Skip to main content Skip to search
28 Jun 2018
12 min 5 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀེ་བ་གི་རུ་སྦྱི་ཡར་ཡར་འབདཝ་ད་ མར་ལས་འབད་བརྐོ་དགོཔ་ཨིན་ན་ཨའི?
  • ཆོས་འཛོམས་ Chozom
    ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ཅི་ཨ་ནཱི་འདི་ དོང་མར་མར་མི་འགྱོ་ནིའི་དོན་ལུ་ཡ་མར་རང་?
  • ཆོས་འཛོམས་ Chozom
    ཨ་ནཱི་ཏེ་ རུ་སྦྱི་བདའ་སྟེ་ བརྐོ་བདའ་བ་ཅིན་ དབངཔོ་ངལ་མས་མེན་ན་བརྐོ་ནི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • ཆོས་འཛོམས་ Chozom
    མར་འོག་ལས་འབད་བརྐོ་བ་ཅིན་ ཕྲང་ཕྲང་ནང་རྫས་ཐོན་འོང་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རང་མི་གཅིག་ཤོང་ནི་གི་དོང་བརྐོ་དགོཔ་ཨིན་ན?
  • ཆོས་འཛོམས་ Chozom
    འོང་་། གཞན་འདི་ས་དབོག་རྐྱབ་ནི་ཟེར་ཡང་ཡོད་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ?
  • ཆོས་འཛོམས་ Chozom
    ས་དབོག་རྐྱབ་སྟེ་བརྐོ་ནི་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • ཆོས་འཛོམས་ Chozom
    ས་དབོག་རྐྱབ་ནི་ཟེར་མི་འདི་ དོང་ནང་འཛུལ་འབད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བརྐོ་ཡི་བརྐོ་ཡི་ ས་དབོག་བཀོ་ནི་ཡ?
  • ཆོས་འཛོམས་ Chozom
    འོང་་་བརྐོ་ཡི་བརྐོ་ཡི་ ས་དབོག་ཅི་རང་བཀོ་ནི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • ཆོས་འཛོམས་ Chozom
    དབོག་བཀོ་དགོཔ་བཟུམ་ཅིག་འདུག་འ་ནཱི་ཡང།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ས་དབོག་སྟེ་ཡ?
  • ཆོས་འཛོམས་ Chozom
    ཡར་རང་ཡོད་ནང་རྫས།
  • རྡོ་རྗེ་ཉི་མ་ Dorji Nima
    ས་ས་ཀྲག་ཀྲ་ཨིན་པས་སྨ་རེད།
  • ཆོས་འཛོམས་ Chozom
    ད་རེས་ནངས་པ་ཆརཔ་གིས་མ་སྦང་ནི་འདི་གིས་ས་ ས་ཀྲག་ཀྲ།
  • རྡོ་རྗེ་ཉི་མ་ Dorji Nima
    དབའེ་ མེན་པས་ཀེ་བ།
  • རྡོ་རྗེ་ཉི་མ་ Dorji Nima
    དབའེ་ ཐོན་ཡི་ཐོན་ཡི།
  • ཆོས་འཛོམས་ Chozom
    ཐོན་ཡི་སྨ་རེད་ཀེ་བ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀེ་བ་ཐོན་ཡི་ཡ?
  • ཆོས་འཛོམས་ Chozom
    དབའེ་ ཧ་ཧ་ཧ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡུདཔ་ཐེངས་ཅིག་རང་མས་ཏེ།
  • རྡོ་རྗེ་ཉི་མ་ Dorji Nima
    ཀེ་བ་ཐོན་ཡི་ ཀེ་བ་དབའེ།
  • རྡོ་རྗེ་ཉི་མ་ Dorji Nima
    ཨ་ནཱི་ཧེ་མ་དོང་ཡོད་ནི་དེ་གིས་ཨིན་པས་ཏེ།
  • ཆོས་འཛོམས་ Chozom
    ཨིན་པས།
  • ཆོས་འཛོམས་ Chozom
    ཨ་ནཱི་ (རུ་སྦྱི་) ཨ་ཕི་གི་ཨིནམ་འདྲས་ང་གིས་བལྟ་བ་ཅིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་འཐོན་ནི་མ་རན་མེན་ན་གཞན་འདི?
  • ཆོས་འཛོམས་ Chozom
    ཨ་ཡར་གྱི་འདི་ རན་མས་མེན་ན་ད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྙིངམ་ཨིན་པས་ཡ་འདི།
  • ཆོས་འཛོམས་ Chozom
    ཁོ་རྙིངམ་ཨིན་པས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྙིངམ་ཐོན་ཞིནམ་ལས་འཇམ་འོང་ག་ཀེ་བ་ཐོན་ནི?
  • ཆོས་འཛོམས་ Chozom
    ཨའོ་གསརཔ་འདི་མ་ལེགས་པས་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྙིངམ་ཨིན་པས་ཏེ།
  • ཆོས་འཛོམས་ Chozom
    རྙིངམ་ཀྲིག་ཀྲི་ཐོན་ནུག
  • རྡོ་རྗེ་ཉི་མ་ Dorji Nima
    འའོ་མ་ཐོན་པས།
  • ཆོས་འཛོམས་ Chozom
    བརྐོ་དགོ་ནི་མས།
  • རྡོ་རྗེ་ཉི་མ་ Dorji Nima
    མར་ཡ?
  • ཆོས་འཛོམས་ Chozom
    འོང་་།
  • ཆོས་འཛོམས་ Chozom
    ཧེ་མའི་ཀེ་བ་གི་དོང་ཡོད་ནི་འདི་གིས་འཇལ་ནུག་འཇམ་ནི་འདི།
  • རྡོ་རྗེ་ཉི་མ་ Dorji Nima
    བཏུབ་ག་ཨ་ནཱི་བརྡལ་བཏང་མི་དགོ་ག?
  • ཆོས་འཛོམས་ Chozom
    བཏུབ་འོང་།
  • ཆོས་འཛོམས་ Chozom
    ས་བཏོན་བཏང་ནི་མ་ཐོབ་པ་ཅིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀེ་བ་འདི་ག་ཅི་ ཚོགས་ནང་ཕུལ་ནི་ཨིན་ན་འདི?
  • ཆོས་འཛོམས་ Chozom
    ཨིན་ཚོགས་ནང་ཕུལ་ནི་ ལོ་བསྟར་བཞིན་དུ་རང་ཕུལཝ་ཨིན་ ང་ར་གིས་ནཱ་བཙུགས་བཞག་ཡི་བཞག་ཡི་རང་ ཚལ་མ་ནང་འགྱོ་བ་ཅིན་ མི་ཐོབ་པས་ཟེར་ ཚལ་མ་ནང་ལུནི་ལྷོད་མི་ཚུགས་པས་ཏེ་ རང་གིས་བཙུགས་བཞག་པ་ཅིན་ བདེ་ཏོག་ཏོ་འོང་མས།
  • རྡོ་རྗེ་ཉི་མ་ Dorji Nima
    ཡ་བརྐོ་བལྟ་ན?
  • ཆོས་འཛོམས་ Chozom
    ཚོགས་གི་ཨ་ནཱི།
  • རྡོ་རྗེ་ཉི་མ་ Dorji Nima
    ཡར་ལས་སྤོག་ན?
  • ཆོས་འཛོམས་ Chozom
    སྤོག་ད་ཨ་ནཱ་ལས་ཕར།
  • རྡོ་རྗེ་ཉི་མ་ Dorji Nima
    ཨ་ནཱི་ཡ་ ཨ་ནཱི་འབད་ཡ?
  • ཆོས་འཛོམས་ Chozom
    འོང་་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལྷབ་ཤིག་ཡ་ ཀེ་བ་བརྐོ་ནི།
  • ཆོས་འཛོམས་ Chozom
    ཧི་ཧི་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྣམ་རྟོག་འདྲཝ་ དཔེར་ན་འབད་བ་ཅིན་ད་ ཀེ་བ་གི་རུ་སྦྱི་གི་ལྟག་ལུ་སྡོད་མི་བཏུབ་འདྲཝ་འདི་བཟུམ་ཡོད་ག་ལགས?
  • ཆོས་འཛོམས་ Chozom
    ཀེ་བ་ཐོནམ་ད་ཡང་ གནམ་མེད་ས་མེད་ ཧ་ལས་མི་བཏུབ་ཟེར་འོང་ ཧ་ཧ་ཧ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ་ཛའི་ཟེར་ཡ?
  • ཆོས་འཛོམས་ Chozom
    སྐམ་འགྱོ་འོང་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་སྐད་རྐྱབ་མི་བཏུབ་ཟེར་ཡོད་ག་ལགས་ད་རུང་?
  • ཆོས་འཛོམས་ Chozom
    སྐད་རྐྱབ་མི་བཏུབ་ཟེར་འདི་མེད་མེན་ན་ དེ་ལས་ཀེ་བ་བཞགཔ་ད་ ལྟག་ལུ་ཙམ་ཅིག་བཞག་དགོ་ཟེར་ འོག་ལུ་བཞག་པ་ཅིན་ ཀེ་བ་བརྐོ་བའི་སྐབས་ མར་ནང་ན་འཛུལ་འགྱོ་འོང་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལྟག་ལུ་ཟེར?
  • ཆོས་འཛོམས་ Chozom
    འོང་ ཡར་བལྟ་སྟེ་ བཞགཔ་ད་ལུ་ ཀེ་བ་ནང་རྫས་ཐོན་ཏེ་ བཞགཔ་ད་ལུ་ དེ་ལས་ཉིནམ་བལྟ་ནི་ཡོད་ཏེ་ད་རུང་ ཉིནམ་གླང་ལུ་ཡང་ ཀེ་བ་ལེགས་ཤོམ་ཐོན་འོང་ དེ་ལས་ ཉིནམ་བྱ་ལུ་ཡང་ལེགས་ཤོམ་ཐོན་འོང་།
  • ཆོས་འཛོམས་ Chozom
    དེ་ལས་ ཕག་ལུ་ཡང་ ག་ཕུབ་རྐྱབ་སྟེ་ ཕགཔ་བཟུམ་ཅིག་ཕྱེད་འོང་ཟེར་སླབ་ནི་ཡོད་ སྤྲེལ་གྱི་ཉིན་མར་འདི་ མ་པ་ལས་མི་འོང་ཟེར་སླབ་ནི་ཡོད་ཀེ་བ་ལེགས་ཤོམ་ དེ་ལས་གཅིག་བྱི་བའི་ཉིན་མར་ བྱི་བ་དང་ སྤྲེལ་གྱི་ཉིན་མར་འདི་ལེགས་རང་མི་ལེགས་ཟེར་སླབ་ནི་ཡོད།
  • ཆོས་འཛོམས་ Chozom
    སྟག་འདི་ཚུ་ལུ་འདི་ མི་བརྩིས་བས་མེན་ན་ ལེགས་ནི་འདི་ གླང་དང་ ཕག་དང་ དེ་ལས་ འབྲུག་ བྱ་ལ་སོགས་པ་ཚུའི་ནང་ལེགས་ཟེར་ སླབ་ནི་ཡོད་ བྱ་འདི་ཚུའི་ནང་ ཤོག་སྒྲོ་བཏགས་ཏེ་ཐོན་འོང་ཟེར་ དེ་ལས་ འབྲུག་གི་ནང་ལུ་འབད་བ་ཅིན་ སྦུལ་བཟུམ་སྦེ་ སྒོར་སྒོརའབད་ཐོན་འོང་ཟེར།
  • ཆོས་འཛོམས་ Chozom
    སྦྲུལ་གྱི་ཉིན་མར་འབད་བ་ཅིན་ དེ་ལས་ ཕག་འབད་བ་ཅིན་ ཕགཔ་བཟུམ་སྦེ་ ག་ཕུབ་འབད་དེ་སྡོད་འོང་ཟེར་ དེ་སྦེ་སླབ་ནི་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རུ་སྦྱི་ལུ་བལྟ་སྟེ་ཡང་ཤེས་ག་ ལོ་ག་དེམ་ཅིག་སོང་ཡི་ག་ཀེ་བ་གི་ རུ་སྦྱི་སྦོམ་འབད་བ་ཅིན་ལོ?
  • ཆོས་འཛོམས་ Chozom
    ང་བཅས་རའི་ཁྱིམ་གྱི་རྩ་བར་བཙུགས་མི་ལུ་བལྟཝ་ད་འདི་ ཤེས་པས་མེན་ན་ ལོ་གཅིག་གི་ནང་ལུནི་ཆུང་ཀུ་ཅིག་སྦེ་སྡོད་འོང་ ལོ་གཉིས་འབདཝ་ད་ ཧ་ལམ་ཅིག་འགྱོ་འོང་ ལོ་གསུམ་འབདཝ་ད་ སྦོམ་འགྱོ་འོང་ ལོ་གསུམ་གསུམ་གྱི་བར་ན་བརྐོཝ་མས་མེན་ན་ཀེ་བ་འདི།
  • ཆོས་འཛོམས་ Chozom
    རྩེ་རི་མེ་བཏང་ནི་མེད་པར་བཀག་ཆ་འབད་དེ་ ཀེ་བ་ཡལ་ཏེ་མེད་མེན་ན་ད།
  • རྡོ་རྗེ་ཉི་མ་ Dorji Nima
    ཡ་ཁྱོད།
  • ཆོས་འཛོམས་ Chozom
    ཀེ་བ་གི་འདི་ མེ་བཏང་བཏངམ་ནང་ལུ་འོང་ནི་ཨིན་པས་མེན་ན།
  • རྡོ་རྗེ་ཉི་མ་ Dorji Nima
    འའོ་དབའེ་ ས་ས་ཀྲག་དབའེ།
  • ཆོས་འཛོམས་ Chozom
    ཧི་ཧི་ འབད་མི་ཚུགས་ནི་འདྲས་མེན་ན?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དང་ཕུ་འདི་ ཨའི་ཁྱོད་ར་རྐྱངམ་གཅིག་གིས་ཡང་ ཐོབ་ནི་སྡོད་ཅི་ག་ ཧ་ལམ?
  • ཆོས་འཛོམས་ Chozom
    ཨཱ་ཧེ་མ་འདི་ མ་འགྱོ་བ་ཅིན་མ་འགྱོཝ་ཨིན་ འགྱོ་ཞིནམ་ལས་འདི་ ཀེ་བ་ཁུར་ཆ་རེ་མ་འབག་བར་འོང་རང་མི་འོང་ང་གིས་འདི།
  • ཆོས་འཛོམས་ Chozom
    ད་ལྟོ་འབདཝ་ད་ མགུ་ཡུ་འཁོར་ནི་གི་མི་བཏུབ་མེན་ན་ ཀེ་བ་བརྐོ་ནི།
  • ཆོས་འཛོམས་ Chozom
    རྙིངམ་འདིནི་སྐམ་ནུག་ཏེ་སྨོ?
  • རྡོ་རྗེ་ཉི་མ་ Dorji Nima
    སྐམ་ནུག
  • ཆོས་འཛོམས་ Chozom
    ད་སྦོམ་འགྱོ་ནི་མས་ཁོ་ཡང་། ང་བཅས་ར་རུ་སྦྱི་བདའ་བརྐོ་འབད་ད་ལུ་འབད་བ་ཅིན་ ང་བཅས་ར་དབངཔོ་ངལ་མས་མེན་ན་ ནམ་ཡང་ཐོན་མ་བཏུབ་པར་འདི་གིས་འབད།
  • རྡོ་རྗེ་ཉི་མ་ Dorji Nima
    དབའེ།
  • ཆོས་འཛོམས་ Chozom
    ཀེ་བ་འདུག་ད་རུང་ཐོན་མས།
  • རྡོ་རྗེ་ཉི་མ་ Dorji Nima
    དབའེ་ ཀེ་བ་ཨ་ནཱི་ཕར་གྱི་ཐོན་མས་སྨ་རེད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ས་ཝཱད་ལ་ཟེར་ (ས་དབོག་མི་)ཟེར་ ཨ་ནཱི?
  • ཆོས་འཛོམས་ Chozom
    འོང་། ས་ཝཱད་ལ་ཟེར་མི་འདི་ ཨ་ནཱི་སྦེ་ ས་དབོག་ཅི་དབོག་ཅི་བཀོ་ནི་གི་ ས་མར་ནང་ན་མི་འགྱོ་ནིའི་དོན་ལུ།
  • ཆོས་འཛོམས་ Chozom
    ཡ་་་མ་བདེ་བས་ཨ་ནཱི་གི།
  • ཆོས་འཛོམས་ Chozom
    ཨ་ནཱ་ལས་ཐོན་ནུག
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀེ་བ་ཨིན་པས་ག་ཨ་ནཱི་ཡང་?
  • ཆོས་འཛོམས་ Chozom
    ཨིན་པས།
  • རྡོ་རྗེ་ཉི་མ་ Dorji Nima
    འེང་ད་རུང་ཨ་ཕར་ལས་ཐོན་མས་བལྟ་ཤིག་ དཀརཔོ་སྦེ།
  • ཆོས་འཛོམས་ Chozom
    འ་ནཱི་ཡ་ ཆུང་ཀུ་ཨིན་པས།
  • ཆོས་འཛོམས་ Chozom
    ཨ་ནཱི་ས་ག་ཏེ་བཀོ་ན་མི་ཤེས་ནི་མས་ཏེ།
  • རྡོ་རྗེ་ཉི་མ་ Dorji Nima
    ཀེ་ང་གིས་བཀོ་གེ
  • ཆོས་འཛོམས་ Chozom
    ག་ཏེ་སྨོ་ ཨ་ནཱ་བཞག་ནི་ཨིན་པས་ འ་ནཱི་ཧོག་ཀ་ནང་།
  • རྡོ་རྗེ་ཉི་མ་ Dorji Nima
    ཨ་ནཱ་ཡ?
  • ཆོས་འཛོམས་ Chozom
    འོང་།
  • རྡོ་རྗེ་ཉི་མ་ Dorji Nima
    དའུ་ཇི་ལ་སྨོ་ ཆོར་མང་སྨོ་ཀེ་བ་འདི?
  • ཆོས་འཛོམས་ Chozom
    མི་ཤེས་ང་གིས་འདི་ ཨ་ནཱི་ ཀེ་བ་གི་མིང་འབདནི།
  • རྡོ་རྗེ་ཉི་མ་ Dorji Nima
    ཀེ་བ་གཉིས་སྡོད་ནི་ཨིན་པས་ཏེ་ ཆོར་མང་དང་ དའུ་ཇི་ལ་ཟེར།
  • ཆོས་འཛོམས་ Chozom
    རོགས་རྟ་ལིཔ་ཚུ་གིས་ཡང་ དེ་སྦེ་ལེ་ཤ་སླབ་ནི་ཡོད་འདི་བཟུམ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀེ་བ་ག་ཅི་དང་ ག་ཅི་ར་ལོ?
  • རྡོ་རྗེ་ཉི་མ་ Dorji Nima
    ཆོར་མང་དང་ དའུ་ཇི་ལ།
  • ཆོས་འཛོམས་ Chozom
    ཆོར་མང་ལ་ལོ།
  • རྡོ་རྗེ་ཉི་མ་ Dorji Nima
    ཆར་མང་ལ་འདི་ དུམ་གྲ་ཅིག་ ཕར་ཚུ་མ་རྒྱས་པར་སྡོད་མས་མེན་ན་ སྦོམ་སྦེ་ཕྲང་ཕྲང་ ཨ་ནཱི་དའུ་ཇི་ལ་གིས་ རྒྱསཔ་མས་སྦ་ ཆུང་ཀུ་ཆུང་ཀུ་ དོང་གང་འོང་སྦ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀེ་བ་བཞག་ནི་ཨིན་ན་འདི?
  • ཆོས་འཛོམས་ Chozom
    ཨིན།
  • ཆོས་འཛོམས་ Chozom
    ཨ་ནཱ་ལས་མར་བརྐོ་འབག་པ་ཅིན་ ང་བཅས་ར་དབངཔོ་ངལ་འོང་ཏེ་ མར་ལས་སྦེ་བརྐ་བ་ཅིན་ དུམ་གྲ་ཅིག་ ཀེ་བ་ཐོནམ་ད་ང་བཅས་ར་ དབངཔོ་མི་ངལ་བས་མེན་ན་ཏེ་ ཁོ་གི་རུ་ཏོ་བདའ་སྟེ་འབག་པ་ཅིན་ ནམ་ཡང་མ་ཐོན་དོ་བཟུམ་སྦེ་འབད་འོང་ ནང་རྫས་ནམ་ཡང་མི་ཐོན།
  • ཆོས་འཛོམས་ Chozom
    ས་ས་ཀྲག་ཡོད་ཤུགས་རང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ས་ས་ཀྲག་ནང་གི་ཞིམ་ལོ་མེན་ན་ཀེ་བ?
  • རྡོ་རྗེ་ཉི་མ་ Dorji Nima
    བལྟ་ཤིག་ཨ་ནཱ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཆུང་ཀུ་རང་འདུག་ཏེ་ཀེ་བ།
  • རྡོ་རྗེ་ཉི་མ་ Dorji Nima
    བལྟ་ཤིག་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དབའེ།
  • རྡོ་རྗེ་ཉི་མ་ Dorji Nima
    འ་འོ་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀེ་བ་ཨིན་པས་ ཨ་ནཱི་ག་ར།
  • ཆོས་འཛོམས་ Chozom
    ལེ་ཤ་འདུག་ག་ད?
  • རྡོ་རྗེ་ཉི་མ་ Dorji Nima
    དབའེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ་མ་དྲག་ནི་མས་ཡ?
  • ཆོས་འཛོམས་ Chozom
    ཀྭ་ལས།
  • རྡོ་རྗེ་ཉི་མ་ Dorji Nima
    བཏོན་ཚུགས་ནི་མས་ཨ་ནཱི་རྡོ་འདི།
  • ཆོས་འཛོམས་ Chozom
    ཨཱཆ་་་
  • ཆོས་འཛོམས་ Chozom
    ཀེ་བ་བརྐོ་བར་འགྱོཝ་ད་ དྲོ་པ་ཁབ་ལུ་དཀྲོགས་པ་ཅིན་ ཁབ་དཀྲོགས་རུང་ ཀེ་བ་དོང་རིངམོ་འགྱོ་འོང་ཟེར་སླབ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཤི་བལྟ་བ་ཅིན?
  • ཆོས་འཛོམས་ Chozom
    ཤི་བལྟ་བ་ཅིན་ ཤི་བལྟ་རུང་མི་བཏུབ་ཟེར་སླབ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • རྡོ་རྗེ་ཉི་མ་ Dorji Nima
    ང་བཅས་ར་གིས་ཤི་བསད་མས་མེན་ན་ སེན་མོ་གཉིས་ཀྱི་བར་ན་ འ་ནཱི་འབད་བ་ཅིན་ ཀེ་བ་རྡོའི་བར་ན་འོང་ཟེར།
  • རྡོ་རྗེ་ཉི་མ་ Dorji Nima
    རྣམ་རྟོག་ཨིན་པས་ཏེ།
  • ཆོས་འཛོམས་ Chozom
    དུམ་གྲ་ཅིག་ལུས་སོང་ཡི།
  • ཆོས་འཛོམས་ Chozom
    ཡ་ བལྟ་ཤིག་
  • བསོད་ནམས་ཆོས་སྐྱིད་ Sonam Choki
    འདྲོག་སི་སི་འདུག་མས་ ཡ་བླ་མ་ཨང་རྒས་ ཤིང་གི་རུ་སྦྱི་བཟུམ་འདུག
  • ཆོས་འཛོམས་ Chozom
    ཨ་ཡར་བཞག་ནི་ཨིན་མས།
  • རྡོ་རྗེ་ཉི་མ་ Dorji Nima
    ཡར་ཡ?
  • ཆོས་འཛོམས་ Chozom
    འོང་ ཨ་ནཱ་འདི་ལེགས་ཤོམ་མེད།