Skip to main content Skip to search
05 Jul 2018
4 min 17 sec
Video Overview
Creators: 
Norzin Lhamo

Tsangmo is a ballad genre is sung with different tunes. It is a form of entertainment for the farmers while working in the fields to express their feelings and emotions. It is also sung in as competition betwen friends or enemies in any number of different sub-genres such as love, hate, abuse and ridicule. Kinley Chimi of Dagar Gewog performs an example of tsangmo conveying praise, criticism, hate, happiness and sadness. 

༉  རྩང་མོ་འདི་ གདངས་དབྱངས་མ་འདྲཝ་སྦེ་འཐེན་མི་ སྙན་རྩོམ་གྱི་རིགས་ཅིག་ཨིན། གཡུས་ཁའི་མི་ཚུ་ ཞིང་ནང་ལཱ་འབད་སྡོད་པའི་སྐབས་ ངལཝ་སངས་ནི་གི་དོན་ལུ་དང་ མི་དམངས་སྤུངས་འཛོམས་སྦེ་སྡོད་པའི་སྐབས་ལུ་ དགའ་སྤྲོ་འབྱུང་ནི་གི་དོན་ལས་འཐེནམ་ཨིན། དེ་ལས་ སློབ་གྲྭ་ནང་ལས་ཕར་ རིག་རྩལ་འགྲན་བསྡུར་ཡང་འབད་སྲོལ་ཡོདཔ་ཨིན། རྩང་མོ་འཐེན་ཐངས་གདངས་ཀྱི་ཐད་ཁར་ཡང་ ལྷམ་པ་མ་འདྲཝ་གསུམ་དེ་ཅིག་ར་འཐེན་སྲོལ་ཡོདཔ་མ་ཚད་ དབྱེ་བ་འབད་བ་ཅིན་ དགའ་གླུ་དང་སྐྱོ་གླུ་ དགྲ་གླུ་དང་གཉེན་གླུ་ བསྟོད་གླུ་དང་སྨད་གླུ་ལ་སོགས་པའི་ནང་ལས་ དུས་ཀྱི་གནས་སྟངས་དང་འཁྲིལ་ཏེ་འཐེན་སྲོལ་ཡོདཔ་ཨིན། ད་ལྟོའི་རྩང་མོ་སྣ་ཚོགས་འདི་ དབང་འདུས་ཕོ་བྲང་རྫོང་ཁག་ དར་གར་རྒེད་འོག་ནང་ལས་ ཀུན་ལེགས་འཆི་མེད་ཀྱིས་འཐེནམ་ཨིནམ་ད་ མོ་གིས་འཐེན་མི་རྩང་མོ་འདི་འབད་བ་ཅིན་ སྨོན་ཚིག་དང་བསྟོད་ཚིག་ དགའ་བ་དང་སྐྱོ་བའི་ཚིག་ཚུ་འཐོནམ་ཨིན་མས། རྩང་མོ་འདི་ འབྲུག་རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ལུ་ཡང་འཐེན་སྲོལ་ཡོདཔ་ཨིན་རུང་ མང་ཆེ་ཤོས་ཤར་ཕྱོགས་ཁ་ཐུག་ལུ་འཐེན་སྲོལ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • ཀུན་ལེགས་འཆི་མེད་/ Kinley Chimi:
    [ཕུན་ཚོགས་?]འདི་ནང་སྐྱེས་བ། །ཚེ་སྔོན་ལས་དང་སྨོན་ལམ། །[འཛོམས་པའི་རྩ་བ་གསུམ་ལུ། །?]ཐ་དང་དམ་ཚིག་བསྟེན་གེ །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    ཤར་རི་རྩེ་ལས་ཤར་བའི། །ཁྲི་གདུགས་ཉི་མའི་འོད་ཟེར། །འོད་ཟེར་ཟེར་ཞིག་ཕོགཔ་ད། །མཛེས་ཤིང་མདངས་དང་ལྡན་མས། །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    བཙུགས་ན་གསེར་གྱི་མཛུ་དཀྱི། །མ་བཙུགས་དངུལ་གྱི་མཛུ་དཀྱི། །ལྟས་དང་(ལྟས་ངན་)རག་གི་མཛུ་དཀྱི། །བདག་ལ་དགོས་པ་མིན་འདུག །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    བླམ་དང་ཨོ་རྒྱན་གུ་རུ། །གཅིག་སེམས་གཅིག་ལུ་དགོངས་པ། །ལས་ངན་སྤྲང་མོ་ང་ལུ། །ཐུགས་རྗེ་ཨ་ཙི་གཟིགས་གནང་། །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    ཤར་རི་མཐོ་རུང་མཐོ་གེ །ནུབ་རི་དམའ་རུང་དམའ་གེ །དགུང་གི་ཁྲི་གདུགས་ཉིམ་འདི། །འཛུལ་ས་མེད་པ་མི་སྡོད། །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    དགུང་དང་སྤྲིན་གྱི་མཚམས་ལས། །འབྲུག་གི་སྒོང་རྡོག་འབུད་སོང་། །འདི་ལུ་ལག་པ་མ་དོག །རིན་ཆེན་སྲོག་དང་འབྲལ་འོང་། །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    རི་གུ་སྐྱེས་པའི་ཤིང་ཆེན། །མཐོ་རུང་དགུང་དང་མི་མཉམ། །ས་ཐམས་ཅད་སྐྱེས་པའི་ཨ་ལོ། །སྦོམ་རུང་མི་གྲལ་མི་ཚུད། །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    རྐྱལ་ཅུང་རྒྱ་ཆེན་རྐྱལ་ཅུང་། །སྤུས་ཀྱིས་བཟའ་རུང་བཟའ་གེ །ཁ་དར་དར་གྱི་མདུད་ཕོད། །རླུང་གིས་འབག་རུང་འབག་གེ །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    རྐང་པ་མ་བཏུབ་ལྷམ་ཅུང་། །རྒྱ་ཆེར་འབོལ་རུང་མི་དགོ །མི་ཁར་མ་རྐྱབ་བརྩེ་བཟའ། །ལྷ་བ་ལེགས་རུང་མི་དགོ །
  • ཀུན་ལེགས་འཆི་མེད་/ Kinley Chimi:
    ཁྱོད་ནི་གསེར་གྱི་བུམ་པ། །ང་ནི་རྨ་བྱ་མདོང་སྒྲོ། །ལས་དང་སྨོན་ལམ་ཡོད་ན། །མཆོད་བཤམ་ཁྲ་མོར་འཛོམས་གེ། །།