Skip to main content Skip to search
15 Dec 2011
5 min 38 sec
Rating
0
No votes yet
Video Overview
Creators: 
Unknown

A local scholar points out and describes tombs and other sites in the Chonggyé area.

Show More

  • འདིའི་རྒྱལ་པོ་མང་སྲོང་མང་བཙན་གྱི་བང་སོ་རེད། རྒྱལ་པོ་མང་སྲོང་མང་བཙན། འདི་ནི། ཨོའོ།
  • ཤེས་རྦ་འགྱུར་མེད
    མང་སྲོང་གི་བང་སོའི་རྒྱབ་ལོག་དེ་འདྲ་མིག་ནང་མཐོང་ཡས་དེ་འདྲས་གཅིག་མི་འདུག་གས།
  • དའི་མང་སྲོང་བང་སོའི་རྒྱབ་དའི་ད་དུང་རྒྱལ་པོ་འདུས་སྲོང་མང་པོ་རྗེ་ཡི་བང་སོ་ཡོའོ་རེད། ད་ཡིན་ནའི་འདའི་མཐོང་གི་མི་འདུག། འདི་འཇམ་ཚ་ལྷ་དབོན་གྱི་བང་སོ་རེད། འཇམ་ཚ་ལྷ་དབོན།ས
  • ཤེས་རྦ་འགྱུར་མེད
    ཨ་ནི་ཕ་གའི་དི་བང་སོ་གཉིས་དེ་རེད་པ་མཐོ་ཤོས་དང་དམའ་ཤོས།
  • ཨོའོ་མཐོ་ཤོས་ཡ་གི་ཨ་ནི་ཁྲི་ལྡེ་གཙུག་བརྟན་གྱི་བང་སོ་རེད། མཐོ་ཤོས་དེ་ཁྲི་ལྡེ་གཙུག་བརྟན་གྱི་བང་སོ།
  • ཤེས་རྦ་འགྱུར་མེད
    ཨ་ནི་ད་ལྟ་འདིའི་རྒྱུད་འཁོར་ལ་ཁག་ཅིག་འདུག་གས་ད་ལྟ་མིག་གི་མ་མཐོང་དེ་འདྲས།
  • འདིའི་འདུས་སྲོང་མང་པོ་རྗེ་ཡི་བང་སོ་རེད།
  • ཤེས་རྦ་འགྱུར་མེད
    འདི་དེ་ནས་མཁའ་ཡང་མཐོང་གི་མི་འདུག།
  • འོང་། མཐོང་གི་མི་འདུག་འདི་ནས་གཅིག་ཡའི་མཐོང་གི་མི་འདུག།
  • ཤེས་རྦ་འགྱུར་མེད
    འདི་ནས་ཚུར་བྱས་ཕར་ཕྱིན་ན་མཐོང་གི་རེད་པས།
  • ཕར་ཕྱིན་ན་མཐོང་གི་རེད། འདིའི་སྒང་དའི་འཛེགས་ན་ཨ་ནི་མཐོང་གི་རེད།
  • ཤེས་རྦ་འགྱུར་མེད
    འདི་ན་བང་སོ་ཆེ་ཤོས་དེ་རེད་པ།
  • འདི་བང་སོ་ཆེ་ཤོས་མ་རེད། བང་སོ་འདི་ཁྲི་ལྡེ་སྲོང་བཙན་གྱི་བང་སོ་རེད། སད་ན་ལེགས་འབྱིན་གྱི།
  • ཤེས་རྦ་འགྱུར་མེད
    འདི་ནི་ལག་མ་གཡོན་མ་དེ་ཁང་པོ་དམར་པོ་ཆུང་ཆུང་རེད་པ།
  • འདི་བང་སོ་འདིའི་ཨ་ནི་རྡོ་རིང་རེད།
  • ཤེས་རྦ་འགྱུར་མེད
    རྡོ་བང་སོ་འདི་ཡི་རྡོ་རིང་། བང་སོ་དེ་ཡི་རྡོ་རིང་རེད་ཨ།
  • འོང་བང་སོ་དེ་ཡི་རྡོ་རིང་། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་མཛད་རྗེས་བསྐོས་བཞག་ཡོའོ་རེད་འདིའི་རྡོ་རིང་སྒང་དའི།
  • ཤེས་རྦ་འགྱུར་མེད
    ཨ་ནི་འདིའི་རྡོ་རིང་ཡོད་ས་དེ་དང་ལྷ་ཁང་རེད། ཡང་ལྷ་ཁང་།
  • ལྷ་ཁང་མ་རེད། དེ་ད་ང་ཚོས་རྡོ་རིང་དེ་ཡར་བཏོན་བྱས་བྱས་ཨ་ནི་ང་ཚོར་ལྟ་བསྐོར་བྱེད་ཡས་ཡོད་པ་བཟོས་བཞག་ཡོའོ་རེད། ད་ཁང་པ་གཅིག་བསྐོང་བཞག་ཡོའོ་རེད་ལྷ་ཁང་མ་རེད། བང་སོ་འདི་རྒྱལ་པོ་གླང་དར་མའི་བང་སོ་རེད།
  • ཤེས་རྦ་འགྱུར་མེད
    གླང་དར་གྱི་བང་སོ། དེ་ནས་ཡ་ཕ་གའི་མདུན་ལ་གཅིག་འདུག།
  • ཨོའོ་འདིའི་མདུན་ལ་ཡོད་པ་དེ་བང་སོ་གླང་དར་མའི་བང་སོ་རེད། འདིའི་རྒྱབ་དེ་བང་སོ་ང་མུ་ཏིག་བཙན་པོ་ཡིན་ན་མུ་ནེ་བཙན་པོ་ཡིན་ན་དེ་གསལ་པོ་ཞེ་དྲག་བཤོད་ཐུབ་ཀྱི་མི་འདུག།
  • ཤེས་རྦ་འགྱུར་མེད
    ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག།
  • ངོས་འཛིན་བྱེད་ཐུབ་མ་སོང་།
  • ཤེས་རྦ་འགྱུར་མེད
    ཨ་ནི་དེ་ལ་བང་སོ་གཉིས་འདུག་མདུན་ལ་གླང་དར་མ་རེད་རྒྱབ་་པོ་དེ་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག། དེ་ཚོ་ཡི་རྒྱལ་པོ་་་་་ལ་དི་བང་སོ་འདུག་གས།
  • བང་སོ་ཆུང་ཆུང་གཉིས་ཙམ་ཅིག་ཡོའོ་རེད། ད་དུང་ཆུང་ཆུང་གཉིས་ཡོའོ་རེད། ཡིན་ནའི་ལའི་ས་ངོས་འཛིན་གསལ་པོ་བྱེད་ཐུབ་ཀྱི་མི་འདུག་ངོས་འཛིན་གསལ་པོ་ཐུབ་པ་དེ་རྒྱལ་པོ་གླང་དར་མའི་བང་སོ་དེ་རེད།
  • ཤེས་རྦ་འགྱུར་མེད
    དེ་ནི་ཕྱོགས་ཕ་གའི་གྱི་ཁང་པའི་གདོང་ན་བང་སོ་བཞི་ཡོའོ་རེད།
  • བང་སོ་བཞི་ཙམ་ཅིག་ཡོའོ་རེད་བཞི་བཞི་ཡོའོ་རེད། གླང་དར་མའི་བང་སོའི་རྒྱབ་ཕ་གའི་བང་སོ་ཆུང་ཆུང་གསུམ་ཙམ་ཅིག་འདུག། གླང་དར་མ་བརྩིས་གླང་དར་མ་བརྩིས་པའི་བང་སོ་བཞི་ཙམ་ཅིག་ཕ་གིའི་དཀྱིལ་དའི།
  • ཤེས་རྦ་འགྱུར་མེད
    དེ་ནི་ཕ་གའི་དེ་སྒེར་གྱི་ཁང་པའི་ཁྲིད་དའི་རེད་པ་དི་ནི་བང་སོ་འདུག་གས།
  • བང་སོ་རེད་མི་ཚང་གི་ཁང་པ་ཡོད་ས་དེ་ཡའི་བང་སོ་བརྩིས་ཀྱི་རེད་ཡང་དེ་མུ་རུབ་བཙན་པོའི་བང་སོ་རེད་ཟེར་གྱིས། འོང་མུ་རུབ་བཙན་པོ།
  • ཤེས་རྦ་འགྱུར་མེད
    ཡིན་ནའི་དེ་གཏན་གཏན་མི་མདུག།
  • གཏན་གཏན་ཡོའོ་མ་རེད།
  • ཤེས་རྦ་འགྱུར་མེད
    དེ་ནི་ཁོང་ཚོའི་ཁང་པ་དེ་བང་སོའི་སྒང་ལ་རྒྱབ་པ་ཡིན་མདུན་ལ་རྒྱབ་ཡིན་གང་འདྲས་རེད།
  • བང་སོའི་སྒང་ལ་རྒྱབ་བཞག་ལ། སྒང་ལ་རྒྱབ་བཞག་། སྔན་མག་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ད་ཁྲལ་པའི་ཁྱིམ་ཚང་ཅིག་རེད། ད་ཁོ་རང་ཐོབ་ཐང་ངེས་ཅན་ཡོད་པ་བྱས་དེའི་སྒང་ལ་་རྒྱབ་ཆོག་གི་ཡོད་པ་འདྲ། ཨ་ནི་ལྷག་པར་དུ་བང་སོ་དེ་དོ་དམ་བྱེད་ཡས་དང་། བང་སོ་དེ་བསྲུང་སྐྱབ་བྱེད་ཡས་དང་དོ་དམ་བྱེད་ཡས་དང་དེ་ཡའི་འགན་ཏས་ཙ་ཡོད་པ་བྱས། དེ་འདྲས་འོང་། ཨོའོ་འདུག་ཟེར་བྱས་རྒྱབ་ཆོག་གི་ཡོད་པ་འདྲ་འདུག།
  • ཤེས་རྦ་འགྱུར་མེད
    ཨ་ནི་ཁང་པོ་དམར་པོ་ཡི་རྒྱབ་ལོག་ཕ་གའི་རྒྱབ་ལོག་ལ་བང་སོ་མཐོང་གི་འདུག་གས།
  • ཁང་པོ་དམར་པོའི་རྒྱབ་ཕ་གའི་རིའི་འགྲམ་དའི་ཨ་ནི་བང་སོ་བཞི་ཙམ་ཅིག་ཡོའོ་རེད།
  • ཤེས་རྦ་འགྱུར་མེད
    མཐོང་གི་མི་འདུག་འདི་ནས།
  • ད་འདི་ནས་ཨ་ནི་གསལ་པོ་ཞེ་དྲག་མཐོང་གི་མ་རེད་ལ་རིའི་འགྲམ་ཕ་གའི་ཡོའོ་རེད། ཨ་ནི་ཐག་རིང་པོ་ཞེ་དྲག་རེད།
  • ཤེས་རྦ་འགྱུར་མེད
    འདི་ཚོ་བང་སོ་ངོས་འཛིན་བྱེད་ཐུབ་ཀྱི་འདུག་གས།
  • ངོས་འཛིན་ད་མིང་ངོས་འཛིན་བྱེད་ཐུབ་ཀྱིས་ལ། བང་སོ་འདི་དང་མིང་དེ་ཏག་ཏག་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག། ད་ཡིན་ན་ལའི་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱི་བང་སོ་དེ་ཨ་ནི་ཕ་གའི་རིའི་འགྲམ་ཕ་གའི་གཅིག་ཨ་ནི་ངོས་འཛིན་གསལ་པོ་བྱེད་ཐུབ་ཀྱི་འདུག།
  • ཤེས་རྦ་འགྱུར་མེད
    ཨོའོ་ཡག་དེ་ནི་སྲས་ན་ལེགས་པའི་ཀྱི་བང་སོ་བྱས་གླང་དར་མ་དང་བང་སོ་གསུམ་ཕ་གའི་སྒེར་གྱི་བང་སོ་བྱས་རིའི་འདིའི་ཕ་རོལ་གྱི་བང་སོ་བཞི་བྱས་རེད་པ་ལ། དེ་ཚོ་བང་སོ་ཁག་ལྔ་དེ་རེད་དེ་ཕ་གའི་ཕ་གའི་ཕྱོགས་ལ་མིག་བལྟ་ན།
  • པ་རའི་ནང་ལ་ད་གསལ་པོ་ཞེ་དྲག་མཐོང་གི་མི་འདུག་ག། དེའི་བརྒྱུད་ལ་ད་བང་སོ་མང་ཆེ་བ་ཅིག་དོན་ཁང་ས་ཆ་ཕ་གའི་མིང་ལ་གདོལ་ཁང་ཟེར་གྱི་རེད་གདོལ་ཁང་མདའ་དའི་ཨ་ནི་བང་སོ་མང་པོ་ཡོའོ་རེད། ད་དུང་བང་སོ་གཅིག་རིའི་རྒྱབ་དའི་བསྡད་ཡོའོ་རེད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བང་སོ།
  • ཤེས་རྦ་འགྱུར་མེད
    ཁྲི་སྲོང་ལྡེ་བཙན།
  • མིག་གི་མཐོང་གི་མི་འདུག་གང་འདིའི་རིའི་རྒྱབ་དའི་ཡོའོ་རེད།
  • ཤེས་རྦ་འགྱུར་མེད
    བང་སོ་དེ་ཆེན་པོ་འདུག་གས།
  • བང་སོ་དེ་ཆེན་པོ་ཡོའོ་རེད། འདིའི་ནང་ལ་ད་བང་སོ་ཡོའོ་མ་རེད་འདིའི་ཆུ་མགོ་མདའ་རེད་ཆུ་མགོའི་མདའ་ཟེར་ལུང་པ་དེའི་ལུང་པོ་དེའི་མིང་ལ་ཆུ་མགོ་ཟེར་འདྲ་རེད། ཆུ་མགོའོ་མདའ་རེད། དེའི་བརྒྱུད་དའི་ཨ་ནི་བང་སོ་ཡོའོ་མ་རེད། འདིའི་ཚུར་ཙ་དའི་ཨ་ནི་བང་སོ་མགོ་བཙུགས་པ་རེད།
  • ཤེས་རྦ་འགྱུར་མེད
    ཨ་ནི་ཕ་གིའི་དེ་འདི་ནས་མགོ་བཙུགས་ནས་བང་སོ་གང་ཡང་མེད་པའི་ས་ཆ།
  • འོང་ཡོའོ་མ་རེད་ལ་ད་འདིའི་བརྒྱུད་དེ་ནས་ཡར་འདི་ནས་ཡར་བང་སོ་གཅིག་ཡའི་མི་འདུག། འོང་ཡོའོ་མ་རེད།
  • ཤེས་རྦ་འགྱུར་མེད
    ཨ་ནི་བང་སོ་མ་ཡིན་པའི་ད་ལྷ་ཁང་ལོ་རྒྱུས་ཡོད་པའི་ས་ཆ་ཞིག་མདུག་གས་འདིའི་ནང་ལོག་ལ།
  • མི་འདུག་ལ་ད་འདི་ནས་ཚང་མ་ལོག་མི་སེར་གྱི་ཁང་པ་རེད་མི་སེར་གྱི་ཞིང་ཁ་དང་མི་སེར་གྱི་ཁང་པ་རེད་འདི་ནས་ཡར་ལྷ་ཁང་དང་དེ་མིན་གྱི་བང་སོ་སོགས་དེ་འདྲས་ཀ་གང་ཡའི་ཡོའོ་མ་རེད། ཡིན་ནའི་ལྷ་ཁང་དཔལ་རི་དགོན་པ་ཅིག་ཡོའོ་རེད་དའི་དེ་ཨ་ནི་རིའི་སྦུག་ཡེ་ཡར་ཡོའོ་རེད། ཡིན་ནའི་འདིའི་ནང་ལ་མཐོང་གི་མི་འདུག།
  • ཤེས་རྦ་འགྱུར་མེད
    དེང་སང་འདུག་གས།
  • ལགས།
  • ཤེས་རྦ་འགྱུར་མེད
    དེང་སང་འདུག་གས། དེ་དགོན་པ་དེ།
  • ད་དེང་སང་ཡོའོ་རེད་ལགས།
  • ཤེས་རྦ་འགྱུར་མེད
    གྲུབ་མཐའ་ག་གི་རེད་ལ།
  • རྙིང་མ་ཡི་དགོན་པ་རེད། རྙིང་མ་ཡི། གྲུབ་མཐའ་རྙིང་མ་ཡི་དགོན་པ།
  • ཤེས་རྦ་འགྱུར་མེད
    གྲྭ་པ་ག་ཚོད་ཡོའོ།
  • གྲྭ་པ་ཨ་ནི་བདུན་བརྒྱད་ཅིག་ཡོའོ་རེད།
  • ཤེས་རྦ་འགྱུར་མེད
    བདུན་བརྒྱད།
  • འོང་།
  • ཤེས་རྦ་འགྱུར་མེད
    ཨ་ནི་ཕ་གའི་གྲོང་ཚོ་ག་ཚད་ཡོའོ་རེད། གྲོང་ཚོ་འདྲ་མི་འདྲ།
  • ཨ་ནི་འདིའི་ནང་ལ་ད་ཆུ་མགོ་གྲོང་ཆུ་མགོ་དེང་སང་བྱས་ན་ཆུ་མགོ་ཤང་རེད། ཆུ་མགོ་ཤང་ཟེར་བྱས་ད་གྲོང་ཚོ་འདི་ནས་ཡར་གོང་ཚོ་ད་ཨ་ནི་ཁྱིམ་འདུས་མང་པོ་ཡོའོ་རེད་ད་ངས་ཞིབ་ཕྲའི་གྱི་གྲངས་ཀ་ག་ཚད་ཡོད་མེད་ངས་ཤོད་ཐུབ་མ་སོང་།