Skip to main content Skip to search
28 Aug 2018
3 min 31 sec
Video Overview
Creators: 
Sherig Dentshog
Transcript search
No results found for this search
0 of 0
  • པདྨ་རྒྱལ་མཚན་
    དང་ཕུ་་ཏེ་དང་ཕུ་དང་ དིང་ཕུ་ལ་ཟེར་སྡོད་ནུག་ལགས་ ཏེ་དང་ཕུ་དང་ དིང་ཕུ་གཉིསཔ་འདི་ བདའ་རོགས་བྱོག་རོགས་རྩིཝ་ད་ བདའ་རོགས་བྱོག་རོགས་རྩེའུ་ད་ དིང་ཕུའི་རྐང་མ་ རྩང་བཙུགས་ད་ཨིན་མས་ལགས།
  • པདྨ་རྒྱལ་མཚན་
    རྩང་བཙུགས་ད་དབའི་ ཏེ་བཏགམ་བཟོ་མི་ཅིག་དང་གཅིག་ཁར་འཕྱད་ནུག་ ཏེ་བཏགམ་བཟོ་མི་ཅིག་དང་ཕྱད་དེ་ བཏགམ་བཟོ་མི་ ཁྱོད་ཀྱིས་ང་ལུ་ ཁབ་ཁབ་ཨ་ཙི་གནང་ཟེར་ སླབ་ཨིན་མས་ལགས།
  • པདྨ་རྒྱལ་མཚན་
    ཏེ་དེ་སྦེ་སླབ་ད་ ངེ་གི་ཁབ་འདི་མི་བྱིན་ཟེར་ སླབ་སླབ་མས་ལགས་ དེ་ལས་དབའི་ ཏེ་ཁྱོད་ཀྱིས་ ཁབ་གཅིག་ར་བྱིན་མ་ཚུགས་པས་སྨོ་ཟེར་ ད་འབདན་ཡ་ཡ་ ཏེ་ད་འབདན་ ཏེ་ཨོ་ལྕོ་བྱི་རྩི་ཁྱོད་ཀྱིས་ཏེ།
  • པདྨ་རྒྱལ་མཚན་
    འ་ནཱི་འ་ནཱ་ ཏེ་འ་ནཱ་ ཚོང་དཔོན་གྱི་ གཟར་ཤིང་བཟའ་ད་ཟེར་ སླབ་ཨིན་མས་ལགས་ ད་ གཟར་ཤིང་གི་ ང་འདི་མི་བཟའ་ཟེར་ སླབ་ཨིན་མས་ལགས་ ཡ་ དེ་འབདན་ ཕོ་རྒནམ་བྱི་ལི་ ཁྱོད་ཀྱིས་ འ་ནཱི་བྱི་རྩི་བཟའ་ཟེར་སླབ་ད་ ང་འདི་མི་བཟའ་ཟེར་ སླབ་ཨིན་མས་ལགས་ བྱི་ལི་གིས་ཡང།
  • པདྨ་རྒྱལ་མཚན་
    ཏེ་དེ་ལས་ སྤེད་སྤེད་རོ་ཁྱི་ བྱི་ལི་བཟའ་ཟེར་སླབ་སླབ་མས་ལགས་ བྱི་ལི་གིས་ཡང་ ད་ རོ་ཁྱི་གིས་ཡང་ མི་བཟའ་ཟེར ་སླབ་ཨིན་མས།
  • པདྨ་རྒྱལ་མཚན་
    དེ་ལས་འབདཝ་ད་ ད་ ད་རུང་ ད་ སྤེད་སྤེད་ ཏེ་ད་རུང་ ཏེ་རོ་ཁྱི་ འཁརཝ་རིངམོ་ རོ་ཁྱི་དྲངས་་ཟེར་སླབ་སླབ་མས་ ཏེ་ང་འདི་མི་དྲངས་ཟེར་ སླབ་སླབ་མས་ དབའི་ མར་འབད་སྡོད་ ད་ ང་འདི་མི་དྲངས་་ཟེར་ སླབ་ཨིན་མས་ལགས།
  • པདྨ་རྒྱལ་མཚན་
    ཏེ་ད་རུང་ སྤེད་སྤེད་མེ་ འཁརཝ་རིངམོ་འཚིག་ད་ཟེར་ སླབ་སླབ་མས་ལགས་ ང་འདི་མི་འཚིག་ཟེར་ སླབ་སླབ་མས་ལགས་ ཧེ་མའི་གཏམ་ཟེར་ད་ ཏེ་སྤེད་སྤེད་ཏེ་ ད་ཆུ་ ཏེ་རྒྱ་ཚ་ཆུ་འཐུང་ཟེར་ སླབ་ཨིན་མས་ལགས།
  • པདྨ་རྒྱལ་མཚན་
    ཏེ་ ཏེ་ ང་འདི་མི་འཐུང་ཟེར་ སླབ་ཨིན་མས་ལགས་ སྤེད་སྤེད་ སྟག་ད་ འ་ནཱ་ རྒྱ་ཚ་བཟའ་ཟེར་ སླབ་སླབ་མས་ལགས་ ཏེ་རྒྱ་ཚ་སྟག་གིས་ བཟའ་ནི་ཟེར་ སླབ་མས་ལགས།
  • པདྨ་རྒྱལ་མཚན་
    ཏེ་བཟའ་ནི་ཟེརཝ་ད་ ཡ་ ཏེ་ད་ཕོ་རྒནམ་སྟག་གིས་ ང་མ་བཟའ་ཟེར་ ང་གིས་ ཏེ་ཆུ་འཐུང་ནི་ཟེར་ ཆུ་གིས་ ང་མ་འཐུང་ ཏེ་ང་གིས་ འ་ནཱི་ མེ་གསད་གེ་་ཟེར་ མེ་གིས་ང་མ་གསད་ཟེར་ ང་གིས་ འཁརཝ་རིངམོ་འཚིག་ནི་ཟེར།
  • པདྨ་རྒྱལ་མཚན་
    འཁརཝ་རིངམོ་གིས་ ང་མ་འཚིག་ ཏེ་ང་གིས་ རོ་ཁྱི་དྲང་ནི་ཟེར་ རོ་ཁྱི་གིས་ ང་མ་དྲང་ ཧེ་མའི་ ད་དེ་སྦེ་ ང་གིས་ ག་ཅི་འབད་དེ་ གཏམ་འདི་ལོག་ལོག་འགྱོ་ཝ་མས་ལགས་ དེ་འབདཝ་ད་ འ་ནཱི་འདི་ གཏམ་ལོག་ལོགཔ་མས་ལགས།
  • པདྨ་རྒྱལ་མཚན་
    འ་ནཱེ་འབདཝ་ད་ ད་རུང་སྤེད་སྤེད་ ད་བྱི་ལི་ བྱི་རྩི་བཟའ་ད་ཟེརཝ་ད་ བཟའ་ནི་ཟེར་སླབ་ལས་ དེ་ལས་ཏེ་ ད་ལྟོ་ ཨ་ལྕོ་ཚོང་དཔོན་གྱིས་ དེ་གི་ཏེ་ ཁབ་བྱིན་ཏེ་ ཁབ་བྱིན་ཏེ་ ཏེ་འ་ནཱི་ དིང་པོ་གིས་ རྐངམ་གྱི་རྩང་བཏོན་ཏེ་ འ་ནཱེ་སྦེ་སངས་སངས་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • པདྨ་རྒྱལ་མཚན་
    འ་ནཱེམ་ཅིག་ར་ཨིན་ལགས།