Tashi is coming?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    བཀྲ་ཤིས་གསུམ་དང་ཕྱེད་ཀ་ཕ་གིར་ཡོང་
    He is coming at 3:30 P.M.
  • བཀྲ་ཤིས་ནོར་བུ་ Trashi Norbu
    གསུམ་དང་ཕྱེད་ཀ་ཡོང་ཡིན་ཟེར་རེད་པས། ངས་གསུམ་པ་ཕ་གིར་ཡོང་ཀོ ཕ་གིའི་ཟེར་འདའི་ཚུར་ལེན་ཀ་ཤོག་དང་། ཡང་བཀྲ་ཤིས་ནང་ལ་ཕར་ཡོང་དུས་ཡོག་མ་རེད།
    Since he is coming at 3:30 P.M., I will come at 3:00 P.M. then. You come to receive me. Otherwise, he will come when you are not at home.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་རེད།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    རེད་པ།
    Right?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་རེད།
    Right.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདུག་སེ་བྱས་ན་འགྲིག་གི་རེད་པས།
    Should we do so?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་རེད་འོ་རེད།
    All right.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་ཨོ།
    Great.