Skip to main content Skip to search
29 Jan 2016
4 min 10 sec
Video Overview
Creators: 
Sonam Tobgye, Sangay Tshomo

Aum Kinzang narrates an account that is a mixture of riddle and story. She explains the difference between a riddle and a story as well by giving an example of each. For example, in the case of riddles she asks a question framed as to exercise one’s ingenuity in answering it. The example of a story she gives is a narrative about two elderly men who make a small bird into a curry dish. Stories are passed down through oral tradition. They can amuse, grab interest or give some good morals.

མོང་སྒར་ སྔ་ཚང་ལས་ ཀུན་བཟང་གིས་ མཁར་གཏམ་དང་སྲུང་འདྲེས་མ་འབད་གཏངམ་ཨིན་པས། དེ་ཡང་ མཁར་གཏམ་དང་སྲུང་གི་དབྱེ་བ་སོ་སོ་སྦེ་ཕྱེ་སྟེ་བཤད་ནི་འདུག ཁོ་གིས་བཤད་མི་ནང་ མཁར་གཏམ་ཟེར་མི་འདི་ ཤིང་ཐོག་ཁར་རྡོ་བརྩེགས་ རྡོ་གི་ཐོག་ཁར་ཤིང་བརྩེགས་ ད་རུང་ཤིང་གི་ཐོག་ཁར་རྡོ་བརྩེགས་ རྡོ་གི་ཐོག་ཁར་ཤིང་བརྩེགས་ཏེ་ བསྡོམ་གི་ ཤིང་གསུམ་འདུག་ ག་ཅི་སྨོ? མ་ཤེས་པ་ཅིན་ རྫོང་འབག་ཤོག་ ཟེརཝ་ད་ མ་གཞི་ མཁར་གཏམ་ཟེར་བའི་བསྒང་ལས་ ཁྱིམ་གྱིས་ཡང་བཏུབ་ནི་བཟུམ་ཅིག་མཐོངམ་ཨིན་རུང་ ཨིན་ཅི་མིན་ཅི་ བཀྲ་ཤིས་སྒང་རྫོང་ མོང་སྒར་རྫོང་ལ་སོགས་པ་ རྫོང་རང་སྤྲོད་དགོཔ་མ་གཏོགས་ ཁྱིམ་གཞན་གྱིས་མ་བཏུབ་སྦེ་བཤད་ནི་འདུག དེ་ལས་ སྲུང་གི་དབྱེ་བ་འབད་བ་ཅིན་ དང་ཕུགས་ འ་ནི་བཟུམ་ཅིག་ཡོདཔ་མས་ ཟེར་ སྲུང་ག་ཨིན་མི་འདི་བཤད་མི་འདི་ལུ་ སྲུང་ ཟེར་ དབྱེ་བ་ཕྱེ་སྟེ་བཤད་པ་གིས་མ་ཚད་ དཔེ་བཟུམ་ཅིག་སྦེ་ དང་ཕུགས་ ཨ་རྒས་དང་ཨང་རྒས་གཉིས་ བྱིའུ་ཅུང་ཆུང་ཀུ་ཅིག་གི་ཤ་ཚོདམ་བཙོ་བའི་སྐོར་ལས་ སྲུང་ཅིག་ཡང་གཏངམ་ཨིན་པས།

Transcript search
No results found for this search
0 of 0
  • ཀུན་བཟང་།/Kinzang
    ད་ གཏམ་འབད་བ་ཅིན་ མ་གཞི་ད་ ང་གིས་ཁར་གཏམ་ཟེར་ ཨ་ཙི་ཅིག་ ཧེ་མ་འདི་ང་བཅས་ མཁར་གཏམ་ཟེར་མི་གཅིག་དང་ དེ་ལས་ སྲུང་ཟེར་སླབ་མི་ཅིག་འདུག་བ་ཏེ་སྨོ་ལགས། སྲུང་ཟེར་མི་འདི་ དང་ཕུགས་སྡོད་སྡོདཔ་མས་ཟེར་ སླབ་དོ་ཡོདཔ་མས།
  • ཀུན་བཟང་།/Kinzang
    དེ་ལས་ ཁར་གཏམ་ཟེར་མི་འདི་ དཔེར་ན་འབད་བ་ཅིན་ ཏེ་དེ་ལས་ ད་ལྟོ་རང་འཐག་ལོ་ ལྷིའུ་ལོ་ཟེར་དོ་བཟུམ་སྦེ་ དཔེ་འབད་བ་ཅིན་ཏེ་ མི་གཉིས་གཅིག་གིས་ དྲིཝ་ཨིན། ཤིང་གི་ཐོག་ལས་རྡོ་སྐྱེས་ རྡོ་གི་ཐོག་ལས་ཤིང་སྐྱེས་ ཤིང་གི་ཐོག་ལས་རྡོ་སྐྱེས་ རྡོ་གི་ཐོག་ལས་ཤིང་སྐྱེས་མི་ ག་ཅི་སྨོ་ཟེར་ སླབ་འོང་གཅིག་གིས་ལགས།
  • ཀུན་བཟང་།/Kinzang
    ཏེ་ འ་ནི་མ་ཤེས་པ་ཅིན་ རྫོང་འབག་ཤོག་ ཟེར་སླབ་ནི་ཡོད་ལགས། དེ་ལས་ རྫོང་ལ་ལུ་གིས་ རྫོང་ག་སྟེ་ཡང་མེད་པར་ སྔ་ཚང་རྫོང་ ཟ་ ཅཱས་མཁར་རྫོང་ཟ་ ཐང་རོང་རྫོང་ཟ་ ཟེར་སླབ་ནི་ཅིག་ཡོད་ལགས།
  • ཀུན་བཟང་།/Kinzang
    ཏེ་ འ་ནི་མི་བཏུབ་ལགས། ཏེ་མ་ཤེས་མི་ཨིན་པ་ཅན་ ཡ་ཡ་ ཏབ་ཏོབ་ཏབ་ཏོབ་ རྫོང་ཧོར་ ཟེར་སླབ་ནི་ཅིག་ཡོད། འ་ནི་སླབ་ནི་མེན་ལགས། འ་ནི་རྫོང་རང་དགོ་ལགས། མོང་སྒར་རྫོང་ཟ་ བཀྲ་ཤིས་སྒང་རྫོང་ཟ་ཟེར་བ་ཅིན་ ཡ་ ང་རྫོང་གཅིག་ཐོབ་མས་ཟེར་ ང་གི་བརྩི་འོང་ལགས། འ་ནི་རྫོང་གིས་རྩིས་ཏེ་ ཏེ་རྒྱལ་ཁ་ཐོབ་ནི་ཡོད་ལགས།
  • ཀུན་བཟང་།/Kinzang
    དེ་ལས་ད་ ང་ད་ཅི་ཞུ་ཡི་སྨོ་ལགས། ཤིང་གི་ཐོག་ལུ་རྡོ་སྐྱེས་ རྡོ་གི་ཐོག་ལུ་ཤིང་སྐྱེས་ ཤིང་གི་ཐོག་ལུ་རྡོ་སྐྱེས་ ཤིང་གསུམ་བརྩེགས་ རྡོ་གཉིས་བརྩེགས་པའི་སྐབས་ལུ་ འ་ནི་ག་ཅི་སྨོ་ཟེར་བའི་སྐབས་ལུ་ ཏེ་འ་ནི་ག་ཅི་སྨོ་ ཟེར་སླབ་ནི་ཨིན།
  • ཀུན་བཟང་།/Kinzang
    ཏེ་ འ་ནི་མ་ཤེས་པ་ཅིན་ ཏེ་རྫོང་འབག་ཤོག་ ཟེར་སླབ་འོང་བ་ཏེ་ལགས། ཏེ་ཤེས་པ་ཅིན་ ཏེ་ཁ་གིས་ རང་འཐག་ ཟེར་སླབ་འོང་ལགས། ཏེ་རང་འཐག་འདི་ ཧེ་མ་ར་ རང་འཐག་གདན་ ཤིང་འདུག་བ་ལགས། འདི་གི་ཐོག་ཁར་ རང་འཐག་རྡོ་ འ་ནི་ཐོག་ཁར་ ལྟེའུ་ཤིང་ འ་ནི་ཐོག་ཁར་ད་རུང་ རང་འཐག་ འ་ནི་ཡུ་པ་ཟེརཝ་ད་ ཤིང་གསུམ་ཡོདཔ་བ་ལགས།
  • ཀུན་བཟང་།/Kinzang
    འ་ནི་འདི་ད་ ཏེ་གཅིག་གིས་ད་ རང་འཐག་ ཟེར་སླབ་ཤེས་པ་ཅིན་ ཡ་ཡ་ཟེར་སླབ་འོང་ལགས། མ་ཤེས་པ་ཅིན་ རྫོང་འབག་ཤོག་ ཟེར་སླབ་ད་ལུ་ ཏེ་རྫོང་ ཏེ་ལ་ལུ་གིས་ ད་ཅི་ཞུ་དོ་བཟུམ་ཨིན། འ་ནི་རྫོང་གིས་ གཡུས་སྒོའི་རྫོང་གིས་མི་བཏུབ་ལགས། བཀྲིས་བསྒང་རྫོང་ཟ་ དེ་ལས་མོང་སྒར་རྫོང་ཟ་ དེ་ལས་ ཐིམ་ཕུག་རྫོང་བྱིན་པ་ཅིན་འདི་ གནམ་མེད་ས་མེད་དགའ་འོང་མ་འདྲཝ་སྦེ་ ད་རུང་ལགས།
  • ཀུན་བཟང་།/Kinzang
    དེ་ལས་ ཙབ་ཀ་ལོ་ ཏབ་ཏོབ་ཙ་པ་གླིང་རྫོང་ཧོར་རང་འཐག་ ཟེར་སླབ་ནི་དེ་ལས་ ཡ་ཡ་ དེ་ལས་ཏེ་ ང་རིངམོ་ ཁྱོད་རིངམོ་ཟེར་མི་ ག་ཅི་སྨོ་ཟེར་འོང་ གཅིག་གིས་ད་རུང་ལགས། དེ་ལས་ད་རུང་ཤེས་པ་ཅིན་ ཏེ་ལག་ལྷིའུ་ ཟེར་སླབ་འོང་ལགས།
  • ཀུན་བཟང་།/Kinzang
    ལག་ལྷིའུ་ཡང་ ཏེ་ད་ ཁྱོད་རིངམོ་ ང་རིངམོ་ ཟེར་སླབ་ད་ འ་ནི་སྦེ་འབད་དོ་བ་ཏེ་སྨོ་ལགས། ཡར་ལྟ་ལགས་ལགས། འ་ནི་སྦེ་ ཁྱོད་རིངམོ་ ང་རིངམོ་ཟེར་ དེ་ལས་ ལག་ལྷིའུ་ཟེརཝ་ད་ཤེས་པ་ཅིན་ ཡ་ཡ་ ཨིན་པས་ ཟེར་སླབ་འོང་།
  • ཀུན་བཟང་།/Kinzang
    དེ་ལས་ ཨམ་གཟུགས་ཐུང་ཀུ་འབད་མི་ཅིག་ སྐེད་རགས་ཨོལ་ལྐོག་ལས་དཀྱི་མི་ ག་ཅི་སྨོ་ ཟེར་སླབ་འོང་གཅིག་གིས་ལགས། དེ་ལས་ད་རུང་ འ་ནི་ཤེས་པ་ཅིན་ ཨ་རག་ཟངས་ ཟེར་སླབ་འོང་ལགས། ཨ་རག་ཟངས་ ཆང་བཀལཝ་ད་ལུ་ ཨ་ནི་ རས་དཀྱིཝ་མས་བ་ ཨོལ་ལྐོག་ལས་ལགས། ཏེ་འ་ནི་ཤེས་པ་ཅིན་ ད་རུང་ ཨ་རག་ཟངས་ ཟེརཝ་ད་ལུ་ ཡ་ཡ་ ཟེར་སླབ་འོང་།
  • ཀུན་བཟང་།/Kinzang
    ད་རུང་གཅིག་གིས་སླབ་འོང་ལགས། ཨམ་གཟུགས་རིངམོ་ཅིག་ དཀྱི་ར་ལོག་ཅིགཔ་འབད་དཀྱི་མི་ ག་ཅི་སྨོ་ ཟེརཝ་མས་བ་ལགས། དེ་སྦེ་སླབ་ད་ ད་རུང་གཅིག་གིས་ དར་ཤིང་ ཟེར་སླབ་ཤེས་པ་ཅིན་ ཡ་ཡ ཟེར་སླབ་འོང་ དེ་ལས་ མ་ཤེས་པ་ཅིན་ འ་ནི་རྫོང་ རྫོང་གྱངས་ཁ་རྐྱབ་ནི་ལགས། རྫོང་གྱངས་ཁ་རྐྱབ་སྟེ་ ཏེ་རྫོང་ གཅིག་གིས་ག་དེ་ཅིག་ཐོབ་ནུག་ག་ གཅིག་གིས་ག་དེམ་ཅིག་ཐོབ་ནུག་ག་ གྱངས་ཁ་རྐྱབ་སྟེ་ དེ་ལས་མཇུག་ལུ་ལྷོདཔ་ད་ལུ་ རྫོང་ག་གིས་མངམ་ཅིག་ དེ་ལས་ རྒྱལ་ཁ་འདི་ འ་ནི་གིས་ཐོབ་དེས་ལགས།
  • ཀུན་བཟང་།/Kinzang
    དེ་ལས་ ཨ་ནི་ཁར་གཏམ་ཟེར་མི་འདི་ དེ་སྦེ་རྐྱབ་དེས་ལགས། དེ་ལས་ ཡང་ཅི་ཡང་ཅི་ཀུ་ལུག་ཏང་ ནགས་ཀྱི་ཨ་མ་ཀུ་ཀ་ལིང་ ཟེརཝ་ ལེ་ཤ་སླབ་ནི་འདུག་ལགས། ཧེ་མ་ང་བཅས་ཆུང་ཀུ་བསྒང་ འ་ནི་བཟུམ་ལེ་ཤ་གཏང་འོང་ ད་རེས་ནངས་པའི་ཨ་ལོ་ཚུ་གིས་ འ་ནི་བཟུམ་ མཁར་གཏམ་ཟེརཝ་ འ་ནི་བཟུམ་ཚུ་ གནམ་མེད་ས་མེད་ཅིག་ གཏང་ནི་ཡང་མིན་འདུག ཏེ་མ་པ་ལས་ར་ གཏམ་འདི་མ་ཤེསཔ་ཨིན་ན་ མ་ཤེས་ཏེ་ད་ལྟོ།
  • ཀུན་བཟང་།/Kinzang
    ད་ལྟོ་ དང་ཕུགས་སྡོད་སྡོདཔ་ཀྱི་སྲུང་བཏང་པ་ཅིན་ ཏེ་དང་ཕུགས་ ཨང་རྒས་གཅིག་དང་ ཨ་རྒས་གཅིག་སྡོད་སྡོདཔ་ཨིན་མས་ལགས། ཏེ་ཨང་རྒས་གཅིག་དང་ཨ་རྒས་གཅིག་འདི་ ཏེ་ཨ་རྟག་ར་ གེ་ཟ་སྲུང་སྡོད་དོ་ཡོདཔ་མས་ལགས།
  • ཀུན་བཟང་།/Kinzang
    ཏེ་གེ་ཟ་སྲུང་སྡོདཔ་ད་ ཏེ་ཨ་རྒས་ཀྱིས་གསང་མདའ་བཞག་བལྟཝ་ད་ ཤ་ཐོབ་མ་ཚུགས་པར་ ཏེ་གསང་མདའ་བཞག་བལྟཝ་ད་ ཤ་ཐོབ་མ་ཚུགས་པར་ ཏེ་མཐའན་མཇུག་ལུ་ཟེརཝ་ད་ལུ་ཏེ་ ཨ་རྒས་ཀྱིས་ཏེ་ ཡུདཔ་ཅིག་ལས་ བྱིའུ་ཅུང་གཅིག་ཐོབ་ཅི་ ཟེརཝ་མས་ས་ལགས།
  • ཀུན་བཟང་།/Kinzang
    དེ་ལས་ བྱིའུ་ཅུང་ཐོབ་ཞིནམ་ལས་ དེ་ལས་བྱིའུ་ཅུང་ཤ་ཚོདམ་ བཙོ་བཙོཝ་ཨིན་མས། ཨང་རྒས་དང་ཨ་རྒས་ བྱིའུ་ཅུང་ཚོདམ་བཙོ་སྦེ་ དེ་ལས་ ཚོདམ་བཙོ་སྦེ་འཚོ་རནམ་ད་ལུ་ཏེ་ ཨང་རྒས་ཀྱིས་ ང་གིས་ཚྭ་བྱོ་ནུག་ག་བལྟ་གེ་ ཨ་རྒས་ཟེར་སླབ་སླབ་མས། མ་བལྟ་ཨ་ཙི་སྒུགས་ཤིག་ ད་ལྟོ་མ་འཚོ་ ཟེར་སླབ་སླབ་མས།
  • ཀུན་བཟང་།/Kinzang
    དེ་ལས་ ཨ་ཙི་ཁ་ལས་ཨ་རྒས་ཀྱིས་ ཚྭ་བྱོ་ལྷ་ང་གིས་བལྟ་གེ་ ཟེརཝ་ད་ བྱིའུ་ཅུང་ཤ་ ཨ་ཙི་ཅིག་རྐྱངམ་འོང་བ་ཏེ་ལགས། ལེ་ཤ་མི་འོང་། དེ་ལས་ ཨ་རྒས་ཀྱིས་ཚྭ་ལྷ་ཚར་གཅིག་བལྟཝ་ཨིན་ཟེར་ བྱིའུ་ཅུང་ཤ་ཨ་ཙི་ཟཝ་ད་ ཨ་ཙི་རྫོགས་སོ་ནུག
  • ཀུན་བཟང་།/Kinzang
    ད་རུང་ ཞིམ་ཏོག་ཏོ་ཡོདཔ་མས་བ་ལགས། ད་རུང་ཨ་ཙི་ཟ་བཏངམ་ད་ ད་རུང་ཨ་ཙི་རྫོགས་སོ་ནུག དེ་ལས་ ཨང་རྒས་དང་ཨ་རྒས་འཐབ་སྟེ་ མཛོག་ཕར་ཚུར་བླུགས་ཏེ་ ཨང་རྒས་ཀྱིས་ ཨ་རྒས་ལུ་ ཀོ་ཏི་གིས་བླུགས་བྱིན་ ཨ་རྒས་ཀྱིས་ ཨང་རྒས་ལུ་ སྟ་རེ་རྒྱབ་ཀྱིས་བླུགས་བྱིནམ་ད་ ཨང་རྒས་དང་ཨ་རྒས་དང་ ཤི་སོ་ཡི་ ཟེར་སླབ་ཨིན་པས། གཉིས་ཆ་ར་ ཤི་སོང་སྟེ།
  • ཀུན་བཟང་།/Kinzang
    དེ་ལས་ འ་ནིམ་ཅིག་སྦེ་ རྫོགས་སོ་ཡི་ལགས།