Skip to main content Skip to search
20 Jun 2018
7 min 30 sec
Video Overview
Creators: 
Karma Yezor

This video is an explanation of Tshangmo, a secret divination between husband and wife, or boyfriend and girlfriend. During the divination, the person picks up items according to the romantic situation. For instance, if the person has three different partners, he or she picks up three items; each item will be designated to the three partners. The main participant then should pick one that he desires most, through the narration of Tshangmo. The divination is secret, but additionally there are other interpretations about the meaning of Tshangmo, as explained by Dendup from Punakha. 

གློག་བརྙན་འདི་ནང་ རྩང་མོའི་ཐོག་ལས་སྦེ་ རྨགཔ་དང་ཨམ་སྲུའི་བར་ན་དང་ ཡང་ན་ ཨ་རོགས་དགའ་རོགས་ཀྱི་བར་ན་ གསང་བའི་མོ་བཏབ་ནིའི་དོན་ལུ་ རང་དང་གཅིག་ཁར་འབྲེལ་བ་ཡོད་པའི་ མི་གསུམ་དེ་ཅིག་གི་ ཅ་ལ་ཚུ་སྦུག་ནང་བཙུགས་བཞག་སྟེ་ རྩང་མོ་འཐེན་ཞིནམ་ལས་ ཅ་ལ་རེ་རེ་སྦེ་འཐུའི་ར་ གནམ་བསྐོས་ག་དངགཅིག་ཁར་ཡོདཔ་ཨིན་ན་བལྟཝ་ཨིན་མས། ཅ་ལ་འདི་ཚུ་ཡང་ རང་གི་དགའ་བའི་མི་འདི་གི་ ཅ་ལ་ར་དགོཔ་ཨིནམ་ད་ གདམས་འཐུ་འདི་ བཅའ་མར་གཏོགས་མི་གཞན་མི་ཚུ་གིས་སྦེ་འབད་དགོཔ་ཨིན་མས། བཅའ་མར་གཏོགས་མི་ ངོ་མ་འདི་གིས་ རྩང་མོའི་ཚིག་དང་འཁྲིལ་ཏེ་ ཅ་ལ་ཅིག་འཐུ་མི་འདི་གི་ ཇོ་བདག་འདི་ རང་གི་མི་ཚེ་གཅིག་ནང་ གནས་བསྐོས་འདི་ཐོབ་ཨིནམ་ད་ འདི་ལུ་གསང་བའི་གནམ་བསྐོས་སྐྱུརཝ་ཟེར་སླབ་མ་ཚད་ རྩང་མོ་ལུ་ ད་རུང་ བཤད་པ་རྐྱབ་ཐངས་གཞན་ཡང་ཡོདཔ་ད་ ད་ལྟོ་ནཱ་ལུ་ བཤད་པ་རྐྱབ་མི་འདི་ སྤུན་ན་ཁ་ལས་ དོན་གྲུབ་ཨིན། 

Transcript search
No results found for this search
0 of 0
  • དོན་གྲུབ་
    ཨ་ནཱི་ང་བཅས་རྩང་མོ་གི་ཁུངས་འདི་ཚུ་གི་སྐོར་ལས་དུམ་གྲ་ཅིག་ཏེ་ང་གསལ་ཞུ་ནི་ཡོདཔ་ཨིན་ལགས།ཏེ་མདང་ཞག་ང་བཅས་ཨ་ནཱི་རྒྱང་བསྒྲགས་གཉིས་པ་ནང་ལས་ཏེ་ང་བཅས་རྟག་བུ་ར་ཉན་དོ་ལགས།སྲུང་རྩང་མོ་བློ་ཟེ་འ་ནཱི་ཚུ་ག་ར་ཉན་དོ་ལགས།འ་ནཱི་འབདཝ་ད་ མདང་ཞག་ཐིམ་ཕུག་ལས་མི་གཅིག་གིས་ཏེ་ང་བཅས་རྒྱང་བསྒྲགས་ནང་ལུ་ཁུངས་བཀལ་དེས་བ་ལགས།
  • དོན་གྲུབ་
    གཙང་མོ་གཙང་མོ་ཟེར་མི་འདི་ཁུངས་དེ་ག་ཅི་ཨིནམ་ཟེར་བ་ཅིན་བོད་གཙང་གི་མོ་ཨིན་ཟེར་བོད་གཙང་ལས་དར་དརཝ་འབད་ནི་དེ་གིས་ཏེ་གཙང་མོ་ཟེར་སླབ་མི་དེ་འདི་ཨིན་ཟེར་དེ་འདི་དེ་སྦེ་རྩ་ལས་ར་མེན་ ཟེར་ཞུ་ནི་ལགས།མ་གཞི་ང་བཅས་རའི་ཁ་འགྱུར་བཅོས་ཨ་ཙི་རེ་འགྱོ་སྟེ་གིས་སྦེ་གཙང་མོ་ཟེར་ཡར་སོངམ་མས་ལགས།
  • དོན་གྲུབ་
    མ་གཞི་འདི་གཙང་མོ་ཟེརཝ་མེན་པ་ཞིན་ན་གསང་མོ་ཟེར་སླབ་ཨིན་ལགས།གསང་མོ་ཟེར་སླབ་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ང་བཅས་ར་གསང་ཞིན་ན་བཏབ་པའི་གི་མོ་ཨ་ནཱི་གཙང་མོ་དེ་ལུ་ལྷམ་གསུམ་ཡོད་ལགས།གཅིག་དེ་ལས་ང་བཅས་ཕོ་དང་མོ་དེ་སྦེ་ར་སྐད་འཐེན་ཁྱོད་ནི་རྒྱ་མཚོ་ཕར་ཁར་ལོ་ང་ནི་རྒྱ་མཚོ་ཚུར་ཁ་ལོ་ ཟེར་འཐེན་ནི་ཡོད་མི་ཚུ་ཏེ་འ་ནཱི་འ་ནཱི་ཨིན་ལགས།
  • དོན་གྲུབ་
    དེ་ལས་འ་ནཱི་ཅ་ལ་མི་རེ་རེ་ལུ་ ཅ་ལ་རེ་རེ་བཙུགས་ཏེ་སྦེ་བཏབ་དགོ་ལགས་དང་ཕུ་ང་བཅས་གཞོནམ་སྦེ་སྡོད་པའི་བསྒང་། ཏེ་མ་གཞི་འ་ནཱི་སྦེ་རྩང་མོ་སྐད་འཐེན་ཏེ་སྦེ་བཏབ་མི་འདི་ཕར་སློབ་དཔོན་དེ་ཕར་མིག་ཏོག་སྦ་བཞག་འོང་བ་ལགས།ཏེ་གཞན་མི་ཚུ་གི་ཅ་ལ་ག་ར་ངོ་ཤེསཔ་སྦེ་བཟོ་བཞག་འབདཝ་ད་ད་དཔེར་ན་ལུ་ ང་གིས་ཨམ་སྲུ་དེ་ལུ་དགའ་ཨམ་སྲུ་གིས་ང་ལུ་མ་དགའ་བ་མཐོང་རུང་ཐད་རི་བ་རི་འ་ནཱ་དཔགཔ་ཨིན་ལགས།
  • དོན་གྲུབ་
    ཏེ་འ་ནཱི་གསང་བ་གི་མོ་སྦེ་ཨམ་སྲུ་མི་དེ་ཕར་སྦ་བཞག་དགོ་པ་ལགས།ཨ་ནཱི་གསང་བ་སྦེ་བཏབ་བཏབ་པའི་མོ་ཨིན་ལགས་འ་ནཱི་གསང་མོ་ཟེར་དེ་ལས་མོ་(སྨོསཔ་ཟེར་གཅིག་སྨོས་ནི་?)ཡོད་ལགས་རྩང་མོ་ནང་ལུ་འ་ནཱི་ཅ་ལ་གསུམ་ལས་བཏོན་ནི་མེད་ལགས།ཏེ་འ་ནཱི་ མི་འ་ནཱི་ཨིན་ཟེར་ཏེ་མི་དེ་ད་དཔེར་ན་ང་བཟུམ་ཅིག་འབད་བ་ཅིན་ང་ཁ་ཕར་འགོར་བཞག་འོང་ལགས།ང་སྐད་ཡང་མ་གོ་སར་བཞག་འོང་དེ་ལས་ཁོང་ར་ ད་མི་བཅུ་ཐམ་ཡོད་རུང་ལྔམ་དྲུགམ་ཅིག་ཡོད་རུང་ག་ར་འཛོམས་པའི་ཤུལ་ལསན།
  • དོན་གྲུབ་
    ད་ང་ལུ་ད་དཔེར་ན་འབད་བ་ཅིན་ང་རའི་ཨམ་སྲུ་ངོ་མ་ཅིག་ཡོད་པ་ཅིན་ འ་ནཱི་ཨམ་སྲུ་ངོ་མ་དེ་ཨིན་སྨ་རེད་ཟེར་ ཅ་ལ་གཅིག་བཙུགས་དེ་ལས་ཨ་རོགས་དགའ་རོགས་ཅིག་ཡོད་པ་ཅིན་ཨ་རོགས་དགའ་རོགས་གཅིག་ད་རུང་ཡང་སེམས་ཀྱི་དོག་པ་ཡོད་མི་ཅིག་ཡོད་པ་ཅིན་འ་ནཱི་དོགས་པ་དེ་བཙུགས་སྦེ་དེ་ལས་ང་ཚུར་འགོར་སྦེ་དེ་ལས་འ་ནཱི་ཅ་ལ་གསུམ་ལས་ཁྱོད་གཅིག་དམ་ཁ་རྐྱབ་ཟེར་སླབ་འོང་ལགས།
  • དོན་གྲུབ་
    དམ་ཁ་རྐྱབ་ཟེརཝ་ད་ཏེ་ང་ཁ་ཕར་འགོར་འབད་བའི་ཤུལ་ལསན་ཏེ་དེ་ལས་ ཏེ་ཅ་ལ་དེ་གི་བཤད་པ་རྐྱབ་སྦེ་འབད་ཏེ་འ་ནཱི་ ད་ཀྲིན་འབད་བ་ཅིན་ཨ་འོ་འ་ནཱི་ཙུ་ནེ་བརྡེག་བཏུབ་པས་ལོ་དེ་ལས་(སྤྲོས་?)འདུག་ལོ་ཟེར་ ཏེ་ང་གིས་ནཱ་ལས་ཕར་བཤད་པ་རྐྱབ་སྦེ་འ་ནཱི་དགོ་ར་དགོ་ནི་ཟེར་ཚུར་འཐུ་ཏེ་དེ་ལས་དེ་ལས་ཕར་མ་པ་ལས་ར་མི་དགོ་མི་དེ་ཏེ་ད་ང་འ་ནཱི་དགོ་ར་མི་དགོ་ཟེར་ཕར་འཐུ་ཏེ་དེ་ལསན་གཅིག་ང་དགོ་ གཅིག་མི་དགོ་ཟེརཝ་ད་འ་ནཱི་ཐད་རི་བ་རི་ཕོག་ཚུགས་ལགས་འ་ནཱི་ ང་བཅས་གསང་མོ་ཟེར་མི་དེ་ ཏེ་འ་ནཱི་ཨིན་ཟེར་ཞུ་ནི་ལགས།
  • དོན་གྲུབ་
    ཏེ་ད་མདང་ཞག་ཕར་ ཁུངས་གཅིགཔོ་དེ་ང་བཅས་རྒྱང་བསྒྲགས་ནང་འཐོན་དེས་བ་ལགས།ཕར་ཐིམ་ཕུག་ལས་བཀྲ་ཤིས་ཟེར་མི་ཅིག་གིས་ཁུངས་བཀལ་དེ་འ་ནཱི་འབདཝ་ད་རྩང་མོ་ཟེར་མི་འདི་ཏེ་ག་ཅི་ཨིནམ་ཟེརཝ་ད་བོད་གཙང་གི་འབད་ནི་དེ་གིས་ཏེ་གཙང་མོ་ཨིན་ཟེར་དེ་སྦེ་གཙང་མོ་ཟེརཝ་མེན་པ་བཞིན་ན་ཏེ་འ་ནཱི་གསང་མོ་ཨིན་ཟེར་ང་བཅས་ར་ཨ་ཙི་ཅིག་ཕར་བཞུགས་མི་ཚུ་གིས་ཨ་ཙི་ཅིག་གོ་བ་དུམ་གྲ་ཅིག་འཛོལཝ་མས་ཟེར་ག་ར་འབད་རུང་ཏེ་ཨ་ནཱི་ཐུགས་ཀྱི་བཟོད་པ་བཞེས་ཏེ་སྦེ་ད་རུང་ང་གིས་དེ་ལུ་སྐྱོན་བཏགས་ཁོ་གི་དེ་མེན་ཟེརཝ་མེན་ལགས།
  • དོན་གྲུབ་
    མ་པ་ཁོ་གི་འདི་ཨ་ནཱི་སྦེ་བལྟ་བ་ཅིན་རོགས་གཙང་མོ་ཟེརཝ་ད་ལུ་ཏེ་བོད་གཙང་གི་མོ་བཟུམ་ཅིག་སྦེ་ར་འཆརཝ་མས་ལགས།དེ་འབདཝ་ད་ཁོ་གི་དེ་མེན་དེ་སྐྱོན་བཏགསཔ་ཟེརཝ་མེན་ཏེ་ང་བཅས་དེ་བསྒང་བུཚུ་ཅིག་བསྒང་ལས་ར་ང་བཅས་བློ་ཟེ་བསྒྱུར་ནི་གསང་མོ་བཏབ་ནི་སྲུང་བཏང་ནི་འ་ནཱི་སྦེ་གནམ་མེད་ས་མེད་མཁས་དྲགས་སྦེ་སྤྲོ་བ་སྦོམ་སྦེ་ར་བཏོན་སྡོད་སྡོདཔ་འབད་ནི་དེ་གིས་ཏེ་འ་ནཱི་དང་ཕུ་ང་བཅས་བུཚུ་ཅིག་སྦེ་སྡོད་པའི་བསྒང་ལུ་ཁུངས་ཟེར་ཡང་བཀལ་ར་བཀལ་དགོ་ལགས་འ་ནཱ་ལུ།
  • དོན་གྲུབ་
    བཀལཝ་ད་ང་བཅས་ཨ་ནཱི་གསང་གི་མོ་ཟེར་ཏེ་གསང་མོ་ཟེར་ཏེ་འ་ནཱི་སྦེ་བཏབ་ནི་ཡོད་ཟེར་སླབ་ནི་ལགས།ཏེ་གཅིག་འདི་ག་ཅི་བཏབ་སྨོ་ཟེར་བ་ཅིན་ང་བཅས་ར་ཆོས་ཀ་(ཁ་གསལ་བྱེད་སུམ་ཅུ་?)དེ་ཤེས་དགོ་ལགས་རྩང་མོ་དེ་བལྟཝ་ད་ཀ་ཀ་ལས་འགོ་བཙུགས་ཏེ་སྦེ་ཨ་ཚུན་ཚོད་ཏེ་འ་ནཱ་ལུ་ང་བཅས་ནོར་སེམས་ཅན་བྱང་ད་ཡི་ཟེར་ཏེ་ད་རྡོ་སུམ་ཅུ་འོང་ལགས།ཆོས་ཀྱི་འབདཝ་ད་ འ་ནཱི་རྡོ་སུམ་ཅུ་འཐུ་བཞག
  • དོན་གྲུབ་
    ཏེ་འ་ནཱ་ལས་མར་འབད་ཅིག་འབད་བ་ཅིན་ཏེ་ངནི་ཁ་ཕར་འགོར་བཞག་འོང་ད་དཔེར་ན་བཏབ་མི་འདི་ང་འབད་བ་ཅིན་ཏེ་འ་ནཱི་ཨ་འདི་ཨིན་ན་ཧ་འདི་ཨིན་ན་ཝ་ཨིན་ན་ཉ་ཨིན་ན་འ་ནཱི་ཕར་འཐུ་བཞག་འབད་བའི་ཤུལ་ལསན་ཏེ་ད་ཕར་ལས་ཚུར་ཏེ་དེ་གི་གནམ་མེད་ས་མེད་དྲན་པ་བཏོན་དགོ་ལགས་འ་ནཱི་ཏེ་ད་ཉ་བཟུམ་ཅིག་འབད་བ་ཅིན་ཏེ་དེ་ལས་ང་ད་རིས་ཏེ་ད་ཡར་ཀ་ལས་མར་འབད་རྩིས་ཏེ་སྦེ་ ཉ་ཚུན་ཚོད་བརྩི་དགོ་ལགས།
  • དོན་གྲུབ་
    འ་ནཱི་རྩིས་ཏེ་སྦེ་ཀ་ལས་འགོ་བཙུགས་ཉ་ཚུན་ཚོད་འབདཝ་ད་བར་ན་ག་དེམ་ཅིག་ཆགས་ཆི་ག་ཏེ་འ་ནཱི་སྒོམ་ཆེན་ཟེར་བརྩི་དགོ་ལགས་ཕར་བཟུམ་སྦེ་ད་འ་ནཱི་སྦེ་རྩིས་མི་འདི་འ་ནཱི་སྦེ་ཡོད་ཟེར་ཞུ་ནི་ལགས།འ་ནཱི་ཐད་རི་བ་རི་ཧིང་སངས་སངས་འབད་ར་སྟོན་ཚུགས་ལགས།ཏེ་དང་ཕུ་གི་འ་ནཱི་སྦེ་ཡོད་ཟེར་ཞུ་ནི།ཏེ་མ་གཞི་ཧེ་མ་ཞུ་མི་ཚུ་ཡང་རོགས་མེན་པས་ཟེར་ཞུཝ་མེན་ལགས།དེ་ལུ་སྐུ་གྱོང་(སྐུར་པ་འབད་)ཞུ་སྟེ་མེན་ཏེ་འ་ནཱི་བོད་གཙང་གི་གཡུས་ལས་དར་དརཝ་ཨིན་ཟེར་མི་དེ་མེན་པ་བཞིན་ན།
  • དོན་གྲུབ་
    ང་བཅས་ར་གསང་མོ་ཟེར་ང་བཅས་ཀྱི་དེ་ ཡར་བོད་ལས་ཟེརཝ་མེན་འབྲུག་ལས་ཟེརཝ་མེན་འདི་ཧེ་མ་ལས་ར་ང་བཅས་ནཱ་སྲོལ་སྦེ་འདུག་ལགས།ཏེ་ཕར་ལུ་སྐུ་གྱོང་(སྐུར་པ་འབད་)ཞུཝ་མེན།ཏེ་འ་ནཱི་གསང་མོ་ཟེར་ཨིན་ལགས།ང་བཅས་མོ་གསང་བཏབ་ནི་དེ་གི་གསང་མོ་ཟེར་ཏེ་མོ་ཟེརཝ་ད་ ང་བཅས་ན་ནི་ཚ་ནི་གི་སྦེ་མེན་ལགས།ཕོ་དང་མོ་གི་ཐ་དམ་ཚིག་ག་དེ་སྦེ་བཟུང་དོ་ག་འ་ནཱི་བལྟ་ནི་གི་དོན་ལས་ཏེ་ང་བཅས་ར་ཏེ་མ་པ་འདི་དགོད་བྲོ་བཟུམ་ཅིག་ཨིན་མས་ལགས་དེ་ཨིན་ནི་འདི་འ་ནཱི་སྦེ་ཨིན་ཟེར་ཞུ་ནི་ལགས་བཀའ་དྲིན་ཆེ་ལགས།
  • དོན་གྲུབ་
    ད་ ད་རིས་ནངས་པར་འབད་བ་ཅིན་ང་བཅས་འགྱུར་བཅོས་ཀྱིས་འབད་ ཁ་ཡར་དང་མར་ཨ་ཙི་འགྱུར་བཅོས་འགྱོ་སྦེ་གཙང་མོ་ཟེརཝ་མས། ཏེ་གཙང་མོ་ཟེརཝ་མེན་པར་གསང་མོ་ཟེརཝ་ཨིན་ལགས།གསང་མོ་ཟེར་དགོ་མི་ཁུངས་དེ་ག་ཅི་སྨོ་ཟེར་བ་ཅིན་ང་བཅས་ར་དངམ་མོ་ཟེརཝ་ད་ལུ་ང་བཅས་ར་ནཝ་ཚཝ་བརྡུངས་འ་ནཱི་གི་མོ་འདི་མེན་ལགས།ཕོ་དང་མོའི་བར་ན་སྐོར་ལུ་ཐ་དམ་ཚིག་ག་དེ་སྦེ་སྲུང་དོ་ག་གཅིག་གིས་གཅིག་ལུ་དག་སྣང་ག་དེ་སྦེ་ཡོད་ག་བལྟ་ནིའི་དོན་ལས་ཏེ་གསང་མོ་ཟེར་སླབ་ཨིན་ལགས།
  • དོན་གྲུབ་
    གསང་མོ་ཟེར་མི་གི་ཁུངས་དེ་ག་ཅི་སྨོ་ཟེར་བ་ཅིན་ད་མོ་བཏབ་མི་མི་འདི་ང་བཅས་མི་ད་ དེ་ནང་མི་བཅུ་ཐམ་དེ་ཅིག་ར་ཡོད་རུང་བཅོ་ལྔ་བཅུ་དྲུག་ར་ཡོད་རུང་ཆ་མཉམ་གཅིག་ཁར་སྡོད་འོང་ད་མོ་བཏབ་མི་མི་དེ་ཕར་སྦ་བཞག་འོང་ལགས།ཏེ་ཁོ་གི་ཅ་ལ་ཕུད་རྡོག་གཅིག་ར་ངོ་མ་ཤེསཔ་སྦེ་བཞག་དགོ་བ་འ་ནཱི་འབད་ནི་དེ་གི་གསང་མོ་ཟེར་སླབ་དགོ་མི་ཁུངས་དེ་ འ་ནཱི་ཨིན་ཟེར་ཞུ་ནི་ལགས།
  • དོན་གྲུབ་
    ཏེ་འ་ནཱི་དེ་ང་བཅས་ད་ དེ་བསྒང་ཏེ་ད་ར་འདི་གནམ་མེད་ས་མེད་གསང་མོ་བསྒྱུར་མི་ཡང་མིན་ནུགབློ་ཟེ་བསྒྱུར་མི་ཡང་མིན་ནུགདེ་བསྒང་ང་བཅས་ཏེ་དེ་བསྒང་ རྒྱལ་ཁབ་གནམ་མ་སྣང་འབད་བའི་སྐབས་ལུ་ཏེ་ཕྱི་རུ་ཏེ་ཐངམ་དེ་ཚུ་ག་ར་ང་བཅས་ལྷིའུ་ནང་བརྡུང་དགོ་ལགས།འ་ནཱི་སྦེ་བརྡུངམ་ད་ལུ་ཏེ་ཐངམ་དེ་ཆ་མཉམ་ང་བཅས་གཡུས་ཚན་གཅིག་ནང་ལུ་ མི་བཅོ་ལྔ་དེ་ཅིག་ཡོདན་ཆ་མཉམ་ཏེ་ད་རིས་ངེ་གི་བརྡུངས་ནངས་པར་གཅིག་གི་བརྡུང་གནངས་ཚེ་གཅིག་གི་བརྡུང་པར་འགྱོ་དགོ་པས་བ།
  • དོན་གྲུབ་
    འ་ནཱི་སྦེ་འབདཝ་ད་ལུ་ཏེ་ཐངམ་དེ་བཞགཔ་ཅིག་ཡར་འགྱོ་ ཏེ་འཕྲལ་འཕྲལ་བློ་ཟེ་མཁས་འཕྱད་འཕྲལ་འཕྲལ་གསང་མོ་བཏབ་འགྱོ་དགོ་ལགས།ཏེ་འ་ནཱི་གཙང་མོ་ཟེརཝ་མེན་པ་བཞིན་ན་དེ་ནང་གསང་མོ་ཟེར་མི་འདི་ང་བཅས་ར་ཨ་ནཱི་གསང་བའི་གི་མོ་འབད་ནི་དེ་གིས་ཏེ་མོ་ཟེར་སླབ་རུང་ཡང་ཏེ་ཨ་ནཱི་ནཝ་ཚརཝ་གི་མོ་མེན་པར་ང་བཅས་ར་གཉེན་དང་གྲོགས་དེ་ཚུ་ ཏེ་ག་དེ་སྦེ་འབད་དོ་ག་ གཅིག་གིས་གཅིག་ལུ་ཐ་དམ་ཚིག་ག་དེ་སྦེ་བཟུང་དོ་ག་དག་སྣང་ག་དེ་སྦེ་ཡོད་ག་བལྟ་ནིའི་དོན་ལས་ཏེ་གསང་མོ་ཟེར་ཏེ་གསང་མོ་ཟེར་མི་ཁུངས་འདི་ད་རིས་ང་ཞུ་དོ་བཟུམ་ཅིག་ར་ཨིན་ཟེར་ཞུ་ནི་ཨིན་ལགས།
  • དོན་གྲུབ་
    ད་གསང་མོ་ཅིག་འཐེན་པ་ཅིན་ ཨུ་ཧུམ་་་་་ད་ང་བཅས་ར་ ཏེ་ད་སྤྱིར་བཏང་གིས་ར་འཐེན་སྲོལ་འདུག་ལགས་དེ་འདི་ཏེ་ཨ་ནཱི་ང་བཅས་ར་ཏེ་གཉེན་གྱི་འཚམས་ཅིག་འབད་ཡང་འཐེན་ནི་ཡོད་དགྲ་གླུ་འབད་ཡང་འཐེན་ནི་ཡོད་ལགས།གཉེན་གྱི་འབད་འཐེན་པ་ཅིན།
  • དོན་གྲུབ་
    ཁམ་བུ་ཁ་ལ་ལ་ཞིམ་པས།།
  • དོན་གྲུབ་
    མེ་ཏོག་མིག་ལུ་ལ་མཛེས་པས།།
  • དོན་གྲུབ་
    ཁམ་ཅུང་ཤིང་གི་རྩ་བ་།།
  • དོན་གྲུབ་
    (གཅིག་གིས་གཅིག་སྤུབས་རུང་རེ་བས།།?)ཟེར་མི་འདི་ ང་བཅས་གཉེན་ཨིན་ཟེར་ཞུ་ནི་ལགས།ཏེ་འ་ནཱི་དཔེ་འདི་ག་ཅི་སྨོ་ཟེར་བ་ཅིན་ཏེ་ཕོ་ར་ཨིན་ས་ཅིག་རུང་མོ་ར་ཨིན་ས་ཅིག་རུང་ད་འ་ནཱི་མོ་བཏབ་མི་འདི་གིས་གནམ་མེད་ས་མེད་བཤད་པ་རྐྱབ་དགོ་ལགས་འ་ནཱ་ལུ་ཏེ་ཅ་ལ་འདི་ཕར་སོ་སོར་བཏོན་བཞག་འོང་ལགས།ཏེ་འ་ནཱི་ཅ་ལ་འདི་ག་གི་ཨིན་ན་ར་མི་ཤེས་ལགས་མོ་བཏབ་མི་དེ་གིས། ད་ཕོ་ར་ཨིན་རུང་མོ་ར་ཨིན་རུང་ཁམ་བུ་ཁ་ལ་ཞིམ་པས།།ཁམ་ཅུང་ཤིང་གི་རྩ་བ་ལུ།།(གཅིག་གིས་གཅིག་སྤུབས་རུང་རེ་བས་?)ཟེར་མི་འདི།
  • དོན་གྲུབ་
    ཏེ་མི་འདི་ཨ་ནཱི་སྦེ་བལྟ་རུང་ཡང་ལེགས་པས།བློ་སླབ་རུང་ཡང་(ཏེ་འཇའ་འཇའ་འདུག?)ཏེ་མོ་དང་ཆ་ང་བཅས་ཏེ་དུམ་གྲ་ཅིག་འབྲེལ་བ་འབད་ཚུགས་ཏེ་འབད་བ་ཅིན་ཏེ་གནམ་མེད་ས་མེད་སེམས་དགའ་བས་ ཟེར་སླབ་ནི་ཟེརཝ་ཅིག་ཅ་ལ་ཕར་སོ་སོར་སྦེ་བཏོནམ་ཅིག་ཏེ་དེ་ལསན་ཅ་ལ་འདི་འ་ནཱི་གི་ཨིན་མས་ཟེརཝ་ཅིགན་མི་ཆ་མཉམ་གྱིས་ཨ་ནཱི་སྒལ་ཏོ་གུ་ལྡན་ལྕག་རྐྱབ་དགོ་ལགས།བདེན་པས་བདེན་པས་ཟེར་ཏེ་འ་ནཱི་སྦེ་ཏེ་བཏོན་དགོ་ཟེར་སླབ་ནི།ཏེ་དགྲ་གླུ་དེ་བསྒྱུར་བ་ཅིན་ཨཱ་ཧ་་་་་་།
  • དོན་གྲུབ་
    ཕར་རི་སྤང་གི་ལ་སྦུག་ལུ།།
  • དོན་གྲུབ་
    ཤ་ཝ་ཡར་འགྲོ་ལ་མར་འགྲོ།།
  • དོན་གྲུབ་
    ཡར་འགྲོ་རྩྭ་ཡང་མི་བཟའ།།
  • དོན་གྲུབ་
    མར་འགྲོ་ལ་ཆུ་ཡང་མི་འཐུང་།།ཟེརཝ་ད་ཏེ་འ་ནཱི་འཐུང་ཟེར་མི་ཅ་ལ་དེ་གུ་རེག་མི་འདི་ཅ་ལ་སོ་སོར་སྦེ་བཏོན་དགོ་ལགས།ཏེ་འ་ནཱི་ཚུ་ཡང་བཤད་པ་འ་ནཱི་སྦེ་ར་རྐྱབ་ནི་ར་ཨིན་ ཟེར་ཞུ་ནི་ཨིན་ལགས།། །།