Video Overview
This video is a narration of ballad that has two different interpretations. According to one interpretation, the ballad spread during the arrival of the sixth Tali Lama, Rigzin Tshangyang Jamtsho from Tsang in Tibet, and thus called གཙང་མོ་ (Deviation of Tsang). A second interpretation claims that the ballad is sung to seek fate of one self by using a thorn, thus is called རྩང་མོ་ (Divination of twig). Ballads are sung to for boys and girls to compete in capacity and knowledge. Ballads are of different sub-genres such as antagonizing tsangmo, befriending tsangmo, laudatory tsangmo, deprecating tsangmo, joyful tsangmo and so on. People even compete with one another while working in field or grazing animals.
ཨ་ནཱི་བརྙན་འཁོར་འདི་ རྩང་མོ་ལུ་ བཤད་སྲོལ་གཉིས་སྦེ་ཡོད་པའི་སྐོར་ལས་ཨིན་མས། བཤད་སྲོལ་གཅིག་ལས་འབད་བ་ཅིན་ རྩང་མོ་འདི་ བོད་གཙང་ལས་ སྟག་ལི་བླམ་ རིག་འཛིན་ཚངས་དབྱངས་འབྱོན་པའི་སྐབས་ དར་ཁྱབ་འགྱོ་ཡི་ཟེར་ཨིནམ་དང་ བཤད་སྲོལ་སོ་སོ་ལས་འབད་བ་ཅིན་ རྩང་མོ་འདི་ རང་གི་གནམ་བསྐོས་བལྟ་ནིའི་དོན་ལུ་ རྩང་ལག་ལེན་འཐབ་སྟེ་འཐེན་ནི་ཡོདཔ་ལས་ རྩང་མོ་ཟེར་འབྱུང་ཡི་ཟེར་ཨིན་མས། སྤྱིར་བཏང་ལུ་ རྩང་མོ་འདི་ བུ་དང་བུམོ་ཚུ་གིས་བར་ན་ རང་གིས་ལྕོགས་གྲུབ་དང་ རིག་རྩལ་བཏོན་ནིའི་དོན་ལུ་འཐེན་དོ་ཡོདཔ་ཨིན་མས། དེ་མ་ཚད་ ཁོང་ཚུ་གིས་ རྩང་མོ་འདི་ ཞིང་ནང་ལཱ་འབད་བའི་སྐབས་དང་ ནོར་འཚོ་བའི་སྐབས་ དེ་ལས་ འཚོ་སྲུང་སྡོད་པའི་སྐབས་འཐེན་ནི་ཡོདཔ་ཨིན་མས། རྩང་མོ་ལུ་ དགྲ་གླུ་དང་ གཉེན་གླུ་ དེ་ལས་ བསྟོད་གླུ་དང་ སྨོད་གླུ་ཟེར་དབྱེ་བ་ལེ་ཤ་ཡོདཔ་ཨིན་མས།
- བྲེ་གང་ Dragangལགས་སོ་ད་ ང་གིས་ ད་རེས་ང་བཅས་ར་གི་ཏེ་ ལམ་ལུགས་སྲོལ་ནང་གི་ཏེ་ དང་པ་ར་རྩང་མོ་དང་གནམ་བསྐོས་ཟེར་མི་འདི་ཚུ་གི་སྐོར་ལས་དུམ་གྲ་ཅིག་ཁ་གསལ་ཏེ་ཞུ་གེ་ཟེར་ ཞུ་ནི་ཨིན།ད་ཨ་ནཱི་ཁ་གསལ་ཞུ་མི་འདི་ ང་བཅས་ར་རྒྱལ་ཁབ་ནང་ལུ་ཏེ་ ཡོངས་དྲག་ཅན་ཏེ་རྩང་མོ་ཟེར་མི་འདི་མི་དྲག་ཞན་མེད་རྒན་གཞོན་མེད་ཏེ་དང་ཕུ་ལས་རང་འདི་ ལམ་སྲོལ་གྱི་གྲལ་ལུ་ ཁག་ཆེ་ཏོག་ཏོ་ཅིག་ཏེ་ དོན་དག་ག་ཅི་ལུ་ཡང་སྟོན་བཏུབ་མི་ཅིག་རྩང་མོ་འབད་དོ་བ།
- བྲེ་གང་ Dragangའ་ནཱི་བཟུམ་འདི་གི་ ཏེ་རྩང་མོ་བཏབ་ཐངས་ཀྱི་སྐོར་ལས་སྦེ་དུམ་གྲ་ཅིག་ཞུ་བ་ཅིན་ཏེ་ དང་ཕུ་ང་བཅས་ར་སྔོན་མ་འབད་བ་ཅིན་རྩང་མོ་ནཱ་ཨ་མ་དང་ང་བཅས་གཞོནམ་སྦེ་སྡོད་འ་ནཱི་བཟུམ་ཅིག་གི་ སྔོན་མ་གི་དུས་ཚོད་ལུ་འབདན་ཏེ་ རྩང་མོ་འདི་བཏབ་ད་ལུ་མི་གྲངས་གྱངས་ཁ་ཟེར་ཡང་མི་དགོ་རྒྱལ་ཁབ་ནང་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མི་འདི་འཛོམས་ཨ་ནེ་སྦེ་ལོ་གསར་དགའ་སྟོན་དུས་སྟོན་དང་དེ་ལས་སོ་ནམ་ཁ་འབད་བ་ཅིན་ང་བཅས་བྱཱ་གཡུར་རྐྱབ་དེ་ལས་ ལྕམ་བསལ་ནི་ཤར་ཕྱོགས་ཁ་ཐུག་ལས་ཕར་འབད་བ་ཅིན་གེ་ཟ་སྤོགས་ནི།
- བྲེ་གང་ Dragangའ་ནཱི་བཟུམ་གྱི་དུས་ཚོད་ནང་ལུ་ཏེ་ མི་འདི་གཅིག་གི་གཅིག་ལུ་དགའན་དགའ་བའི་གི་གཏམ་ཡང་རྩང་མོ་ནང་ལུ་སླབ་གདངས་འཐེན་སྦེ་དེ་ལས་ སྐྱོནི་སྐྱོ་བའི་གི་ལོ་རྒྱུས་ཡང་འདི་ནང་ལུ་སླབ་དེ་ལས་ གཅིག་གི་གཅིག་ལུ་ དུས་ཚོད་བཀག་ནི་གི་དོན་ལུ་ཏེ་ དགྲ་འཚོལ་འ་ནཱི་བཟུམ་སྦེ་ སྐེད་བཤེད་རྐྱབ་ནི་འདི་ཚུ་ཡང་ག་ར་ ཏེ་ རྩང་མོ་གི་ཚིག་ནང་སླབ་སྲོལ་ཡོད་ཟེར་ཏེ་ འ་ནཱ་ལུ་མི་གྱངས་ཁ་ཡང་མི་དགོ་དེ་ལས་ ལག་པ་ལུ་རྩང་དུམ་ལོ་འདི་ཚུ་ལོ་ཟེརཝ་ཡང་ག་ནི་ཡང་དགོཔ་མེད་བ་ལགས།
- བྲེ་གང་ Dragangཨ་ནེ་སྦེ་ལག་པ་གིས་ལཱ་འབད་ཁ་གི་གཅིག་ལུ་སླབ་ནི་རྐྱངམ་གཅིག་ད་དེ་ལས་ འ་ནཱི་ད་རེས་ནངས་པ་རྩང་མོ་དང་ཏེ་ང་བཅས་ར་གནམ་བསྐོས་ཟེར་མི་འདི་གི་བར་ན་སྐོར་ལུ་ཏེ་ ག་ར་གིས་ གཅིག་ཨིནམ་འདྲས་ཟེར་བའི་གི་ཏེ་ བསམ་འཆར་དུམ་གྲ་རེ་བཙུགསཔ་ལས་བརྟེན་ཏེ་འདི་གཉིས་ཀུ་ཨ་ཙི་ཅིག་ལག་ལེན་འཐབ་ཐངས་དང་ འབད་ཐངས་མི་འདྲ་ཟེར་ཞུ་ནི་ཨིན།མ་འདྲ་མི་འདི་ ཏེ་ ང་བཅས་ར་རྩང་མོ་འདི་ལཱ་ག་ཅི་འབད་ས་ལུ་ཡང་བཏུབ་ག་ཏེ་འབད་རུང་ཡང་བཏུབ་མང་རུང་ཉུང་རུང་ག་དེ་འབད་རུང་བཏུབ།
- བྲེ་གང་ Dragangཏེ་ གནམ་བསྐོས་ཟེར་མི་འདི་ ང་བཅས་ར་ཆོ་གུ་བཏང་ས་མཛར་ཅུམ་ཟ་ས་དེ་ལས་ ཨ་ནཱི་ལོ་གསར་དགའ་སྟོན་དུས་སྟོན་ཨ་ནཱི་མི་སྤྲོ་བ་སྟོན་ས་ལུ་ཏེ་ རབ་བྱུང་པ་ཅིན་རོགས་ཡོངས་གྲགས་འདི་ ཏེ་ ཕོ་དང་མོ་ན་གཞོན་བུ་དང་བུམོ་འབད་བ་ཅིན་ཏེ་ མི་བདུན་བདུན་རེ་ཡོད་རུང་བརྒྱད་བརྒྱད་དགུ་དགུ་ག་དེ་ཅིག་ཡོད་རུང་ཏེ་ འ་ནཱི་མི་གྲངས་འདི་བུ་ལོག་ཅིག་གི་ཁ་ཐུག་ལས་བུམོ་ལོག་ཅིག་གི་ཁ་ཐུག་ལས་སྡོད་དེ་སྦེ།
- བྲེ་གང་ Dragangཏེ་དེ་ལས་ གནམ་བསྐོས་བསྐྱུར་ཟེརཝ་ད་ལུ་ང་བཅས་ར་ཚེ་སྔོན་མའི་ ལས་དང་སྨོན་ལམ་ལས་འཕྲོ་ཡོད་ནི་ཏེ་ང་བཅས་ར་བློ་རིག་ལས་ བརྩམ་བརྩམས་པའི་མོ་ཅིག་འབད་ནི་དེ་གིས་གནམ་བསྐོས་ཟེར་ཨ་ནཱི་རྩང་དུམ་འདི་ བཤེད་བཞིནམ་ད་ ཨ་ནེ་སྦེ་བསྐྱུར་ནི་ཨིན་ཟེར་ཏེ་ ད་དེ་ལས་ཨིན་རུང་མེད་རུང་བུ་དང་བུམོ་ར་དགོཔ་ཨིན་ན་ཟེར་བ་ཅིན་དེ་ཡང་དགོཔ་ཁག་ཆེཝ་མེད་ང་བཅས་ར་འདི་ནང་ལུ་ མི་རློབས་དང་འཁྲིལ་གཡུས་སྒོ་ལུ་ ལ་ལུ་ཁར་ལུ་བུ་འོང་བུམོ་མི་འོང་ལ་ལུ་ཁར་བུམོ་འོང་བུ་ཉུང་སྡོད་འོང་།
- བྲེ་གང་ Dragangདེ་འབད་རུང་ཡང་ཏེ་ བུ་དང་བུམོ་ཨིན་ཟེར་ཞིནམ་ན་དེ་གི་དེ་ཚེ་ལུ་ ང་བཅས་ར་སྐྱེ་བ་སྐྱེས་ཕམ་དང་བུ་ཚུ་ད་ལྟོ་ང་བཅས་ཨ་ནཱ་ལུ་གཅིག་ཁར་བཏབ་ཨིན་ང་དང་ཁྱོད་ར་ཚུད་དེ་རང་འབད་རུང་ཕ་དང་བུའི་ལས་འབྲས་ཨིན་མོ་དང་ཨ་ནཱ་ཨ་མ་དང་བུམོ་ཚུད་དེ་འབད་རུང་ཏེ་ ཚེ་སྔོན་མ་ཁོང་ཕ་དང་བུའི་ལས་འབྲས་འ་ནཱི་བཟུམ་ཡོད་པའི་གི་ རྟགས་ཚན་འབདཝ་ལས་བརྟེན་ཤུལ་མ་བརྩི་མཐོང་བསྐྱེད་ནི་གི་དོན་ལུ་ གནམ་བསྐོས་ཟེར་སླབ་ཨིན།
- བྲེ་གང་ Dragangཏེ་ བུ་དང་བུམོ་སྦེ་འཕྱདནི་འདི་ཏེ་ཏེ་ད་ནཱི་ནཱི་གི་ཏེ་ལམ་ལུགས་ཅིག་ཨིན་མས་ང་བཅས་ར་འཇིག་རྟེན་སྐྱེས་པའི་ཆགས་ཚུལ་ར་འདི་ཨིན་པས་སྨོ་ཏེ་འདི་ལུ་དགོ་པའི་གི་ ཐ་སྙད་ཅིག་འབད་ནི་དེ་གིས་ད་ལྟོ་ང་བཅས་ད་རྩང་མོ་འདི་ག་གིས་ཡང་ ཤེས་ཡང་ཤེས་པས་ སླབ་ཡང་སླབ་དེས།
- རྡོ་རྗེ་རྒྱལ་མཚན་ Dorji Gyeltshenཨ་ནཱི་གཅིག་ཞུ་དགོ་པས་ཨ་ནཱི་གཅིག་ནཱ་ལུ་ད་ལྟོ་ནཱ་ད་ཅི་འབད་བ་ཅིན་ད་ང་བཅས་མི་གྱངས་ཁ་འདི་ཨིན་ཅི་མིན་ཅི་བདུན་དང་དགུ་དང་ འ་ནེ་སྦེ་ཡ་སྦེ་དགོཔ་སྦེ་གསུངས་དེས་བ་ད་ལྟོ་ནཱ་ཨ་ཞང་གིས་ད་རུང་བརྒྱད་དང་དགུ་ག་དེ་སྦེ་རུང་བཏུབ་ཟེར་མི་ཅིག་ད་རུང་ག་དེ་སྦེ?
- བྲེ་གང་ Dragangམེན་མེན་འ་ནཱི་གི་དབྱེ་བ་འདི་རྩང་མོ་སྦེ་བཏབ་ས་འབད་བ་ཅིན་མི་གྱངས་ཁ་སྒྲིག་མི་དགོ་སླབ་ཨིན་མི་བརྒྱད་དགུ་བཅུ་ཐམ་བཅུ་གཅིག་ག་དེ་སྦེ་འབད་རུང་ཡང་ཁྱད་མི་ཟེར་ད་གནམ་བསྐོས་འདི་བསྐྱུར་ས་འབད་བ་ཅིན་ང་བཅས་གནམ་བསྐོས་ནང་ལུ་གཅིག་ཡ་སྦེ་དགོ་ར་དགོ་ལགས་ད་གནམ་བསྐོས་ནང་ལུ་མི་བརྒྱད་བཅུ་ཐམ་བཅུ་གཉིས་སྦེ་འཐོན་རུང་བཏུབ་ར་མི་བཏུབ་གམ་སྨོ་ཟེར་བ་ཅིན་ ཆ་མཉམ་ཆ་བསྡོམས་ཚར་བའི་བསྒང་ལས་འཐེབ་མེད་བ་ལགས།
- རྡོ་རྗེ་རྒྱལ་མཚན་ Dorji Gyeltshenའོང་འོང་།
- བྲེ་གང་ Dragangད་ང་བཅས་ར་གི་གནམ་བསྐོས་ཀྱི་ཚིག་ནང་ལུ་མཇུག་ལུ་ ཏེ་ཨ་ནཱི་ད་ལྟོ་ཁ་རྒྱུན་ནང་ཡོངས་གྲགས་ཡོད་ཡང་ཡོད་ཁྱོད་ལུ་ཆ་གཅིག་མིན་འདུག།ང་ལུ་ཡ་གཅིག་མིན་འདུག།ཆ་མེད་ཡ་མེད་གཉིས་ཀུ།།དམ་པའི་ཆོས་ལུ་འགྱོ་གེ།ཟེར་ ཨ་ནཱི་ང་བཅས་རའི་ལམ་སྲོལ་བློ་ན་ཆོས་ལུ་བསྐྱེད་མི་ཅིག་(?)དང་ཏེ་ གཅིག་འདི་ཡ་མེད་པ་སྦེ་ ཆོས་འབད་ནི་གཅིག་ ཁོ་བློ་སེམས་ཆོས་ལུ་འགྱུར་མི་གཅིག་ངེས་པར་དུ་དགོཔ་ལས་བརྟེན་ཏེ་གི་ད་འ་ནཱི་གནམ་བསྐོས་ནང་ལུ་འབད་བ་ཅིན་མི་ཡ་གཅིག་དགོ་ར་དགོ
- རྡོ་རྗེ་རྒྱལ་མཚན་ Dorji Gyeltshenའེང་ཡ་གཅིག་དགོ་པས་སྨོ?
- བྲེ་གང་ Dragangའོང་།