Skip to main content Skip to search
31 Aug 2018
45 min 20 sec
Video Overview
Creators: 
Nelson Walker

There are thirteen traditional arts and crafts, or Zorig Chusum, which Bhutan has been practicing for a long time. These thirteen arts and crafts are painting, calligraphy, sculpturing, carving, casting, sewing, carpentry, paper making, bamboo crafting, blacksmithing, goldsmithing, masonry, and tannery. The video was recorded at the Institute of Zorig Chusum, where the vice principal explains their institute’s learning system. Courses can be from two to six years in duration. For tailoring, they have to train for two years; for sculpting, the training will be up to six years. He also introduces each art and craft students learn in the institute through the courses they provide. 

Transcript search
No results found for this search
0 of 0
  • དབུ་འཛིན་འོགམ་
    ད་ ནཱ་བཟུམ་ཅིག་འབད་བ་ཅིན་ ང་བཅས་པ་ཏྲ་ ལོ་རིམ་དང་པ་འདི་ འདི་ནང་ལུ་ འ་ ང་བཅས་ བཟོ་རིག་འདི་ཚུ་གི་ གཞི་འདི་ག་ར་འ་ནཱི་ རི་མོ་ལས་བརྟེན་ཏེ་ འགྱོ་དགོ་ནི་འདི་གིས་ ཏེ་ད་ལྟོ་ ཁོང་ནཱ་གསརཔ་ལྷོདཔ་ཅིག་འབད་ནི་འདི་གིས་ ཏེ་ ང་བཅས་ད་ལྟོ་ཁོང་འ་ནཱི་ འ་ རི་མོ་འདི་ ལྷབ་བཅུག་ཨིན་ལགས།
  • དབུ་འཛིན་འོགམ་
    རི་མོ་འདི་ཡུདཔ་ཅིག་ ད་འ་ནཱི་ པ་ཏྲ་གི་རིགས་དང་ དེ་ལསནི་ མེ་ཏོག་གི་རིགས་ འ་ནཱི་ཚུ་ཨ་ཙི་ཅིག་ཤེས་འབད་ཞིནམ་ལས་ ཏེ་དེ་ལསནི་ ང་བཅས་འ་ནཱི་ པ་ཏྲ་བརྐོ་ནི་འདི་ འ་ནཱ་ལས་འགོ་བཙུགསཔ་ཨིན་ལགས་ ཁོང་འདི་ནཱ་ལས་ འ་ནཱི་པ་ཏྲ་ལོ་ངོ་གཉིས་ མཐར་འཁྱོལ་ཚར་ཚརཝ་ཨིན་ལགས། པ་ཏྲ་ལོ་ངོ་གཉིས་མཐར་འཁྱོལ་ཞིནམ་ལས་ ད་ དུས་ཅི་ཁོང་ར་འ་ནཱི་འབག་བཟོ་གི།
  • དབུ་འཛིན་འོགམ་
    སྦྱོང་བརྡར་ཅིག་བྱིན་ནི་སྦེ་ཡོདཔ་ཨིན་ལགས་ ཏེ་དེ་འབདཝ་ད་ང་བཅས་ དུས་ཅི་ནཱ་ལུ་ ད་ལྟོ་ འབག་བཟོ་གི་ སློབ་དཔོན་གསརཔ་མ་ལྷོད་པར་ཡོདཔ་འབད་ ང་བཅས་ ད་འ་ནཱི་གི་རིང་ལུ་ ད་ ཁོང་ར་ནཱ་ དུས་ཚོད་འཕྲོག་བརླག་མི་འགྱོ་ནི་གི་དོན་ལུ་ ང་བཅས་ནཱ་ སྤེལ་ཁང་ནང་ལུ་ ཏེ་ ཁག་ཆེ་བའི་གི་ ཏེ་ ང་བཅས་ར་ཡར་ལུ་ ཏེ་ བཞུགས་ཁྲི་དང་ ཏེ་ སྡོད་ མདུན་ཅོག་འདི་ཚུ་ ནཱ་ལུ་བཟོ་ནི་གི་དོན་ལུ་ ད་ལྟོ་ཁོང་འ་ནཱི་ སྦྱང་བ་དང་གྲས་འ་ནཱི་འབད་བཅུགཔ་ཨིན་ལགས།
  • དབུ་འཛིན་འོགམ་
    ཏེ་ གོ་རིམ་ཅིག་འ་ནཱི་སྦེ་ པ་ཏྲ་ལྷབ་ཚར་ཞིནམ་ལས་ འབག་བཟོ་ཟེར་ བཞག་དཔ་མ་གཏོགས་ཅིག་ མ་པ་དུམ་གྲ་ཅིག་འདི་ ལཱ་ཁག་འ་ནཱི་འདི་ཁག་ གཟུགས་བརྙན་གྱི་ མགུ་ཏོ་འབད་ནཱི་འདི་གིས་ ཨ་ཙི་ཅིག་ད་ལྟོ་ལཱ་ཁག་ལགས་ དུམ་གྲ་ཅིག་ཁག་ཆེཝ་དབང་དུ་བཏང་སྟེ་གིས་སྦེ་ ཏེ་ང་བཅས་ཀྱིས་ མར་ལས་ཡར་པ་ཏྲ་མཇུག་བསྡུ་ཞིནམ་ལས་ ཏེ་ ཡར་འབག་བཟོ་བཞག་མི་འདི་ འ་ནཱི་ཨིན་ལགས།
  • དབུ་འཛིན་འོགམ་
    ནཱ་བཟུམ་ཅིག་འབད་བ་ཅིན་ ང་བཅས་པ་ཏྲ་ ལོ་རིམ་གཉིས་པ་འདི་ཨིན་ལགས་ དེ་ལས་ ད་ ནཱ་ལྷོད་པའི་བསྒང་ལས་ ལོ་ངོ་གཉིས་པའི་ནང་ལྷོད་པའི་བསྒང་ལས་ དེ་ལསནི་ཏེ་ ཁོང་གིས་ རྟགས་བརྒྱད་བུམ་གཟུགས་ཟེར་ ང་བཅས་རའི་བཀྲ་ཤིས་རྟགས་བརྒྱད་ག་ར་གཅིག་ཁར་ཚངམ་སྦེ་ ནཱི་ཚུ་ཡང་བརྐོ་ དེ་ལསནི་ དེ་བཟུམ་སྦེ་ ཚེ་རིང་དྲུག་སྐོར་དང་ དེ་ལསནི་ཏེ་ འ་ སྟག་སེང་ཁྱུང་འབྲུག་འདི་ཚུ་ག་ར་ འ་ནཱ་ལས་བརྐོ་འོང་ལགས་ གཟུགས་འདི་ཚུ་མཇུག་བསྡུཝ་སྦེ།
  • སློབ་སྟོན་པ་
    ང་བཅས་པ་ཏྲ་ནང་བཟུམ་ཅིག་འ་ནཱི་ ད་ ང་བཅས་ཀྱི་ བཟོ་ཆ་འདི་གི་སྐོར་ལས་འབད་བ་ཅིན་ ཏེ་ བཟོ་ཆ་གྱངས་ཁ་འདི་ ང་བཅས་ཀྱི་ གྱངས་ཁ་ལེ་ཤ་སྦེ་ཡོད་ཟེར་ ཞུ་ནི་ཨིན་ལགས་ གྱངས་ཁ་འདི་དེ་ ལ་ལུ་ཅིག་ བཞི་བཅུ་ ཏེ་ སུམ་བཅུ་ འ་ནཱི་སྦེ་ཡོད་ དེ་འབདཝ་ད་ གྱངས་ཁ་འདི་ དེ་མེན་པ་སྦེ་ཞིན་ན་ དབྱེ་བ་འདི་ལུ་བཞག་པ་ཅིན་ དབྱེ་བ་འདི་ལྔ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • སློབ་སྟོན་པ་
    ད་ འ་ནཱི་བཟུམ་ཅིག་འབད་བ་ཅིན་ འ་ནཱི་འདི་ སེག་ཅུང་ཟེར་མི་འདི་ཨིན་ལགས་ ད་ འ་ནཱི་སེག་ཅུང་འདི་གུ་ལས་མར་སྦེ་ ཏེ་ ད་ ང་བཅས་ར་གི་ ཆེ་ཆུང་སྒྲིགས་ཏེ་གིས་སྦེ་ ཏེ་ མར་ཆུང་ཀུ་ ཏེ་ ཁབ་ཀྱི་སྤྱི་ཏོག་བཟུམ་ཚུན་ཚོད་ ཏེ་ འ་ནཱི་སྦེ་བཟོ་ནི་ཡོད་ཟེར་ ཏེ་ འདི་བཟུམ་སྦེ་ ཏེ་ དེ་ལསནི་ འ་ནཱི་འདི་ ཁ་སྒོརམ་ཟེར་མི་འདི་ཨིན་ལགས་ ཁ་ འ་ནཱི་སྦེ་ སྒོར་སྒོརམ་སྦེ་ཡོད་ནི་འདི་གིས་ ཁ་སྒོརམ་ཟེར།
  • སློབ་སྟོན་པ་
    འ་ནཱི་འདི་ཡང་ འ་ནཱི་སེག་ཅུང་འདི་ ཅོག་རང་འཐདཔ་སྦེ་རང་ ཏེ་ སྦོམ་ཆུང་འདི་ ཏེ་ ཧ་ལམ་ང་བཅས་ར་གི་ རི་མོ་གི་དེམ་དང་འཁྲིལ་ཞིནམ་ན་ལས་ ཆུང་ཀུ་འདི་མར་ག་དེམ་ཅིག་ ཆུང་ཀུ་ཚུན་ཚོད་ འ་ནཱི་བཟུམ་ཡོད་ཟེར་ ཏེ་ འ་ནཱི་འདི་ ཤང་ཤང་ཟེར་མི་འདི་ཨིན་ལགས་ ད་ འ་ནཱི་ཤང་ཤང་འདི་སྟེ་ རྒྱབ་ཁར་ལས་འ་ནཱི་སྦེ་ སྒོར་རི་རི་སྦེ་ ཏེ་ འ་ནཱི་ཡ་ཅིག་ཧོངས་ལས་ འ་ནཱི་ཝ་ཤུར་སྦེ་ འ་ནཱི་སྦེ་ཡོད་ནི་འདི་གིས་ འ་ནཱི་ཤངས་ཤང་ཟེར།
  • སློབ་སྟོན་པ་
    ཏེ་ འ་ནཱི་འདི་ཡང་ ཆེ་ཆུང་ཏེ་ད་ མ་པ་བཟོ་རྣམ་འདི་ འ་ནཱི་བཟུམ་རང་ཨིན་ ཏེ་ ཆེ་ཆུང་གི་དབྱེ་བ་འདི་འབདན་ ཏེ་ གྱངས་ཁ་ལེ་ཤ་སྦེ་བཟོ་ནི་འདུག་ཟེར་ལགས། ཏེ་ གཅིག་འདི་འ་ནཱི་ ཞོར་ཏེ་(?)ཟེར་མི་འདི་ཨིན་ལགས་ ད་ འ་ནཱི་མར་ འོག་འོག་ལུ་འ་ནཱི་སྦེ་ ཞོར་མི་འདི་ ཏེ་ འ་ནཱི་འདི་ཡང་ ཏེ་ད་ མ་པ་བཟོ་རྣམ་འདི་ འ་ནཱི་བཟུམ་སྦེ་རང་འབདཝ་ཨིན་ ཏེ་ གྱངས་ཁ་འདི་ ཏེ་ ཡར་ལས་མར་ཆེ་ཆུང་ལེ་ཤ་རང་བཟོ་ནི་ཡོད།
  • སློབ་སྟོན་པ་
    འ་ནཱི་འདི་མིག་འབྲུ་(?)ཨིན་ལགས་ དོང་སྤེད་ནི་གི་ མིག་འབྲུ་འདི་ཨིན་ལགས་ དོང་སྤེད་ནི་གི་མིག་འབྲུ་འདི་ ང་བཅས་འ་ནཱི་ ཕྱི་ཁར་གྱི་འདི་ སྦོ་རིལ་རི་སྦེ་ ཏེ་ ཁ་འ་ནཱི་སྦེ་ ཐེ་རི་རི་སྦེ་ཡོདཔ་ཨིན་ལགས་ནང་ན་ལས་ལགས་ འ་ནཱི་སྦེ་ནི་འདི་གིས་ འ་ནཱ་ལུ་ དོང་སྤེད་མིག་འབྲུ་ཟེར་སླབ་མི་འདི་ འ་ནཱི་ཨིན་ལགས།
  • དབུ་འཛིན་འོགམ་
    ད་ འ་ནཱི་ ཧོག་སེལ་འདི་ཚུ་ ཆ་མཉམ་རང་ འ་ནཱི་མིག་འབྲུ་གི་རྐྱབ་དགོ་པས་བ་ཏེ་སྨོ་ལགས?
  • ཨིན་ལགས།
  • དབུ་འཛིན་འོགམ་
    ད་ ད་རེས་ནངས་པ་འབད་ཚེ་ ཏེ་ ནཱ་ལས་ཡར་གྱི་ འཕྲུལ་ཡོད་ནི་འདི་གིས་ ཧེ་མ་འབད་བ་ཅིན་ འ་ནཱི་ ཧོག་སེལ་རྐྱབ་ནི་གི་དོན་ལས་ ཧེ་མ་རང་ཨ་ནཱི་རི་མོ་གི་ ཧོག་ག་ཡོད་སར་ འ་ནཱི་རྐྱབ་ཅི་རྐྱབ་ཅི་ འ་ནཱི་སྦེ་ པད་བསྐོར་བསྒྱིར་ཡི་བསྒྱིར་ཡི་འབད་ འ་ནཱི་སྦེ་རྐྱབ་དགོ་པས་བ་ལགས།
  • སློབ་སྟོན་པ་
    ད་ ལ་ལུ་ནཱ་ སློབ་དཔོན་གྱིས་ ཞུ་དོ་བཟུམ་སྦེ་རང་ཨིན་ལགས་ ད་མིག་འབྲུ་ཟེར་མི་འདི་ ཏེ་ ང་བཅས་ར་ འ་ནཱི་ང་བཅས་ར་ machine (འཕྲུལ་ཆས་)ཡོད་བ་ལགས་ འཕྲུལ་ཆས་འདི་ལག་ལེན་འཐབ་སྟེ་འབད་རུང་ཡང་ འ་ནཱི་མིག་འབྲུ་འདི་དགོ་རང་དགོ་ལགས་ འཕྲུལ་ཆས་ཀྱི་ནང་ན་ལུ་ ང་བཅས་འ་ནཱི་ སོག་ལེ་ཆུང་ཀུ་གཅིག་ཡོད་བ་ ཁབ་བཟུམ་ཅིག་ཡོད་ལགས་ འ་ནཱི་རྒྱུགས་ནི་གི་དོན་ལས་ ཏེ་ དང་པ་རང་ང་བཅས་འ་ནཱི་མིག་འབྲུ་འདི།
  • སློབ་སྟོན་པ་
    ཏེ་ འ་ནཱི་དོང་སྤེད་བཞག་དགོ་པས་ལགས་ འ་ནཱི་ས་སྟོང་འདི་ནང་ལུ་ མིག་འབྲུ་གཅིག་རྐྱབ་བཞག་འབད་ཞིནམ་ལས་ ཏེ་ འ་ནཱི་གི་རྟིང་མ་ལུ་ དེ་ལསནི་ ང་བཅས་རའི་ འ་ནཱི་སོག་ལེ་འདི་ རྒྱུགས་འབད་སྦེ་ སོག་ལེ་འདི་གིས་འབད་ ཏེ་ འ་ནཱི་སྦེ་བཏོན་དོ་ཟེར་ ད་རེས་ནངས་པ་གི་ ད་ འཕྲུལ་ཆས་ལག་ལེན་ འཐབ་པ་ཅིན་འ་ནཱི་ ཏེ་ འདི་མེན་པ་ང་བཅས་རའི་ དང་ཕུ་གི་ འཕྲུལ་ཆས་མེད་པའི་གི་ སྐབས་ལུ་འབད་བ་ཅིན་འདི།
  • སློབ་སྟོན་པ་
    ཏེ་ ས་སྟོང་གི་སྦོམ་ཤོས་དང་བསྟུན་ཞིན་ན་སྦེ་ ས་སྟོང་ཆུང་ཀུ་ནང་ལུ་ མིག་འབྲུ་ཆུང་ཀུ་འདི་ཚུ ལེ་ཤཱ་སྦེ་རྐྱབ་དགོ་ལགས་ ཏེ་ ས་སྟོང་སྦོམ་ནང་ལུ་ མིག་འབྲུ་སྦོམ་འདི་ཚུ་ ལེ་ཤ་རྐྱབ་འབད་སྦེ་ དེ་ལསནི་ རི་མོ་གི་དབྱིབས་དང་འཁྲིལ་ཏེ་གིས་སྦེ་ ཏེ་ བཟོ་ཆ་གི་ ས་སྟོང་འདི་ཚུ་ཡང་ འ་ནཱི་སྦེ་ཨིན་ཟེར་ དེ་འབདཝ་ད་ལུ་ ང་བཅས་ནཱ་ལུ་ པ་ཏྲ་ནང་ལུ་བཟོ་ཆ་དགོཔ་འདི་ འ་ནཱི་དབྱེ་བ་ལྔཔོ་འདི་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • སློབ་སྟོན་པ་
    ཏེ་ ད་ལྟོ་ ཁོང་གི་གདོང་ཁར་ཡོད་མི་འདི་ བཟོ་ཆ་འདི་ གྱངས་ཁ་བརྩི་པ་ཅིན་འདི་ ལ་ལུ་གཅིག་ནང་ལུ་ གྱངས་ཁ་བཞི་བཅུ་ ལ་ལུ་ཅིག་སུམ་བཅུ་ ལ་ལུ་ཅིག་སུམ་བཅུ་སོ་ལྔ་འབད་མི་ དེ་འབདཝ་ད་ལུ་ དབྱེ་བ་འདི་འ་ནཱ་ འ་ནཱི་ལྔཔོ་འདི་རང་ཨིན་ཟེར།
  • སློབ་སྟོན་པ་
    ལག་ལེན་འཐབ་ནི་འདི་ སྟོང་ཕུ་ཤིང་ཨིན་ལགས་ སྟོང་ཕུ་ཤིང་གི་ལག་ལེན་འཐབ་སྦེ་ སྟོང་ཕུ་ཤིང་ཡོད་པ་ཅིན་ ཏེ་ ང་བཅས་ལཱ་འབདཝ་ད་ལུ་ འཇམ་ཡང་འཇམ་ ཏེ་ ཤིང་སྟེ་ ང་བཅས་འ་ནཱི་བཟོ་ཆ་འདི་ཚུ་ཡང་མེདཔ་མི་བཏང་པས་བ་ལགས་ འ་ནཱི་འབད་ནི་འདི་གིས་ད་ལྟོ་ ཁོང་སྦྱང་བ་འབད་མི་འདི་ སྟོང་ཕུ་ཤིང་ཨིན་ལགས།
  • དབུ་འཛིན་འོགམ་
    བརྐོ་བ་ཡང་འཇམ་ དེ་ལས་ མགྱོགས་ཡང་མགྱོགས་པས་བ་ལགས་ མགྱོགས་དྲག་སྦེ་བརྐོ་ཚུགས་པས་ ཏེ་ མ་པ་བཏུབ་ནི་འདི་ ད་ འདི་གུ་བཏུབ་ འདི་འགུ་མི་བཏུབ་ཟེར་མིན་འདུག་ལགས་ ག་ཅི་གུ་རང་བརྐོ་རུང་བརྐོ་བཏུབ་ཨིན་མས་ལགས་ དེ་འབདཝ་ད་ ལཱ་གི་འཇམ་ཧིང་ཅིག་འདུག་ལགས། ང་བཅས་ སྟོང་ཕུ་ཤིང་འདི་ལུ་འབད་བ་ཅིན་ ཏེ་ མར་གུ་རྐྱབ་དོ་བཟུམ་སྦེ།
  • དབུ་འཛིན་འོགམ་
    སྤུས་ཙ་སྦེ་འགྱོ་བཏུབ་པས་བ་ལགས་ ཏེ་ འདི་གུ་ལུ་ལཱ་གནམ་མེད་ས་མེད་ སྦོམ་སྦེ་འབད་དགོཔ་པའི་བསྒང་ལས་ ཏེ་ ང་བཅས་ར་རྫོང་གཞི་དང་ འ་ནཱི་འདི་ཚུ་ལུ་འབདན་ མང་ཤོས་ཅིག་ འ་ནཱི་སྟོང་ཕུ་གུ་རང་བརྐོཝ་མས་ལགས་ ཧེ་མ་ལས་རང་ ད་ ཡུདཔ་ཅིགལས་ ད་མགྱོགས་ཧིང་གི་ཁྱད་པར་ད་ སྤུས་ཚད་ལྡན་ཧིང་དང་ འ་ནཱི་བལྟ་སྟེ་ ད་ ཡུདཔ་ཅིག་ལས་ ཏེ་ རྫོང་གཞི་དང་ལྷ་ཁང་འདི་ཚུ་ནང་ལུ་འདི་ ཙན་དན་དང་ སྟར་པ་འ་ནཱི་འདི་ཚུ་ཡང་ ལཱ་བཀལཝ་མས་ལགས།
  • དབུ་འཛིན་འོགམ་
    ད་ འ་ནཱ་བཟུམ་ཅིག་འབད་བ་ཅིན་ འཇིམ་བཟོ་ལོ་རིམ་དང་པ་འདི་ཨིན་ལགས་ ཏེ་ད་ ཁོང་ཆ་ཁྱབ་ འ་ ད་ལྟོ་ནཱ་གསརཔ་ལྷོདཔ་ཚརཝ་ཅིག་རང་ཨིན་ལགས་ཧ་ལམ་ཅིག་ ད་ མདངས་ཞག་ཁོང་ཡང་འ་ནཱི་ གཞི་རྟེན་གྱི་རི་མོ་གི་ འ་ རི་མོ་འདི་ལྷབ་འབད་ཞིནམ་ལས་ ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཁོང་རའི་འ་ནཱི་ལག་ཆ་འདི་ཚུ་ བཟོ་ནི་གི་ལྷབ་དོ་ལགས།
  • དབུ་འཛིན་འོགམ་
    ད་ འ་ནཱི་འདི་ཚུ་ ང་བཅས་ ད་ ག་ཏེ་ལས་ཡང་ འཐོན་ནི་མེད་ལགས་འ་ནཱི་ ང་བཅས་ར་གི་རང་བཟོ་དགོ་ལགས་འ་ནཱི་ལགས་ སློབ་དཔོན་འདི་ཚུ་གིས་སྟོན་འབད་སྦེ་ ཁོང་ར་གིས་རང་བཟོ་ཤེས་དགོ་ལགས་ ལྡེ་བན་ཟེར་སླབ་ཨིན་ལགས། ད་ ལག་ཆ་འདི་ བཟོ་ནི་ སྤུས་ཙ་སྦེ་སྦྱང་བ་ཚུད་འབད་ཞིནམ་ལས་ དེ་ལས་འབད་ཁོང་ ད་ སྐུ་བཞེངས་ནི་གི་ འགོ་བཙུགས་འོང་ལགས།
  • དབུ་འཛིན་འོགམ་
    གྱངས་ཁ་འ་ནེམ་ཅིག་བཟོ་ཟེར་གསུངས་དེས་ག?
  • སློབ་ཕྲུག་/Student: བཅོ་ལྔ་བཟོ་ཟེར་ གསུངས་དེས་ལགས།
  • དབུ་འཛིན་འོགམ་
    བཅོ་ལྔ་རེ་ཡ་ ཆེ་ཆུང་བཅོ་ལྔ་རེ?
  • སློབ་ཕྲུག་/Student: འོང་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    རྒྱུ་འདི་ལྕང་མ་ཤིང་ཨིན་ན་ལགས?
  • སློབ་ཕྲུག་/Student: ཨིན་ལགས།
  • དབུ་འཛིན་འོགམ་
    ད་ འ་ ཤིང་འདི་ང་བཅས་ འ་ནཱི་ག་ཅི་ལོ?
  • སློབ་ཕྲུག་/Student: རུ་ཏོ་ཤིང་།
  • དབུ་འཛིན་འོགམ་
    རུ་ཏོ་ཤིང་ཟེར་ སླབ་མས་ལགས་འ་ནཱི་ཁོ་ར་བཟོ་ནི་གི་ མིང་ཡང་རུ་ཏོ་ཟེར་སླབ་མས་ ཁོ་གནམ་མེད་ས་མེད་ སྲ་ཀྲག་ཨིན་མས་བ་ལགས་ཤིང་ ཨིན་ཡང་འ་ནེམ་ཅིག་རང་དགོ་པས་ལགས་ དེ་མེན་པ་ཅིན་ ང་བཅས་ས་གུ་ འ་ནེ་སྦེ་དབུར་དབུར་སར་སྡོད་པའི་བསྒང་ལས་ ཏེ་ ཤིང་འཇམ་ཤིང་འབད་བ་ཅིན་འདི་ མི་བཏུབ་ནི་ཨིན་མས་བ་ལགས་ཟད་འགྱོ་སྟེ།
  • དབུ་འཛིན་འོགམ་
    ད་ འ་ནཱ་བཟུམ་ཅིག་འབད་བ་ཅིན་ འཇིམ་བཟོཔ་ལོ་རིམ་གཉིས་པ་ལགས་ ད་ འ་ནཱི་ད་ཅི་ཕར་ ལོ་རིམ་དང་པ་ནང་བཟུམ་ཅིག་འབད་བ་ཅིན་ ཁོང་གིས་ ལོ་ཐེངས་གཅིགཔོ་འདི་ སངས་རྒྱས་རྐྱངམ་གཅིག་ལྷབ་ཨིན་ལགས་ ཏེ་ ལོ་རིམ་གཉིས་པ་ནང་ལྷོད་པའི་བསྒང་ལས་ ཏེ་ ཁོང་གིས་ཏེ་ སྒྲོལམ་གཅིག་དང་ ཕྱག་ན་རྡོ་རྗེ་གཅིག་ལྷབ་ཚར་དགོ་ལགས།
  • དབུ་འཛིན་འོགམ་
    ད་ འ་ནཱ་ལྷོད་པའི་ བསྒང་ལས་འབདན་ཏེ་ ཡུདཔ་ཅིག་ཁོང་རང་གིས་ སྦྱང་བ་འབད་ ཏེ་ འདི་གུ་ལུ་ སློབ་དཔོན་འདི་ཚུ་གིས་ ཨ་ཙི་རེ་མཆན་བཏགས་བཅོ་ཁ་རྐྱབ་འབད་ཞིནམ་ལས་ དེ་ལས་འབདན་ང་བཅས་ཧ་ལམ་བཙོང་བཏུབ་ཅིག་འབད་རང་ སྤུས་ཚོད་ཧ་ལམ་ཅིག་ འཐོན་ཨིན་མས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    སྒྲོལམ་གཅིག་ལུ་ དུས་ཚོད་ག་དེམ་ཅིག་འགོར་འོང་ལགས?
  • དབུ་འཛིན་འོགམ་
    ད་ འ་ དུས་ཚོད་བཟུམ་ཅིག་འབད་བ་ཅིན་ ང་བཅས་ཀྱིས་ད་ གཉིས་འབད་ནི་འདི་གིས་ ད་ བཞེངས་ནི་འདི་ ཧ་ལམ་ཅིག་ཁོང་གིས་ འ་ལོ་ཕྱེད་ཚུན་ཚོད་ལུ་ཡུདཔ་ཅིག་ མཐོ་བ་ཅིན་སྒྲོལམ་གསུམ་དེ་ཅིག་དང་ ཏེ་ དམའ་བ་ཅིན་སྒྲོལམ་གཉིས་དེ་ཅིག་འདི་བཞེངས་ཚར་ལགས་ཁོང་གིས། ཏེ་དེ་ལས་ ལོ་ཕྱེད་ལས།
  • དབུ་འཛིན་འོགམ་
    ལོ་འཁོར་ཚུན་ཚོད་ལུ་ ཏེ་ ཕྱག་ན་རྡོ་རྗེ་ཡང་འ་ནེ་སྦེ་ ཏེ་ འ་་་ནཱ་སློབ་ཁང་ནང་ལུ་ སྦྱང་བ་གི་དོན་དག་ལུ་གཅིག་ དེ་ལསནི་ ཁོང་རང་གི་ ལོག་ཆོས་རྒྱུགས་ཀྱི་དོན་དག་ལུ་གཅིག་ དེ་ལས་ ཁོང་ར་ལས་འགུལ་ཡང་བྱིན་འབདཝ་ད་ཡུདཔ་ཅིག་ གསུམ་གསུམ་དེ་རེ་གི་བརྩི་ འ་ནེམ་ཅིག་བཞེངས་ཚརཝ་མས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཕྱག་ན་རྡོ་རྗེ་དང་སྒྲོལམ་གཉིས་ དཀའ་ལཱ་འདི་ ཅོག་རང་གཅིགཔ་ཨིན་ན་ལགས་འ་ནཱི་གཉིས་ གཅིག་ཨ་ཙི་ཅིག་ལཱ་ཁག་ཡོད་ག?
  • དབུ་འཛིན་འོགམ་
    ལགས་སོ་ འ་་་ ལཱ་གི་དབང་དུ་བཏང་པ་ཅིན་འདི་ ཡུདཔ་ཅིག་ ཧ་ལམ་ཅིག་ མ་པ་ད་ འ་ནི་འདི་ གཞི་འགྱམ་འདི་རང་ཚུད་པའི་བསྒང་ལས་ ཧ་ལམ་བཞེངས་ཐངས་འདི་ཡུདཔ་ཅིག་ ཅོག་རང་འཐད་ནི་མས་ལགས་ ཡུདཔ་ཅིག་ལགས་ ཅོག་རང་འཐད་ལགས་ཡུདཔ་ཅིག་ལགས།
  • དབུ་འཛིན་འོགམ་
    ད་ ཨིན་ནི་འབདན་ གནས་སྟངས་འདི་འབདན་ ཏེ་ ཨ་ཙི་ཅིག་ ད་གཅིག་འདི་ ཁྲོ་བོ་སྦེ་ གཅིག་འདི་ ཞི་བོ་སྦེ་འབད་འབདཝ་ད་ ད་ སོར་སོ་ཅིག་སྦེ་ སོར་འགྱོ་ནི་ཨིན་མས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཏེ་ རྒྱུ་འདམ་པ་འདི་ ག་ཏེ་ལས?
  • དབུ་འཛིན་འོགམ་
    ད་ འདམ་པ་འདི་ ད་ ཐོབ་ནི་འདི་ ང་བཅས་ནཱ་ ཐིམ་ཕུག་ཕར་ཚུར་ལུ་ཡང་ ཨ་ཙི་རེ་འདི་ཐོབ་ལགས་ དེ་འབདཝ་ད་ ང་བཅས་ནཱ་ལུ་ལེ་ཤ་སྦེ་དགོཔ་ད་ལུ་ འབོར་ཆེ་ཏོག་ཏོ་སྦེ་ མི་འཐོན་པས་ལགས་ནཱ་ལས་ ཏེ་ ང་བཅས་མར་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ང་བཅས་མར་ དགེ་འདུ་ལས་རང་ལེན་དོ་ལགས།
  • དབུ་འཛིན་འོགམ་
    དགེ་འདུ་ལས་ དགེ་འདུ་ལུ་ ཏེ་ འ་་་ རྫོགས་ནི་མེདཔ་ཅིག་ཐོན་ནི་ཡོད་ལགས་འ་མི་ནང་ གནམ་མེད་ས་མེད་ ཏེ་དེ་ལས་ གཅིགཔོ་འདི་ ཏེ་ ང་བཅས་ར་མར་ ལྷོ་མཚམས་ཁ་ཐུག་ལུ་མར་ ཀ་ལི་ཁོ་ལ་ལུ་ཡང་ གནམ་མེད་ས་མེད་ཨེ་ཀར་ཁལ་སྦེ་འདུག་ལགས་མར་ལུ།
  • སློབ་སྟོན་པ་
    ད་ མ་པ་ང་བཅས་ སྤྱིར་བཏང་གི་ འཇིམ་ས་འདི་ ད་ ང་བཅས་སྤྱིར་བཏང་གི་ས་དང་མི་འདྲ་ཟེར་ ཞུ་ནི་སྦེ་ཨིན་ལགས་ ག་ཅི་སྨོ་ཟེར་བ་ཅིན་ སྤྱིར་བཏང་གི་ས་འདི་འབད་བ་ཅིན་ ང་བཅས་རྡོ་དང་བྱེམ་འདི་ཚུ་སླ་བསྲེ་སྟེ་གིས་སྦེ་ ཡོད་མི་ཅིག་ཡོད་བ་ལགས་ ད་འ་ནཱི་འབད་ནི་འདི་གིས་ ང་བཅས་ཀྱི་ སྐུ་བཞེངས་པའི་གི་ས་ལུ་ མ་པ་ལས་རང་འགྱོ་མི་བཏུབ་ལགས།
  • སློབ་སྟོན་པ་
    ཏེ་ ང་བཅས་ཀྱི་ སྐུ་བཞེངས་ནི་གི་ད་ འཇིམ་ས་འདི་ ག་བཟུམ་ཅིག་ནང་ལས་འཐོན་སྨོ་ཟེར་བ་ཅིན་ ས་གོ་འདི་འབད་བ་ཅིན་ ཏེ་ད་ང་བཅས་ མང་ཤོས་རང་འ་ནཱི་ ཆུ་ཡོད་སར་ལས་ཕར་དང་ ཨ་ཙི་ཅིག་ ཆུ་ཨ་ཙི་ཅིག་ཉུང་སུ་ཅིག་ཡོད་སར་ལས་ཕར་ འ་ནཱི་བཟུམ་ན་ལས་ཕར་འཐོནམ་ཨིན་ ཏེ་ ཧག་ཀ་ཧོག་ཀ་ ཏེ་ ང་བཅས་ཀྱི་ འཇིམ་ས་འདི་འཐོན་ས་འདི་ཡང་ འ་ནཱི་བཟུམ་ནང་ལས་ ཏེ་ འཐོནམ་ད་ཡང་།
  • སློབ་སྟོན་པ་
    ང་བཅས་ར་ གླིང་སྦེ་གནམ་མེད་ས་མེད་འཐོན་སར་མེད་ཟེར་ ཞུ་ནི་སྦེ་ཨིན་ལགས་ གླིང་སྦེ་ད་ལྟོ་ ཡོད་རུང་མེད་རུང་ང་བཅས་མར་ དགེ་འདུ་ལས་འཐོན་པའི་གི་ ས་འདི་འབད་བ་ཅིན་ ཏེ་ འཇིམ་ས་ཨ་ཙི་གླིང་སྦེ་འཐོན་པའི་ གྲངས་སུ་ཅིག་མར་གྱི་འདི་འདུག་ལགས་ དེ་འབད་རུང་ཡང་ ཏེ་ད་ སྤྱིར་བཏང་གི་ ས་དང་འཁྲིལ་བ་ཅིན་ ང་བཅས་ཀྱི་འཇིམ་ས་འདི་ གླིང་སྦེ་འདི་ མ་པ་ལས་མིན་འདུག་ཟེར་ ཞུ་ནི་སྦེ་ཨིན།
  • སློབ་སྟོན་པ་
    ཏེ་ ཁོ་འོང་ཡང་ ཨ་ཙི་ཅིག་འ་ནཱི་སྦེ་ང་བཅས་ layer layer རིམ་པ་རིམ་པ་ལས་མི་འོང་ལགས་ འ་ནཱི་འབདཝ་ད་ འདི་ང་བཅས་ འབག་འོང་ནི་ལུ་ཡང་ གནམ་མེད་ས་མེད་ ཉེན་ཁ་ཆེ་དྲག་འབད་ ག་ནམ་མེད་ས་མེད་ དཀའ་སྡུག་ཅན་གྱི་ས་ ཐོབ་པ་ལཱ་ཁག་ཡོད་པའི་ སྐུ་ས་གཅིག་རང་ཨིན་ལགས། ཏེ་ ང་བཅས་མར་ དགེ་འདུ་ལས་ ཏེ་མར་ད་ལྟོ་གི་ ང་བཅས་སློབ་སྦྱོང་བྱིན་ས་ནང་འབདཝ་འདྲཝ་ཅི་བ་ཅིན།
  • སློབ་སྟོན་པ་
    ཏེ་ ང་བཅས་མར་ ས་ངོ་མ་རང་ མར་ དགེ་འདུ་ལས་འབག་འོང་དོ་ཟེར་ ཞུ་ནི་ཨིན་ལགས་ ཏེ་ དགེ་འདུ་ལས་འབག་འབད་ཞིནམ་ན་ ཏེ་ ད་ མར་ལས་སྤོག་འབག་ཞིནམ་ན་ལུ་ ཏེ་ ནཱ་ལྷོདཔ་ད་ལུ་ ང་བཅས་ཀྱིས་ འདལ་ཤོག་དང་གཅིག་ཁར་སླ་བསྲེ་རྡུང་དགོ་ལགས་ ད་ འདི་ཡང་ མ་པ་ང་བཅས་ཀྱི་ ratio ཚད་གཞི་འ་ནེམ་ཅིག་ཨིན་ཟེར་མི་འདི་ ང་བཅས་ཞུ་མི་ཚུགས་པས་ལགས་ ག་ཅི་སྨོ་ཟེར་བ་ཅིན།
  • སློབ་སྟོན་པ་
    སྤྱིར་བཏང་ ད་རོགས་ གཞན་གྱི་ ཚན་རིག་དང་འདྲ་བའི་གི་ འ་ནཱི་ཚུ་འབད་བ་ཅིན་ ཏེ་རོགས་ ས་འ་ནེམ་ཅིག་ནང་ལུ་ འདལ་ཤོག་འ་ནེམ་ཅིག་ཟེར་ གཏན་འཁེལ་བཟོ་ཚུགས་པས་བ་ལགས་ ང་བཅས་ད་ལྟོ་བཟོ་རིག་གི་འདི་ དེ་བཟུམ་འབད་མ་ཚུགས་མི་འདི་ ཏེ་ སྔར་ག་ཨིནམ་སྦེ་རང་ ཏེ་ ང་བཅས་ སྔར་སྲོལ་ལུ་གཙོ་བོ་བཏོན་ནི་འདི་གིས་ ཏེ་ ཞིབ་འཚོལ་ཡང་གནམ་མེད་ས་མེད་ང་བཅས་ཀྱིས།
  • སློབ་སྟོན་པ་
    དེ་དང་ ཚན་རིག་དང་ ཨ་ནཱི་འབྲེལ་བ་ཡོདཔ་སྦེ་ འབད་མ་ཚུགས་ལགས་ འ་ནཱི་འབད་ནི་འདི་གིས་ ད་ སྤྱིར་བཏང་ང་བཅས་ར་གིས་ ཕོག་ཚད་ལུ་ལྟར་དུ་ཞུ་འདྲཝ་ཅིག་འབད་བ་ཅིན་ ཡུདཔ་ཅིག་ས་ཀེ་ཇི་གཅིག་ལུ་ ཏེ་ འདལ་ཤོག་ཡུདཔ་ཅིག་ ཏེ་ད་ འ་ནཱི་ དཔེར་ན་ལུ་ ད་ ང་བཅས་ པའུ་ཟེར་ འ་ནཱི་སྦེ་བརྩི་ནི་ཡོདཔ་ཨིན་ལགས། འ་ནཱི་དང་ཕྱེད་དེ་ཅིག་གི་བརྩི་ འ་ནཱི་བཟུམ་ཅིག་བླུགས་ཏེ་གིས་སྦེ་ ཏེ་ མོ་ གར་ལྷ་འདི་ ང་བཅས་ཀྱི་ད།
  • སློབ་སྟོན་པ་
    ས་འདི་ ག་དེ་སྦེ་ལྟཝ་སྨོ་ཟེར་བ་ཅིན་ རྡུང་ཞིནམ་ན་ལས་ ཏེ་ རྡུང་ཡི་རྡུང་ཡི་སྦེ་ རྩི་འདི་ཚུ་ག་དེ་སྦེ་འདུག་ག་ ཏེ་ འ་ནཱི་དང་འཁྲིལ་ཞིནམ་ན་སྦེ་ བཟོ་ནི་མ་གཏོགསཔ་གཅིག་པོ་ལུ་ ང་བཅས་ཀྱིས་ (exact) ཏན་ཏན་ ད་ཅི་ཞུ་དོ་བཟུམ་སྦེ་ (ratio) ཆ་ཚད་འ་ནེམ་ཅིག་ཨིན་ ཀེ་ཇི་གཅིག་ལུ་འདལ་ཤོག་འ་ནེམ་ཅིག་བླུགསཔ་ཨིན་ཟེརཝ་ ཏེ་ ད་ལྟོ་ང་བཅས་ཀྱི་འ་ནཱི་ གཏན་འཁེལ་ཞུ་ནི་མེད་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • སློབ་སྟོན་པ་
    ཏེ་ ད་ མར་ལས་འབག་འོང་ཞིནམ་ན་ ཏེ་ ད་ལྟོ་ ང་བཅས་ཀྱི་ནཱ་ གདོང་ཁར་ཡོད་དོ་བཟུམ་སྦེ་ ཏེ་ ས་དང་འདལ་ཤོག་སླ་བསྲེ་ཞིནམ་ན་ལས་ ཏེ་ སྐུ་བཞེངས་བཞེངས་ཀྱི་རིང་ནང་ལུ་ ང་བཅས་ཀྱི་ ས་འབད་བ་ཅིན་ ལྷམ་པ་ཡུདཔ་ཅིག་བཞི་དེ་ཅིག་ རྫོགས་དོ་ཟེར་ ཞུ་ནི་སྦེ་ཨིན་ལགས་ དང་པ་མར་ལས་ འ་ནཱི་ བཟོ་བཀོད་ (Structure) འདི་བཟོ་བའི་ གནས་སྐབས་དེ་ནང་ལུ།
  • སློབ་སྟོན་པ/Teacher: ཏེ་ ས་ཨ་ཙི་ཅིག་ གར་ལྷ་འབད་རུང་ཡང་ གར་ཏག་ཏ་(?)ཙམ་ཅིག་སྦེ་ འདི་ཡང་མར་ཐོནམ་ད་ལུ་ འ་ནཱི་སྲ་ཀྲག་ཀྲ་སྦེ་སྡོད་ནི་གི་དོན་ལས་ཨིན་ལགས་ ཏེ་ ཨ་ཙི་ཅིག་ ས་ག་ར་རན་ཏོག་ཏོ་མེད་པ་ཅིན་ ཏེ་ ང་བཅས་ཀྱི་མར་ སྐུ་གཟུགས་ཚུ་བཏོན་པའི་གནས་སྐབས་འདི་ནང་ལུ་ ཁོ་འ་ནཱི་ སྒྲིང་སྒྲིང་སྦེ་མ་སྡོདཔ་ལས་བརྟེན་ཏེ་གིས་སྦེ་ ཏེ་ ང་བཅས་ དུས་ཡུན་གནམ་མེད་ས་མེད་འགོར་མས་བ་ལགས།
  • སློབ་སྟོན་པ/Teacher: འ་ནཱི་འབད་ནི་འདི་གིས་ ཨ་ཙི་ཅིག་ས་ ཧེ་མ་འགོ་དང་པ་བཙུགས་ད་ལུ་ གར་ཏག་ཏ་སྦེ་ དེ་ལས་ འདི་གི་རྟིང་ རྟིང་བདའ་སྟེ་གིས་སྦེ་ ང་བཅས་ཚུར་གོང་ནི་ ཏེ་ ན་བཟའ་དང་འ་ནཱི་ཚུ་བཀལ་ནི་འབདཝ་ད་ འདི་བར་ཨ་ཙི་ཅིག་ལྷ་སུ་ཅིག་སྦེ་ འདལ་ཤོག་རང་འབད་རུང་ འདི་ཡང་ རན་ཏོག་ཏོ་སྦེ་ ཏེ་ འདི་བ་ཡང་ལྷ་སུ་ཅིག་ ཏེ་ མཇུག་རང་ བྱི་འདམ་ཟེར་ finishing (ཧུམ་ཆ་)གི་ time (འཇུག་བསྡུ་ནི་གུ་) ལྷོདཔ་ད་ལུ།
  • སློབ་སྟོན་པ/Teacher:
    ང་བཅས་ཀྱིས་ འདི་དེ་ས་བཙག་སྟེ་གིས་སྦེ་རང་བཟོ་འོང་ཟེར་ ཞུ་ནི་སྦེ་ཨིན་ལགས་ ད་ རྡོ་དང་འདི་ཚུ་མ་པ་ལས་རང་མེད་སྦེ་ ས་བཙག་ཞིནམ་ན་སྦེ་ ཏེ་ འདལ་ཤོག་དང་གཅིག་ཁར་སླ་བསྲེ་སྦེ་ ཏེ་ མར་བཟུམ་སྦེ་ འཇམ་ཏོང་ཏོ་སྦེ་བཟོ་ཞིནམ་ན་ ཏེ་ finishig ཧུམ་ཆ་དེ་སྦེ་རྐྱབ་དོ་ཟེར་ ཞུ་ནི་སྦེ་ཨིན།
  • སློབ་སྟོན་པ/Teacher: ད་ལྟོ་ ནཱ་གི་འབད་བ་ཅིན་ ཁོང་འདི་ཚུ་འ་ནཱི་ ལོ་རིམ་གསུམ་པ་གི་གྲངས་སུ་ཨིན་ལགས་ འ་ནཱི་སྦེ་འབད་འབདཝ་ད་ ང་བཅས་ལོ་རིམ་གསུམ་པ་ནང་ལུ་འདི་ ཏེ་ སློབ་སྦྱོང་གི་ལས་རིམ་དང་འཁྲིལ་བ་ཅིན་ ཏེ་ (before mid-term) ལོ་ཕྱེད་ཀ་གི་ཧེ་མ་འདི་ང་བཅས་ ཞབས་དྲུང་འདི་བཟོ་དགོཔ་སྦེ་ཡོད་ལགས་ འ་ནཱི་འབད་ནི་འདི་གིས་ ད་ལྟོ་ཁོང་གསུམ་ཆ་རང་ལུ་ ལོ་ངོ་གསུམ་པ་གི་སློབ་སྦྱོང་པ་ཨིན་ལགས་ འ་ནཱི་འབད་ནི་འདི་གིས་ ད་ལྟོ་ཁོང་ཞབས་དྲུང་བཟོ་དོ་ཟེར་ ཞུ་ནི་སྦེ་ཨིན།
  • སློབ་སྟོན་པ/Teacher: ཏེ་ mid-term ལོ་ཕྱེད་ཀྱི་ ཤུལ་ལས་འབད་བ་ཅིན་ ལོ་ཕྱེད་ཀྱི་ཤུལ་ལས་ ཏེ་ ང་བཅས་སྒྲོལ་མ་ཟེར་ སྐུ་སྒྲོལ་མ་འདི་བཞེངས་དོ་ལགས་ ཏེ་ འ་ནཱི་འདི་ད་ལྟོ་ ང་བཅས་ཀྱི་ ཏེ་ mid-term ལོ་ཕྱེད་ཀྱི་ཤུལ་ལས་འབད་ནི་འདི་གིས་ ཏེ་ འགོ་རང་མ་བཙུགས་ཟེར་ ཞུ་ནི་ཨིན་ལགས་ ཏེ་ ད་ལྟོ་ གཅིག་འབད་མི་གཅིག་ ཁོ་ལོ་རིམ་བཞི་པ་ནང་ལྷོད་པའི་ལགས་ ལོ་རིམ་བཞི་པ་གི་འདི་ ང་བཅས་སློབ་སྦྱོང་ལས་རིམ་དང་འཁྲིལ་བ་ཅིན།
  • སློབ་སྟོན་པ/Teacher: ཏེ་ ལོ་ཕྱེད་ཀྱི་ ཧེ་མ་ཚུན་ཚོད་ གུ་རུ་རིན་པོ་ཆེ་ གུ་རུ་སྣང་སྲིད་ཟིལ་གནོན་འདི་ བཟོ་དཔ་མས་ལགས་ འ་ནཱི་འབད་ནི་འདི་གིས་ ཁོ་ཡང་ད་ལྟོ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ ན་བཟའ་ཕུལ་ཚརཝ་ཅིག་རང་སྦེ་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས་ ད་ལྟོ་ finishing ཧུམ་ཆ་རྐྱབ་པའི་བསྒང་ཡོད་ལགས་ཁོང་ཆ་ཁྱབ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    འ་ནཱི་ད་ལྟོ་ འདལ་ཤོག་གི་ ཡར་ལུ་བཀལ་བཞག་མི་འདི་ ག་ཅི་ཨིན་ན་ལགས?
  • སློབ་སྟོན་པ/Teacher: འདི་འ་ནཱི་ སྐམ་མི་འགྱོ་ནི་གིས་ སྐམ་མི་ཐལ་ནི་གི་དོན་ལས་ཨིན་ལགས་ ང་བཅས་ར་འ་ནཱི་ finishing ཧུམ་ཆ་རྐྱབ་ད་ལུ་ སྦང་རློནམ་སྦེ་མེད་པ་ཅིན་ ཏེ་ འ་ནཱི་ finising ལེགས་ཤོམ་མི་འཐོན་མས་བ་ལགས་ འ་ནཱི་སྐམ་མི་བཅུག་ནི་གི་དོན་ལས་ཨིན་ལགས་ འདལ་ཤོག་འདི།
  • དབུ་འཛིན་འོགམ་
    ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • Teacher: འདི་རང་ཨིན་ལགས་ ལྡེ་བན།
  • སློབ་སྟོན་པ/Teacher: ཏེ་ བཟོ་ཡང་ཁོང་ར་ ཨ་ནཱི སློབ་སྦྱོང་པ་ཚུ་གིས་རང་བཟོ་དགོ་ལགས་ འདི་ད་གཞན་ཁར་ལས་ ཉོ་ནི་དང་འདི་བཟུམ་སྦེ་ མི་ཐོབ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • ད་ འ་ནཱི་སྦེ་ནི་འདི་གིས་ ཁོང་རང་ first year (ལོ་དང་པ་ནང་)ལྷོདཔ་ཅིག་ ཏེ་ འདི་ལག་ཆ་བཟོ་ནི་ཡང་ ཁོང་ ནཱ་ལས་སྦེ་རང་སྦྱང་བ་འབད་ཞིན་ན་ འགྱོ་དོ་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • དབུ་འཛིན་འོགམ་
    འ་ནཱ་བཟུམ་ཅིག་འབད་བ་ཅིན་ ལོ་རིམ་དྲུག་པ་ཨིན་ལགས་ ཏེ་ ལོ་རིམ་དྲུག་པ་གི་ནང་ལུ་འབད་བ་ཅིན་ དང་པ་འ་ནཱི་ འེ་་་ བཅུ་གཅིག་ཞལ་ འ་ ཕྱག་སྟོང་སྤྱན་སྟོང་ཟེར་ ད་ ལོ་ཐེངས་གཅིག་ནང་ལུ་ཡོངས་རྫོགས་ འ་ནཱི་གཅིག་ལྷབ་ཨིན་ལགས་ ཏེ་ ནཱི་དང་གཅིག་ཁར་ལུ་ འ་ནཱི་རྒྱབ་རྒྱན་ཁོ་རང་ ཕྱག་སྟོང་སྤྱན་སྟོང་འདི་ཡང་ ཕར་ རྒྱབ་རྒྱན་སྦེ་ འ་ནཱི་སྦེ་ སོར་སོ་སྦེ་བཟོ་ ཏེ་ དེ་ལས་ ད་ ང་བཅས་ར།
  • དབུ་འཛིན་འོགམ་
    འ་་་ སྐུ་འདི་ཚུ་གི་རྒྱབ་ལས་ རྒྱན་དྲུག་ཟེར་ འ་ནཱི་རྒྱན་དྲུག་འདི་ བཞེངས་འབད་སྦེ་ དུས་ཅི་ ཁོང་ འ་་་ ལོ་རིམ་དང་པ་ནང་ལྷོད་པའི་བསྒང་ལས་ ཏེ་ ཕྱག་སྟོང་སྤྱན་སྟོང་ཟེར་ཏེ་ ཕྱག་སྟོང་སྤྱན་སྟོང་འདི་ཕར་ ཕྱག་དང་བཅས་ཏེ་གིས་ ཕར་སོར་སོ་སྦེ་བཞེངས་ ཏེ་ རྒྱན་དྲུག་འདི་བཞེངས་འབད་སྦེ་ དུས་ཅི་གི་འདི་ ཁོང་འ་ནེམ་ཅིག་སྦེ་ ནེམ་འབད་བའི་ལགས།
  • དབུ་འཛིན་འོགམ་
    ཁྱིམ་ཚན་དང་པ་འདི་ འ་ནཱ་ལུ་ཨིན་ལགས།
  • དབུ་འཛིན་འོགམ་
    ད་ སྤྱིར་བཏང་ འ་་་ ལྷ་བྲིས་ ལྷ་བྲིས་ཟེར་ཨིན་མས་བ་ལགས་ ཨིནམ་ད་ལུ་ ལྷ་བྲིས་ཀྱི་ནང་ན་ལུ་དབྱེ་བ་ཕྱེཝ་ད་ལུ་ ཏེ་ ང་བཅས་ར་ཁྱིམ་ཚོན་བཏང་ནི་དང་ དེ་ལས་ ང་བཅས་ར་གི་ཁྱིམ་ནང་ན་གི་ གཟན་ཆས་འདི་ཚུ་ ཚོན་བཏང་མི་འདི་ཚུ་ལུ་ ང་བཅས་ཀྱི་ ཁྱིམ་ཚོན་པ་ཟེར་ འ་ནཱི་སྦེ་བཞག་སྟེ་ཡོདཔ་ཨིན་ལགས། ཏེ་ འ་ནཱ་ལུ་ཁྱིམ་ཚོན་དང་པ་ འ་ནཱ་ལུ་ཁོང་གི་ ཏེ་ ག་ར་ཧེ་མ་རང་ ང་བཅས་ མཆོད་རྫས་ཀྱི་རི་མོ་འདི་ཚུ་ ལྷབ་ཨིན་ལགས།
  • དབུ་འཛིན་འོགམ་
    མིག་རི་ པ་ཏྲ་ དེ་ལསནི་ཏེ་ ནོར་འཛིན་པ་ཏྲ་ དེ་ལསནི་ འེ་་་ ཤིང་ལོ་ དེ་ལསནི་ཏེ་ གཡུང་དྲུང་ དེ་ལསནི་ ཏེ་ འ་ནཱི་བཟུམ་འདི་ཚུ་ ལྷབ་འབད་ཞིནམ་ལས་ ཏེ་ རི་དྭགས་ཆོས་འཁོར་ དེ་ལསནི་ ངང་འཚོ་རལ་གྲི་ འ་ནཱི་འདི་ཚུ་ལྷབ་འབད་སྦེ་ ཏེ་ དེ་ལས་ འེ་་་ ནངས་པ་གནངས་ཚེ་ མཚམས་ནང་ལྷོདཔ་ད་ལུ།
  • དབུ་འཛིན་འོགམ་
    ཏེ་ ཡུདཔ་ཅིག་ ད་ ཁོང་ད་ལྟོ་ ནཱ་ལྷོད་དེ་ ཟླཝ་གཅིག་དེ་ཅིག་ལས་བརྒལ་མ་འགྱོ་ལགས་ དེ་ ཡུདཔ་ཅིག་ཟླཝ་གཅིག་དེ་ཅིག་གི་རྒྱབ་ལས་ དེ་ལསནི་ཏེ་ ཁོང་འ་ནཱི་ ཁོང་རང་ཚོན་སྦྱོར་ཟེར་ དོ་རུང་ ཚོན་བཏང་ནི་ལྷབ་སྟེ་ཡོད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    མཐུད་དེ་རང་?
  • དབུ་འཛིན་འོགམ་
    ཨིན་ལགས་ ད་ལྟོ་འ་ནཱི་རི་མོ་འདི་རང་ཨིན་ལགས་ ཤིང་ཚོན་འདི་གི་ རི་མོ་དེ་རང་།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཏེ་ ཁོང་ར་འཛིན་གྲྭ་འདི་ནང་རང་ ཚོན་སྦྱོར་འདི་ ལྷབ་ནི་ཡོདཔ་ཨིན་ན?
  • དབུ་འཛིན་འོགམ་
    ནཱ་སྦེ་རང་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཚོན་འདི་ཚུ་ག་ཏེ་ལས་བསྣམས་འབྱོནམ་ཨིན་ན་ ག་དེ་སྦེ་ཨིན་ན?
  • དབུ་འཛིན་འོགམ་
    ད་ ཚོན་འདི་ཚུ་ ང་བཅས་ར་ནཱ་ལས་རང་ཐོབ་ལགས་ སྤེལ་ཁང་ལས་རང་ཐོབ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཏེ་ སྤེལ་ཁང་གིས་ ག་ཏེ་ལས་བཞེསཔ་སྨོ?
  • དབུ་འཛིན་འོགམ་
    ད་ ང་བཅས་ར་ ད་ གཞུང་ལས་རང་ཨིན་ལགས་ ད་ ང་བཅས་ཀྱི་ཉོ་ནི་འདི་མར་ ཁྲོམ་ཁར་ལས་ཉོ་ ཏེ་ དེ་འབདཝ་ད་ མ་དངུལ་འདི་ ད་ལྟོ་གཞུང་ལས་རང་གནང་སྟེ་ཡོད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    འེང་ མར་རྒྱ་ལས་འབག་འོངམ་འདྲས་ལགས་ཚོན?
  • དབུ་འཛིན་འོགམ་
    མ་པ་མར་ལས་ཡར་གྱི་རང་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་ལགས།
  • དབུ་འཛིན་འོགམ་
    ཏེ་ ང་བཅས་ར་གི་ ཨ་ནཱི་ས་ཚོན།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    འདི་ཚུ་ཡང་ ཏེ་ད་ ཧེ་མ་འབད་བ་ཅིན་ ང་བཅས་ཕར་ཤར་ཕྱོགས་ཁ་ཐུག་ལས་ཚུར་དང་ དེ་ལས་མར་ སྤ་རོ་ བྱ་བ་ན་ལས་ཡར་འཐོན་མས་ལགས་ ད་ ད་རེས་ནངས་པ་འབདཝ་ད་ ད་ འ་ནཱི་འདི་ཚུ་ཡང་ ང་བཅས་ར་ནཱ་ལས་ འཐོན་ཤུགས་ཅིག་གནམ་མེད་ས་མེད་ མེད་འབད་ནི་འདི་གིས་ ད་ མར རྒྱ་གར་ལས་ཡར་རང་འཐོན་མས་ལགས་ འདི་ཚུ་ཡང་ག་ར་ ག་ར་མར་ཚོང་ཁང་ནང་ལས་ཐོབ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་ ད་ ང་བཅས་ར་ ནཱ་ལུ་ ས་ཚོན་དང་རྡོ་ཚོན་བཟོ་ནི་གི་ ལམ་ལུགས་འདི་ཡོད་ག་ལགས་ ག་ར་འབྱང་ཚར་ཚརཝ་སྨོ་ལགས?
  • དབུ་འཛིན་འོགམ་
    ད་ ད་བཟོ་མི་མིན་འདུག་ལགས་ ཧེ་མ་འབད་བ་ཅིན་ ང་བཅས་ནཱ་སྡོདཔ་ད་ལུ་ འདི་བསྒང་དཀྱིལ་འཁོར་སློབ་དཔོན་གཤགས་མི་གིས་སྦེ་ ཏེ་ འ་མི་ནང་ལུ་ ཝ་འདི་ཚུ་གནམ་མེད་ས་མེད་ ལེ་ཤ་སྦེ་བསྒྲིགས་ཏེ་གིས་སྦེ་ ཏེ་ ཚོན་འདི་ཚུ་འབག་འོང་སྟེ་གིས་སྦེ་ འ་ནཱི་ ས་ཚོན་འདི་ཚུ་བཙག་ས་མཐོང་ཅི་ལགས་ ས་ག་ར་ དེ་ལསནི་ ས་བཙག་ དེ་ལས་ ས་ནག་ ངང་པ་འདི་ཚུ་ བཙག་ས་མཐོང་ཅི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ཏེ་ ད་ ཡུདཔ་ཅིག་ ང་བཅས་ར་ནཱ་ལས་ འཐོན་ཤུགས་ཅིག་ཡང་ གནམ་མེད་ས་མེད་ཅིག་མེད་འབད་ནི་འདི་གིས་ཨིནམ་འདྲས་ ད་རོགས་ མར་ལས་ཡར་རང་འཐོན་སྦེ་ ང་བཅས་ར་ནཱ་ལུ་ བཟོ་ནི་གི་མིན་འདུག་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ནཱ་བཟུམ་ཅིག་འབད་བ་ཅིན་ འ་་་ ཁོང་ ལོ་ངོ་གསུམ་པ་འདི་ཚུ་ཨིན་ལགས་ དུས་ཅི་ལོ་ངོ་གསུམ་པ་འདི་ཚུ་ ཏེ་ འ་ནཱ་ལུ་ལྷོད་པའི་བསྒང་ལས་ ཏེ་ ཁོང་གི་ ང་བཅས་ར་གི་ འ་ནཱི་ལྷ་བྲིས་འདི་ འགོ་བཙུགསཔ་ཨིན་ལགས་ལྷ་བྲིས་ ཏེ་ ཐིག་ཚད་བཟུམ་ཅིག་རང་འབད་རུང་ ང་བཅས་སངས་རྒྱས་ལས་ཡར་སྦེ་ འགོ་བཙུགས་ཏེ་གིས་སྦེ་ ཏེ་ སྒྲོལམ་ དེ་ལསནི་ཏེ་ བྱང་སེམས་ ད་ དུས་ཅི་ནཱ་ ཁོང་ལོ་རིམ་གསུམ་པ་ནང་བཟུམ་ཅིག་འབད་བ་ཅིན།
  • དབུ་འཛིན་འོགམ་
    སངས་རྒྱས་ སྒྲོལམ་ བྱང་སེམས་ འ་ནཱི་གསུམ་ལྷབ་ཨིན་ལགས་ ཏེ་དེ་ལས་ གཅིག་འདི་ད་ ཁོང་ཧེ་མ་ མར་ལས་ཡར་གྱི་འཕྲོ་མཐུད་སྦེ་ ཏེ་འ་ནཱི་ ནཱ་ལུ་ལྷོདཔ་ད་ལུ་ རི་མོ་འདི་ ཧ་ལམ་ཅིག་ལྷབ་སྦེ་ཞིནམ་ལས་ ད་ལྟོ་འ་ནཱ་བྲིས་མི་འདི་ ཚེ་རིང་རྣམ་དྲུག་ཟེར་ལགས་ འ་ནཱི་འདི་ཁོང་སྦྱང་བ་བཟུམ་ཅིག་སྦེ་ ཏེ་ ང་བཅས་ཀྱི་ ག་ཅིསྨོ་ཟེར་བ་ཅིན་ ད་ འ་ནཱི་ང་བཅས་ར་ ཚེ་རིང་རྣམ་དྲུག་འདི་དང་ ཏེ་ མཐུན་པ་སྤུན་བཞི་འདི་ཚུ།
  • དབུ་འཛིན་འོགམ་
    གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ ང་བཅས་ར་ འ་་་ རྒྱལ་ཁབ་ནང་ལུ་ ག་ཏེ་ལུ་ཡང་ ཏེ་ ཡོངས་གྲགས་ཅན་ཅིག་འབད་ནི་འདི་གིས་ ཏེ་ འ་ནཱི་ ཁོང་མར་ལོ་རིམ་གསུམ་པ་ནང་ལྷབ་མ་ཚར་ནི་འདི་གིས་ ད་ལྟོ་ནཱ་ལུ་ ཚོན་རྐྱངམ་གཅིག་བཏང་ནི་གི་དོན་དག་ལུ་ ཏེ་ འ་ནཱི་ཁོང་ ད་ལྟོ་ ཁོང་རང་ རི་མོ་རྐྱབ་སྟེ་གིས་སྦེ་ ཚོན་བཏང་ནི་གི་ འཆར་གཞི་བརྩམས་ཏེ་ཡོད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    འདི་ བཙག་པར་གུ་ལས་སྦེ་ བཏབ་བཏབ་ཨིན་མས་སྨོ་ལགས?
  • དབུ་འཛིན་འོགམ་
    ཨིན་ལགས་ ཏེ་ ད་ལྟོ་ཚར་གཅིག་ཁོང་ ཧེ་མ་ཁོང་གིས་ ལྷབ་ལྷབ་མེད་ནིའདི་གིས་ སྦྱང་བ་གི་དོན་ལུ་སྦེ་ ཏེ་ བཙག་པར་གུ་སྦེ་ ཚར་གཅིག་ བཏང་བཅུག་འབད་སྦེ་ ཏེ་ དེ་ལསནི་ལོག་ འདི་གི་ཤུལ་མ་འདི་ དེ་ལསནི་ཁོང་ར་གིས་ འབད་ཚུགས་འོང་ལགས་ ཐིག་ཚད་ལྷབ་ཞིནམ་ལས་ དེ་ནང་ལུ་ འེ་་་ དྲང་སྲོང་འདི་ཁོ་ ང་བཅས་ར་སངས་རྒྱས་དང་སྒྲོལ་མ་ འ་ནཱི་འདི་ཚུ་ ལྷབ་ཚར་ཞིནམ་ལས་ ཏེ་ ཐིག་ཚད་འདི་དེ་གིས་ འགབ་འགྱོ་ནི་འདི་གིས།
  • དབུ་འཛིན་འོགམ་
    ལོ་རིམ་བཞི་པ་ཨིན་ ཏེ་ ད་ལོ་རིམ་བཞི་པ་ནང་ལུ་ ཁོང་གིས་ འེ་ ལྷ་ཚོགས་གསུམ་དེ་ཅིག་ལྷབ་ནི་ཡོད་ལགས་ འ་ནཱི་འདི་ནང་ལུ་ ད་ འ་ ལྷ་ཚོགས་གསུམ་འདི་ ཕྱག་ན་རྡོ་རྗེ་ དེ་ལསནི་ གུ་རུ་རིན་པོ་ཆེ་ དེ་ལསནི་ རྡོ་རྗེ་ཕག་མོ་ གསུམ་ལྷབ་ཨིན་ལགས། ད་ འ་ནཱི་འདི་ཚུ་ཡང་ག་ར་ ཧེ་མ་འ་ནཱི་སྦེ་ རི་མོ་བྲིས་ ཕྱག་ན་རྡོ་རྗེ་གི་རི་མོ་འདི་ ལྷབ་ཚརཝ་ཅིག་ དེ་ལསནི་ཏེ་ ཚོན་སྦྱོར་ཟེར།
  • དབུ་འཛིན་འོགམ་
    ད་ཅི་ཞུ་དོ་བཟུམ་སྦེ་ ཏེ་ འ་ནཱི་ཕྱག་ན་རྡོ་རྗེ་འདི་ འ་ནཱི་ཚོན་རང་བཏང་དགོ་ལགས་ ཏེ་ ཁོང་གི་ འ་ནཱི་བཟུམ་ཅིག་སྦེ་ ད་ད་ལྟོ་ནཱ་ འ་ནཱི་སྦེ་རི་མོ་སྦེ་ལྷབ་ དེ་ལསནི་ཏེ་ ནངས་པ་གནངས་ཚེ་ འ་ནཱི་རི་མོ་འདི་ལྷབ་ཚརཝ་ཅིག་ དེ་ལས་ ཏེ་ ཚོན་སྦྱོར་ཟེར་ ཚོན་ཡང་ལྷབ་མཇུག་བསྡུ་ དེ་ལས་ གུ་རུ་རིན་པོ་ཆེ་ལས་འགོ་བཙུགས་ གུ་རུ་རིན་པོ་ཆེ་ ཐིག་ཚད་ལྷབ་ཚརཝ་ཅིག་ དོ་རུང་ཡང་ ཚོན་སྦྱོར་འབད།
  • དབུ་འཛིན་འོགམ་
    དེ་ལས་ ཕག་མོ་འདི་ཡང་ འེ་་་ ཐིག་ཚད་འདི་ལྷབ་ དོ་རུང་ཡང་ དེ་ལས་ ཚོན་སྦྱོར་འབད་སྦེ་ འ་ནཱི་སྦེ་རང་འགྱོ་དགོ་ལགས་ ཕྱག་ན་རྡོ་རྗེ་འདི་ འེ་་་ གཅིག་རང་ཨིན་ལགས་ མ་པ་ བྲིས་ནི་འདི་ཁོང་གིས་ ལེ་ཤ་བྲིས་འོང་ལགས་ དེ་འབདཝ་ད་ ལྷབ་དགོཔ་འདི་ ཕྱག་ན་རྡོ་རྗེ་གཅིག་ གུ་རུ་གཅིག་ ཕག་མོ་གཅིག་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ད་ བྲིས་ནི་འདི་ ད་ཁོང་རང་ འ་ནཱི་མ་ཤེས་ཚུན་ཚོད་ སློབ་དཔོན་གྱིས་ བཞག་མི་བཏུབ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་ལགས།
  • དབུ་འཛིན་འོགམ་
    ལོག་ཅི་རང་ ཏེ་ ནཱ་ སློབ་ཁང་ནང་བྲིས་མི་འདི་གིས་མ་བཏུབ་པར་ དེ་ལས་ ཁོང་ར་ལུ་ ཁྱིམ་ལཱ་སྦེ་བཀལ་བཏང་ དེ་ལས་ ལས་འགུལ་སྦེ་བཀལ་བཏང་འབད་སྦེ་ སློབ་དཔོན་གྱིས་ བཞག་རང་མི་བཏུབ་ལགས་ འགྱོ་མ་བཏུབ་ཚུན་ཚོད་རང་ སྦྱང་བ་འབད་བཅུགཔ་ཨིན་ལགས་ ཏེ་ མ་པ་ལས་རང་ ད་ལག་རྩལ་མེད་མི་ ཐབས་རང་མེད་མི་འདི་ཚུ་ ཏེ་ དེ་ལས་ དོ་རུང་ལོག་སང་ཕོད་ ལོག་བསྐྱར་ཞིབ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ད་ དུས་ཅི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་མ་ཚུགས་པ་ཅིན་ ཏེ་ ལོ་ཐེངས་གཅིག་ལོག་ སྤྱར་ཞིབ་འབད་ནི་གི་ གོ་སྐབས་ཐོབ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    འ་་་ལོ་རིམ་གཉིས་པ་ཨིན་ལགས་ ཁྱིམ་ཚོན་ལོ་རིམ་གཉིས་པ་ལགས་ གཟུགས་བརྙན་འདི་ཚུ་ ཏེ་ འ་ནཱ་ལས་འགོ་བཙུགསཔ་ཨིན་ལགས་ ཏེ་ལོ་རིམ་དང་པ་ཚུན་ཚོད་ལུ་ ཁོང་ མཆོད་རྫས་ཀྱི་རིམ་ལུགས་ཙང་ཙ་ལྷབ་འབད་སྦེ་ ཏེ་ ནཱ་ལོ་རིམ་གཉིས་པ་ནང་ལྷོད་པའི་བསྒང་ལས་ དེ་ལས་ཏེ་ འ་་་ བཀྲ་ཤིས་ འ་་་ རྫས་བརྒྱད་ བཀྲ་ཤིས་རྫས་བརྒྱད་ འདི་ ལོ་རིམ་དང་པ་ནང་ཨིན་མས་སྨོ? ནཱ་ལུ་ འ་ནཱི།
  • དབུ་འཛིན་འོགམ་
    རི་དྭགས་ འ་་་ ག་ཅི་ལོ་ ཙི་པ་ཏྲ་ལས་སྦེ་ འགོ་བཙུགས་མས་ལགས་ ཙི་པ་ཏྲ་ལས་སྦེ་འགོ་བཙུགས་ཏེ་ རི་དྭགས་ཆོས་འཁོར་ དེ་ལས་ འ་ནཱ་ལས་མར་ ག་ར་ འ་་་ བྱའི་གི་གཟུགས་བརྙན་ དེ་ལསནི་ཏེ་ འ་ མི་མཐུན་སྤུན་དྲུག་གི་རི་མོ་འདི་ཚུ་ དེ་ལས་ དེ་ལས་ ངང་མཚོ་རེ་བྲིས་ དེ་ལསནི་ ཏེ་ མཐུན་པ་སྤུན་བཞི་ འ་ནཱི་འདི་ཚུ་ག་ར་ ནཱ་ལུ་ལྷབ་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    མ་པ་ཁྱིམ་ཚོན་གྱི་ ཁོངས་གཏོགས་ལུ་རང་བརྩིཝ་ཨིན་ན་ལགས་འདི་ཚུ?
  • དབུ་འཛིན་འོགམ་
    ཨིན་ལགས་ ད་ འདི་ཚུ་ འ་ནཱི་གཟུགས་བརྙན་འདི་ཚུ་ག་ར་ ང་བཅས་ར་ཕར་ ཁྱིམ་གྱི་ཕྱི་དང་ནང་ལུ་ ག་ཏེ་ཡང་ཁོ་ ཁྱིམ་ཚོན་ནང་ལུ་འགྱོ་བའི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་ མ་པ་ ཁྱིམ་ཚོན་ཟེརཝ་མ་གཏོགས་ ད་ འདི་ཚུ་གི་ ཁྲི་དང་རྒྱབ་རྒྱན་དང་།
  • དབུ་འཛིན་འོགམ་
    འ་ནཱི་ཚུ་གུར་ འཛིན་ཆས་འདི་ཚུ་གུ་ཡང་འགྱོ་འོང་ལགས་ མཆོད་བཤམ་དང་ དེ་ ཆ་སྒམ་ དེ་ལསནི་ ཅོག་སྒྲོམ་ དེ་ལསནི་ ཁྲི་དང་མདུན་ཅོག་འདི་ཚུ་ ཆ་མཉམ་ནང་ལུ་རང་འགྱོ་འོང་ལགས།
  • དབུ་འཛིན་འོགམ་
    ད་ མ་པ་ཨིན་ཡང་ད་ ཁྱིམ་ཚོན་ཟེར་བའི་བསྒང་ལས་ ཏེ་ ཁྱིམ་ནང་ན་གི་ འཛིན་ཆས་ནང་ལུ་ག་ར་འགྱོ་དགོ་འདི་གིས།
  • དབུ་འཛིན་འོགམ་
    ད་ འ་ནཱ་ལས།
  • དབུ་འཛིན་འོགམ་
    ལགས་སོ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཤིང་ཚོན་དང་ ཁྱིམ་ཚོན་ལུ་ ཁྱད་པར་མིན་འདུག་སྨོ་ལགས?
  • དབུ་འཛིན་འོགམ་
    མེད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    མིང་གི་རྣམ་གྲངས་རང་ཨིན་ན?
  • དབུ་འཛིན་འོགམ་
    ཨིན་ལགས།
  • དབུ་འཛིན་འོགམ་
    ད་ ཁོང་རང་ འ་ནཱ་ལས་སྦེ་ ཏེ་ ད་ང་ལྷ་བྲིས་ནང་བཅའ་མར་མི་གཏོགས་ ད་ ཏེ་ང་འ་ནཱི་ཁྱིམ་ཚོན་གཅིག་ལྷབ་སྦེ་འགྱོ་ནི་ཟེར་སླབ་རུང་།
  • དབུ་འཛིན་འོགམ་
    ཏེ་ ལོ་གཉིས་མཇུག་བསྡུཝ་ཅིག་འགྱོ་འབད་བ་ཅིན་ ཏེ་ ཁོང་རང་གིས་ད་ ལྷ་པའི་ཟེར་བྲིས་མ་ཚུགས་རུང་ ཏེ་ ཁྱིམ་ཚོན་བཏང་ནི་ ལྷ་ཁང་དང་ ཏེ་ འ་ནཱི་འདི་ཚུ་གི་ཕྱི་ཁར་ལས་དང་ནང་ན་ ག་ཅི་རང་བཏང་དགོ་རུང་ འགན་ཐེག་བས་བ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ཏེ་ འ་ནཱི་འབད་ནི་འདི་གིས་ ང་བཅས་ཀྱིས་ དོན་ཚན་ཡང་ཕར་ ཁྱིམ་ཚོན་ཟེར་སོ་སོ་སྦེ་དབྱེ་བཞག་འབད་སྦེ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ད་ འ་ནཱི་བཟུམ་ སེམས་ཅན་གྱི་རིགས་དང་ མཆོད་རྫས་ཀྱི་རིགས་ མ་དོ་བ་གི་ བོག་དང་ངང་པ་གི་ ཚོན་ཐོབ་ཐངས་འ་ནཱི་སྦེ་ཨིན་ཟེར་མི་ཚུ་ཡང་།
  • དབུ་འཛིན་འོགམ་
    ལྷབ་ནི་ཡོད་ལགས་ འ་ནཱི་འདི་མར་ ལོ་རིམ་དང་པའི་ནང་ལུ་ཡོད་ལགས་ ལོ་རིམ་དང་པའི་ནང་ལུ་ ད་ ང་བཅས་ར་ ཁྱིམ་གྱི་ད་ བོག་དང་ཀ་ དེ་ལསནི་ ཏེ་ འ་་་ ཛིང་(?) སྒོ་སྒྲིག་གི་ཛིང་ འ་ནཱི་ཏེ་ བཞི་འཁོར་འདི་ཚུ་གི་ཚོན་ཐོབ་འདི་ཚུ་ ཆ་མཉམ་མར་ལྷབ་ནི་ཡོད་ལགས་ རི་མོ་དང་ ཚོན་ཐོབ་ཐངས་ལས་མར།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ངོ་མ་ཁྱིམ་གུ་ལུ་ ཚོན་བཏང་ནི་སྦྱང་བ་འབད་ནི་ཡོད་ག་ལགས?
  • དབུ་འཛིན་འོགམ་
    ད་ འ་་་ སྤྱིར་བཏང་ འ་ནཱི་འདི་ཚུ་དེ་ ང་བཅས་ཀྱི་ ནཱ་ལུ་ང་བཅས་ར་ གཡོག་ཐོབ་སློབ་སྦྱོང་ཟེར་ འགྱོ་ནི་ཡོད་ལགས་ ཏེ་ བྱཱར་ཟླཝ་་་དྲུགཔ་ དབྱིན་ཟླ་དྲུག་པ་རྫོགསཔ་ཅིག་ ཏེ་ ང་བཅས་བྱཱར་གྱི་ ངལ་གསོ་ཟླཝ་གཅིག་ཡོད་བ་ལགས་ ཏེ་ འ་ནཱ་ལུ་ ཁོང་འགྱོ་དགོ་ལགས་ ནཱ་ལས་ ཏེ་ ད་ ཕྱི་ཁར་ལས་ཕར་ ད་ འ་ནཱི་བཟུམ་ རྫོང་ཨིན་རུང་དྲག་ ལྷ་ཁང་ཨིན་རུང་དྲག་ ཁྱིམ་ཨིན་རུང་དྲག་ འ་ནཱི་བཟུམ་འདི་ཚུ་ནང་ ང་བཅས་ཀྱིས།
  • དབུ་འཛིན་འོགམ་
    གཡོག་ཐོབ་ གཡོག་ཐོབ་སློབ་སྦྱོང་ ཁོ་ར་ཕར་ལས་འཚོལ་མི་འོང་རུང་དྲག་ ཏེ་ འཚོལ་མི་མེད་པ་ཅིན་ ང་བཅས་ར་གི་ ནཱ་ལས་ཕར་འགྱོ་འབད་སྦེ་ ཏེ་ འཚོལ་ཞིནམ་ད་སྦེ་ ཏེ་ ཁོང་ལུ་འ་ནཱི་ གཡོག་ཐོབ་ གཡོག་ཐོབ་སློབ་སྦྱོང་གི་ཐོག་ལུ་སྦེ་ སྦྱང་བ་འ་ནཱི་སྦེ་ བཏང་བཅུགཔ་ཨིན་ལགས་ ངོ་མ་སྦེ་རང་ལགས།
  • དབུ་འཛིན་འོགམ་
    འ་ནཱ་བཟུམ་ཅིག་འབད་བ་ཅིན་ ཁོང་འ་ནཱི་ ཚེམ་དྲུབ་ལོ་རིམ་དང་པ་ཨིན་ལགས་ ཚེམ་དྲུབ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལོ་རིམ་དང་པ་ནང་ ག་ཅི་རང་ལྷབ་ཨིན་ན?
  • དབུ་འཛིན་འོགམ་
    ད་ འདི་ནང་ལུ་ འ་་་ ཁོ་ར་ ཧེ་མ་རང་འ་ནཱི་ འ་་ ཚོན་ཁྲ་འདི་ཚུ་ག་ནཱི་ཡང་མེདཔ་སྦེ་ འ་ནཱི་ལགཔ་སྦྱང་བ་ཚུད་ནི་གི་དོན་ལུ་ ཁོང་གི་འ་ནཱི་སྦེ་ འ་ ད་ འ་ནཱི་བཟུམ་སྦེ་ ལྷབ་ཨིན་ལགས།
  • དབུ་འཛིན་འོགམ་
    ཨ་ཡི་བཟུམ་སྦེ་ འ་ནཱི་ རི་མོ་བཀལ་བཞག་ཞིན་ན་ ཨ་ཡི་གུ་ལུ་ ཏེ་ འ་ནཱི་སྦེ་ ཕར་ ཁ་ཤ་གུ་ལུ་ འ་ནཱི་སྦེ་ ཧེ་མ་ རི་མོ་ག་ཨིནམ་བཟུམ་སྦེ་ འཐུ་བཅུག་འབད་སྦེ་ལགས་ ཏེ་ དེ་ལས་འབདན་ ཏེ་ འ་ནཱི་བཀལ་ཚརཝ་ཅིག་ དེ་ལས་ ཏེ།
  • དབུ་འཛིན་འོགམ་
    འདི་གི་རྟིང་བདའ་སྟེ་ དེ་ལས་ཁོང་ར་ འ་ནཱི་སྤྲོས་རི་དང་ དེ་ལས་ བཀྲ་ཤིས་རྟགས་བརྒྱད་དང་ འ་ནཱི་མེ་ཏོག་འདི་ཚུ་ མ་པ་གོ་རིམ་ ཨ་ཕི་བཟུམ་སྦེ་རང་ཨིན་ལགས་ཁོང་གི་ ཡར་ལས་མར་སྦེ་མི་ཚུ་ ཧེ་མ་འ་ནཱི་སྦེ་ རི་མོ་རྐྱངམ་གཅིག་སྦེ་བཀལ་ དེ་ལས་ ནང་ན་གི་ཚོན་ཁྲ་བཀང་ དེ་ལས་ འཇམ་སམ་འ་ནཱི་སྤྲོས་རི་དང་མེ་ཏོག་འདི་ཚུ་འཐུ།
  • དབུ་འཛིན་འོགམ་
    ཏེ་ དེ་ལསནི་ ཡུདཔ་ཅིག་ཡུདཔ་ཅིག་ཁ་ལས་ ཚེ་རིང་དང་ དེ་ལས་ མཇུག་རང་ཁོང་གིས་ འ་ནཱི་བཀྲ་ཤིས་རྟགས་བརྒྱད་དེ་ འཐུ་འབད་སྦེ་ དེ་ལས་ གཅིག་འདི་འ་ནཱ་ མཐུན་པ་སྤུན་བཞི་ཡང་ འཐུཝ་མས་ལགས།
  • དབུ་འཛིན་འོགམ་
    མཐུན་པ་སྤུན་བཞི་འཐུ་ དེ་ལསནི་ སངས་རྒྱས་ སངས་རྒྱས་གཅིག་འཐུ་འབད་སྦེ།
  • དབུ་འཛིན་འོགམ་
    ལོ་རིམ་དང་པ་གི་འདི་ འ་ནཱི་དེམ་ཅིག་ཨིན་མས་སྨོ?
  • སློབ་སྟོན་པ་
    འ་ནེམ་ཅིག་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    འ་ནཱི་ གཞི་ཁ་ཤ་སྦེ་ སྐུདཔ་འདི་སེ་ཤུད་རང་ཨིན་ན་ལགས?
  • དབུ་འཛིན་འོགམ་
    ཨིན་པས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཏེ་ སྐུདཔ་འདི་ཚུ་ཡང་ ཕྱི་ཁ་ལས་རང་ ནང་འདྲེན་འབད་དེ?
  • དབུ་འཛིན་འོགམ་
    ཨིན་ལགས་ ཕྱི་ཁར་ལས་རང་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ད་ ནཱ་གི་འདི་འ་ནཱི་ ཚེམ་དྲུབ་ལོ་རིམ་གཉིས་པ་ཨིན་ལགས་ ད་ འདི་ནང་ལུ་ ད་ ཁོང་གི་འ་ནཱི་ མདངས་ཞག་ནཱ་ལྷོད་ཞིནམ་ལས་སྦེ་ ཏེ་ ལོ་ཕྱེད་ཀ་ཚུན་ཚོད་ལུ་ ཁོང་གིས་ འ་ནཱི།
  • དབུ་འཛིན་འོགམ་
    སྒྲོལམ་གཅིག་ འཐུ་ཚརཝ་མས་བ་ལགས་ སྒྲོལམ་གཅིག་འཐུ་ ཏེ་ དེ་ལན་ ནངས་པ་གནངས་ཚེ་ ལོ་ཕྱེད་ལས་ལོག་ཞིནམ་ལས་ ཏེ་ དེ་ལས་ གུ་རུ་རིན་པོ་ཆེ་གཅིག་འཐུ་འབད་སྦེ་ མ་པ་ འ་ནཱི་བཟུམ་ཅིག་ཨིན།
  • དབུ་འཛིན་འོགམ་
    ཏེ་ སྒྲོལ་དཀར་གཅིག་ཡང་ འཐུ་ནི་ཡོད་སྨོ་ལགས་ ད་ སྒྲོལམ་འདི་ དང་པ་སྒྲོལ་ལྗང་འདི་འཐུ།
  • སློབ་སྟོན་པ་
    དེ་ལས་ ནངས་པ་གནངས་ཚེ་ ཆོས་རྒྱུགས།
  • དབུ་འཛིན་འོགམ་
    ཏེ་ ཆོས་རྒྱུགས་ཀྱི་སྐབས་ལུ་འདི་ འ་ནཱི་སྒྲོལ་དཀར་འདི་འཐུ་བཅུག་འབད་སྦེ།
  • དབུ་འཛིན་འོགམ་
    ཏེ་ གུ་རུ་རིན་པོ་ཆེ་འདི་ ང་བཅས་ ལོ་ཕྱེད་ལས་ལོག་ཞིནམ་ལས་ གུ་རུ་རིན་པོ་ཆེ་གཅིག་འཐུ་བཅུག་ ལོག་ཆོས་རྒྱུགས་ནང་ལྷོད་པའི་བསྒང་ལས་འདི་དེ་ དོ་རུང་ཡང་ སོ་སོ་སྦེ་ འ་ནཱི་གུ་རུ་གཅིག་འཐུ་བཅུག་འབད་སྦེ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ད་ མར་ འཇིམ་བཟོ་ནང་འབད་རུང་ ལྷ་བྲིས་ནང་འབད་རུང་ ནཱ་འབད་རུང་ ལྷ་ཚོགས་དག་པ་ཅིག་ འཐུ་ཞིནམ་ད་ལས་ དེ་ལས་ འདི་གུ་འགབ་སྟེ་ རིགས་འབྲེལ་ཏེ་ ལྷ་ཚོགས་གཞན་མི་ཚུ་ བཞེངས་ཚུགས་སྦེ་ཨིན་ན་ལགས?
  • དབུ་འཛིན་འོགམ་
    ཨིན་ལགས་ ད་ ག་ཅིསྨོ་ཟེར་བ་ཅིན་ ང་བཅས་ ད་ འ་་་ ལོངས་སྐུའི་རིགས་འདི་ཚུ་ག་ར་ ད་ འ་ནཱི་སྒྲོལམ་གྱི་སྦེ་འགབ་འགྱོ་མས་བ་ལགས་ ཏེ་ དེ་ལས་ འ་ནཱི་ ཆོས་སྐུའི་རིགས་འདི་ཚུ་ ག་ར་འ་ནཱི་ གུ་རུ་གི་སྦེ་འགབ་འགྱོཝ་ ད་ ཆོས་སྐུ་འབད་བ་ཅིན་ སངས་རྒྱས་ ཕར་ལུ་སངས་རྒྱས་འཐུ་མི་འདི་གིས་ སངས་རྒྱས་ཀྱི་འགབ་འགྱོཝ་མས་བ་ལགས།
  • དབུ་འཛིན་འོགམ་
    སྤྲུལ་སྐུ་འདི་ཚུ་འབད་བ་ཅིན་ ག་ར་འ་ནཱི་ གུ་རུ་གི་སྦེ་འགབ་འགྱོ་འོང་ལགས་ མར་འཇིམ་བཟོ་ནང་འབད་རུང་ཡང་ འ་ནཱི་སྦེ་ཨིན་པས་ལགས་ མ་པ་ ད་ ཧེ་མ་ཧེ་མ་རང་འབད་བ་ཅིན་ ང་བཅས་ ལྷ་བྲིས་ནང་བཟུམ་ཅིག་ནང་འབད་རུང་རོགས་ ཧེ་མ་གི་འདི་ཚུ་ ཡུདཔ་ཅིག་ ཐིག་ཚད་གསུམ་ལས་བརྒལ་མ་ལྷབ་ཟེར་ གསུང་ནི་འདུག་ལགས་ ང་བཅས་སློབ་དཔོན་འདི་ཚུ་གིས་ལགས།
  • དབུ་འཛིན་འོགམ་
    དཔེ་འབད་བ་ཅིན་ སངས་རྒྱས་གཅིག་ སྒྲོལམ་གཅིག་ ཕྱག་ན་རྡོ་རྗེ་གཅིག་ལྷབ་པ་ཅིན་ དེ་ལསནི་ འདི་གིས་སྦེ་འགབ་སྟེ་འགྱོ་བའི་ཟེར་ མ་པ་ཨིན་ཡང་ཨིན་པས་ལགས་ ཁྲོ་བའི་རིགས་འདི་ཆ་མཉམ་ ཕྱག་ན་རྡོ་རྗེ་གིས་འགབ་འགྱོ་ ཏེ་ ལོངས་སྐུའི་རིགས་འདི་ ཆ་མཉམ་རང་སྒྲོལམ་གྱིས་འགབ་འགྱོ་ དེ་ལས་ ཏེ་ ཆོས་སྐུའི་རིགས་འདི་ཆ་མཉམ་རང་ འ་ནཱི་ སངས་རྒྱས་ཀྱིས་ འགབ་འགྱོཝ་འབད་སྦེ་ ཏེ་ འ་ནཱི་སྦེ་ཨིན་མས་ལགས།
  • དབུ་འཛིན་འོགམ་
    ཏེ་ད་ལྟོ་ ང་བཅས་ནཱ་ལུ་བཟུམ་ཅིག་འབད་བ་ཅིན་འདི་ ཏེ་ ཡུདཔ་ཅིག་ཐིག་ཆེན་བརྒྱད་ ཆ་མཉམ་རང་ལྷབ་དོ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཐིག་ཚད་བརྒྱད་ཟེརཝ་ད།
  • དབུ་འཛིན་འོགམ་
    འདི་ནང་ལུ་ད་ད་ མ་པ་སངས་རྒྱས་ སྒྲོལམ་ གུ་རུ་ དེ་ལསནི་ཏེ་ ཕུར་པ་ དེ་ལས་ འདི་བཟུམ་སྦེ་ ཕག་མོ་ འ་ནཱི་འདི་ཚུ་ཆ་མཉམ་ཚུདཔ་ཨིན་ལགས་ ཕག་མོ་ལོ་ དེ་ལསནི་ འེ་་་ བཅུ་གཅིག་ཞལ་ རྣམ་སྲས་ འ་ནཱི་འདི་ཚུ་ ཆ་མཉམ་ཚུདཔ་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ནཱ་གི་མར་ ཧེ་མ་ ཚེམ་བཟོ་འདི་ལྷབ་ དེ་ལས་རྐྱངམ་གཅིག་ ནཱ་ ཚེམ་གྲུབ་ནང་ཨིན་མས་སྨོ་ལགས?
  • དབུ་འཛིན་འོགམ་
    ཨིན་ལགས།
  • དབུ་འཛིན་འོགམ་
    ད་མར་ལས་ འ་་་ ད་ཁོང་ར་ འདི་ཡང་ ཁོང་རང་ལུ་ གདམ་ཁ་ཡོད་ལགས་ ད་ ནཱ་ལུ་ཚེམ་དྲུབ་དང་ ཚེམ་གཉིས་ཆ་རང་ལྷབ་ནི་ཨིན་ཟེར་བ་ཅིན་ ད་ འཛུལཝ་ད་འབདན་ཕྲང་ཕྲང་མར་ ཚེམ་ནང་འཛུལ་དགོ་པས་ལགས་ ཚེམ་ནང་ལས་འབད་འཛུལ་ མར་ཚེམ་ལོ་གཉིས་མཇུག་བསྡུཝ་ཅིག་ དེ་ལསནི་ ནཱ་འོང་ཚེམ་དྲུབ་ལྷབ་སྦེ་ དེ་ལས་འབདན་ ཁོང་ར་ནཱ་ལས་མཐར་འཁྱོལ་འགྱོཝ་ཨིན།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    གསརཔ་འཛུལ་མི་འདི་ཚུ་ ལོག་ག་དེམ་ཅིག་ལུ་འཛུལཝ་སྨོ་ལགས?
  • དབུ་འཛིན་འོགམ་
    ནཱ་ལུ་ཡ་ལགས?
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ནཱ་ སློབ་གྲྭ་འཛུལ་མི་འདི་ཚུ་ འཛིན་གྲྭ་བཅུ་ཐམ་དེ་ཅིག་ལས་འཛུལཝ་སྨོ་ བཅུ་གཉིས་ལས་འཛུལཝ་སྨོ?
  • དབུ་འཛིན་འོགམ་
    ནཱ་ལུ་ ཁོང་འ་ནཱི་ གཞན་ཁར་ལས་ འ་ནཱི་འཛིན་གྲྭ་བཅུ་པ་ཚང་མི་འདི་ཚུ་ལེནམ་ཨིན་ལགས་ ནཱ་བཟུམ་ཅིག་འབད་བ་ཅིན་ འ་ནཱི་ལོ་རིམ་ལྔ་པ་ཨིན་ལགས་ ལྷ་བྲིས་ལོ་རིམ་ལྔ་པ་ དེ་ལས་ ལྷ་བྲིས་ལོ་རིམ་ལྔ་པ་བཟུམ་ཅིག་ནང་འབད་བ་ཅིན་ ཁོང་གིས་ ལྷབ་ནི་འདི་ ཏེ་ རྣམ་སྲས་ དབྱངས་ཅན་མ་ དེ་ལས་ ཕྱག་སྟོང་སྤྱན་སྟོང་ མཆོད་རྟེན་རྣམ་བརྒྱད་ འ་ནེམ་ཅིག་ལྷབ་ནི་ཡོད་ལགས་ ནཱ་ལུ་ལྷབ་ནི་འདི།
  • དབུ་འཛིན་འོགམ་
    ཏེ་ད་ ད་ལྟོ་ཨ་ནཱ་ལུ་ ད་ ད་འ་ནཱི་སྦེ་ འེ་་་ འབད་མི་འདི་ང་བཅས་ ད་ ཁོང་ར་གི་འ་ནཱི་ ཚོན་སྦྱོར་གྱི་ ལས་རིམ་ཡང་འདི་ནང་ལུ་བཏུབ་སྦེ་ ཏེ་ ནངས་པ་གནངས་ཚེ་ ང་བཅས་ར་ འ་ནཱི་བཟོ་རིག་གི་ཉིནམ་ ནངས་པ་གནངས་ཚེ་ ང་བཅས་རའི་ཟླཝ་གསུམ་པའི་གི་ ཚེས་བཅོ་ལྔ་ལུ་ ང་བཅས་ བཟོ་རིག་གི་ཉིནམ་སྦེ་ བརྩི་སྲུང་ཞུ་ནི་ཡོདཔ་ཨིན་ལགས་ འ་ནཱི་གི་སྐབས་ལུ་ འགྲེམ་སྟོན་འབད་ནི་གི་དོན་དག་ལུ་ ཁོང་རང་སྡེ་ཚན་གྱི་ལཱ་སྦེ་ འབདཝ་ཨིན་ལགས་ འ་ནཱི་ནང་།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    མཆོད་རྟེན་ཐིག་ཚད་འདི་ཚུ་ཡང་།
  • དབུ་འཛིན་འོགམ་
    ཡོད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལྔ་པ་ནང་ལྷོདཔ་ད་རྐྱངམ་གཅིག་ཨིན་ན?
  • དབུ་འཛིན་འོགམ་
    ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    འ་ནཱི་བཟུམ་ཅིག་འབད་བ་ཅིན་ ད་ འ་ནཱི་འདི་ང་བཅས་ འ་་་ ཁོང་ར་སྦྱང་བ་ ཚོན་སྦྱོར་གྱི་ སྦྱང་བ་འབད་ནི་གི་དོན་དག་ལུ་སྦེ་ ཏེ་ ང་བཅས་ ཕྱི་ཁ་ལས་ འ་ནཱི་སྦེ་ ལཱ་བཀོལ་མི་རེ་འཐོན་འབདཝ་ད་ལུ་ ང་བཅས་ར་གི་ འ་ནཱི་སྦེ།
  • དབུ་འཛིན་འོགམ་
    ནེམ་འབདཝ་ཨིན་ལགས་ ཁོང་ལུ་ཡང་སྦྱང་བ་ཐོབ་སྦེ་ ཏེ་ ཚོན་སྦྱོར་འདི་ འདི་མེནམ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ར་ནཱ་ སློབ་ཁང་ནང་ར་ཁོ་རང་གི་ ལྷ་ག་ཨིན་མི་འདི་བྲིས་ཏེ་རང་ ཁོ་ར་འ་ནཱི་སྦེ་རང་ཚོན་སྦྱོར་སྦྱང་བ་འབད་བཅུགཔ་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ད་ ནཱ་ལས་ཕར་སྦེ་ ཚོན་གྱི་ངོ་སྤྲོད་ཅིག
  • དབུ་འཛིན་འོགམ་
    ལགས་སོ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    གསུང་གནང་མས་ སྡོད་མས།
  • དབུ་འཛིན་འོགམ་
    ལགས་སོ།
  • དབུ་འཛིན་འོགམ་
    ད་ འ་་་ ང་བཅས་ཀྱི་ ཚོན་ལུ་ད་ ཡུདཔ་ཅིག་ ང་བཅས་ཤིང་ཚོན་ནང་བཟུམ་ཅིག་འབད་བ་ཅིན་ ཏེ་ དཀའ་བཅའ(?)་གསུམ་དང་ཟེར་ ཏེ་ འདི་ལུ་འབད་བ་ཅིན་ ང་བཅས་ ཚོན་ཡུདཔ་ཅིག་ སྣ་ཁ་བཅུ་གཅིག་དེ་ཅིག་གི་ བཏུབ་ཨིན་ལགས་ བཅུ་གཅིག་བཅུ་གཉིས་དེ་ཅིག་གི་བཏུབ་ཨིན་ལགས་ ཏེ་ད་ང་བཅས་ ལྡེབས་རི་དང་ཐང་ཀ་འདི་ཚུ་ནང་ལྷོད་པའི་བསྒང་ལས་ ཏེ་ འེ་་་ ཚོན་ལུ་གྱངས་ཁ་མེད་ལགས།
  • དབུ་འཛིན་འོགམ་
    ཡུདཔ་ཅིག་ བ་སོ་(?)བཟོ་དགོཔ་དང་ བཀྱགཝ(?)བཟོ་དགོཔ་ད་ དེ་ལསནི་ཏེ་ འ་ནཱི་བཟུམ་ལེ་ཤ་འབད་འབདཝ་ད་ལུ་ མ་པ་སྤྱིར་བཏང་ཨ་ནཱི་བཟུམ་ཅིག་ལུ་འབད་བ་ཅིན་ མཐིང་ཟེར་ལགས་ཁོ་ རྩ་བའི་གི་མདོག་བཞི་ལས་ གཅིག་འ་ནཱི་ཨིན་མས་བ་ལགས་མཐིང་འདི་ དེ་ལས་ འ་ནཱི་བཟུམ་ཅིག་འབད་བ་ཅིན་ ཏེ་ མཐིང་བར་འཚོ་ཟེར་ བར་འཚོ་ཟེར་ ད་ འ་ནཱི་བའི་བཀྱགཝ་སྦེ་ ད་ ང་བཅས་ནམ་མཁའ་བཟུམ་ཅིག་བཏང་དགོ་པ་ཅིན་ འདི་གི་བཀྱགཝ་སྦེ་ཡང་བཟོ་ནི་ཡོདཔ་ཨིན་ལགས།
  • དབུ་འཛིན་འོགམ་
    ཏེ་ འ་ནཱི་བཟུམ་ཅིག་འབད་བ་ཅིན་ ང་བཅས་ལྗང་ཁུ་ཟེར་ལགས་ ཏེ་ འ་ནཱི་བཟུམ་ཅིག་འབད་རུང་ བར་འཚོ་ལགས་ ལྗང་ཁུ་བར་འཚོ་ ཏེ་ འདི་བ་ཡང་དཀརཝ་ཅིག་བཟོ་ནི་ཡོད་ལགས་ ཏེ་ ད་ལྟོ་ནཱ་ལུ་ ལེ་ཤ་བཏང་དགོཔ་མ་ཐོན་ནི་འདི་གིས་ ཁོང་ལུ་ཚོན་ལེ་ཤ་མ་བྱིན་ལགས་ འ་ནཱི་བཟུམ་ཅིག་འབད་རུང་ཡང་དམརཔོ་ རྩ་བའི་མདོག་བཞི་ལས་ གཅིག་འ་ནཱི་དམརཔོ་འདི་ལགས་ ཏེ་ འ་ནཱི་འདི་དམརཔོ་ བར་འཚོ་ལགས།
  • དབུ་འཛིན་འོགམ་
    དེ་ལས་ འ་ནཱི་བཟུམ་ནང་ འ་ནཱི་འདི་དམརཔོ་ བཀྱགཝ་ལགས་དོ་རུང་ འ་ནཱི་སྦེ་བཟོ་ནི་ཡོད་ལགས་ ཏེ་ དེ་ལས་ འ་ནཱི་བཟུམ་ཅིག་འབད་བ་ཅིན་ ལི་ཝང་ལགས་ ལི་ཝང་ཁོ་ར་ ངོ་མ་འདི་ ཚོས་ངོ་མ་འདི་ འ་ནཱི་ཨིན་ལགས་ དེ་ལས་ འ་ནཱི་སྦེ་ལི་ཝང་བར་ཚོས་ཟེར་ལགས་ ཏེ་ དེ་ལས་ འ་ནཱི་ལུ་ ལི་བཀྱག་ཟེར་ལགས་ བཀྱགཝ་འདི་འ་ནཱི་སྦེ་ ལི་བཀྱག་ དེ་ལས་ འདི་བཟུམ་སྦེ་ འ་ནཱི་འདི་སེརཔོ་ལགས་ སེརཔོ་ངོ་མ་འདི།
  • དབུ་འཛིན་འོགམ་
    ད་ ང་བཅས་ར་ རྩ་བའི་གི་མདོག་བཞི་ དཀར་ སེར་ དམར་ འ་་་ ལྗང་འབད་ས་ལས་ འ་ནཱི་རྩ་བའི་གི་མདོག་བཞི་ལས་གཅིགཔོ་འདི་ སེརཔོ་འདི་ཨིན་མས་བ་ལགས་ དེ་ལས་ གཅིགཔོ་འདི་དཀརཔོ་འདི་ ཏེ་ འ་ནཱི་འདི་སེརཔོ་གི་ནང་ལས་ སེརཔོ་ཨ་ཙི་ཅིག་ དཀར་སུ་ཅིག་སྦེ་ སེར་བཀྱག་ཟེར་སླབ་མས་ ད་ལྟོ་ནཱ་ཡོད་མི་འདི་ འ་ནེམ་ཅིག་ཨིན་མས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཚོས་བཞི་ ད་ལྟོ་མར་ ཁྲོམ་ཁར་ལས་ ཉོ་ཉོཝ་བའི་ཚོན་གུ།
  • དབུ་འཛིན་འོགམ་
    ཨིན་ལགས་ འ་ནཱི་འདི་ཚུ་ད་ མར་ཁྲོམ་ཁར་ལས་ཉོ་ཉོཝ་ འ་ནཱི་འགྱིབ་ཚོན་ བཟུམ་ཅིག་རང་ཨིན་པས་ལགས་ ཏེ་ འ་ནཱི་འགྱིབ་ཚོན་ནང་ལུ་ དེ་ལས་ ཏེ་ ང་བཅས་ར་གི་འ་ནཱི་ ཚོན་ཕྱེ་འདི་ཚུ་འབག་འོང་ཞིནམ་ལས་ ཏེ་ ཁ་འགྱུར་ནི་གི་དོན་དག་ལུ་ འ་ནཱི་འདི་ཚུ་སླ་བསྲེ་རྐྱབ་འབད་སྦེ་ཨ་ཙི་རེ་འབད་དགོ་པས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཏེ་དེ་ལས་ འདི་གུ་ཀོཝ་སྤྱིན་བླུག་དགོ་ག?
  • དབུ་འཛིན་འོགམ་
    འེ་ ཀོཝ་སྤྱིན་བླུག་ནི་མེད་ལགས་ འ་ནཱི་འདི་ཚུ་འདི་ སྤྱིན་བླུག་རང་མ་དགོཔ་སྦེ་རོགས་ མར་ལས་ཕྲང་ཕྲང་རང་འ་ནཱི་ བཏང་ཆོག་ཆོག་འབད་ ཏེ་ ཆུ་གཅིག་ སླ་བསྲེ་འབད་ ཆུ་གི་འབད་གར་ལྷ་བཟོ་ཡི་བཟོ་ཡི་ བཏང་ནི་ཅིག་རང་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    དེ་མེན་པ་ཅིན་ ཆུ་རེག་པ་ཅིན་ དག་ནི་མས་སྨོ?
  • དབུ་འཛིན་འོགམ་
    འེ་ མ་པ་ བཏང་ བཏང་ཞིནམ་ལས་ ཕར་ སྐམ་ཚར་བའི་བསྒང་ལས་འདི་དེ་ མི་འགྱོ་བས་ལགས་ ལྡེབས་རི་འདི་ཚུ་ལགས་ ལཱ་ཁག་སྦེ་ཆུ་གཏོར་འབད་སྦེ་ ལཱ་ཁག་སྦེ་ འ་ནཱི་སྦེ་དབུར་ཏེ་གིས་འབདན་མ་ཤེས་ ཧ་ལམ་འ་ནཱི་སྦེ་ རེག་རེག་པ་གི་འདི་ མི་འགྱོ་བས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    རེག་འབད་སྦེ་ ལག་པ་གིས་ ཡར་དང་མར་མར་ དབུར་སྦེ་བཞག་པ་ཅིན་ཏེ་ ལོག་སྐམ་པའི་བསྒང་ལས་ ཏེ་ དོ་རུང་ ང་བཅས་རའི་ཧེ་མ་གི་ཚོན་བཟུམ་སྦེ་རང་སྡོད་བཏུབ་པས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    གཞི་ ཧུམ་སྦེ་(?) ཚོན་སྦྱོར་ནི་མེད་ག?
  • དབུ་འཛིན་འོགམ་
    མེད་ལགས་ ཕྲང་ཕྲང་རང་ འ་ནཱི་ཆུ་ནང་རང་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ད་ རྒྱ་གར་གྱི་ བཀྲག་རྩི་བཟུམ་འབད་བ་ཅིན་ ཨ་ཙི་ཅིག་ ཧུམ་གྱི་གཞི་ཙམ་ཅིག་སྦེ་ འོང་མས་བ་སྨོ་ལགས?
  • དབུ་འཛིན་འོགམ་
    ཨིན་མས་ལགས་ ད་ འ་ནཱི་ འ་ནཱི་བཟུམ་འདི་ཚུ་ ད་ ང་བཅས་ཀྱི་ ད་རེས་ནངས་པ་ འ་ནཱི་ ད་ ཁོང་གིས་ waterproof (ཆུ་ཐུབ་) ཟེར་སླབ་མས་ལགས་ ཏེ་ འེ་་་ ང་བཅས་འ་ནཱི་ ཁྱིམ་ཚོན་ནང་ལས་ཕར་ ཤིང་ཚོན་ནང་ལས་ཕར་འབདན་ ལག་ལན་འཐབ་ནི་ཡོད་ལགས་ ཨ་ཙི་ཅིག་ ད་ རོགས་སྦྱིན་བདག་གིས་ དེ་དང་འཁྲིལ་ཏེ་གིས་སྦེ་ ལ་ལུ་ཅིག་རོགས་ ང་བཅས་ར་གི་དང་ཕུ་གི་ ལུགས་སྲོལ་ག་ཨིནམ་སྦེ་ དགའ་མི་འདུག་ལགས།
  • དབུ་འཛིན་འོགམ་
    ང་བཅས་ར་གི་ ག་ཨིནམ་སྦེ་རང་གཏང་ནི་ཟེར་མི་འདི་ཚུ་ ང་བཅས་ར་ སྤྱིན་ནང་རང་སྦྱོར་ཏེ་བཏང་ ཀོ་སྤྱིན་ནང་སྦྱོར་ཏེ་བཏང་ ཏེ་དེ་ལས་རོགས་ ད་རེས་ནངས་པ་གི་ འ་ནཱི་ ཆུ་ཐུབ་སྦེ་དགོ་ནི་ཟེར་ ཆུ་ ཆུ་ཐུབ་སྦེ་འ་ནཱི་སྦེ་ བཟོ་སྟེ་གིས་སྦེ་དགོ་ནི་ཟེར་སླབ་པ་ཅིན་ ཏེ་ ང་བཅས་ཀྱི་ མར་ལས་ རྒྱ་གར་གྱི་འ་ནཱི་ཚོན་ རྒྱ་ལས་ཡར་ཐོན་མི་གི་ རཱང་(ཚོན་)་དང་ང་བཅས་ནཱ་གི་སྦེ་ ཟངས་ཚོན་ཕྱེ་དང་ ཏེ་ ས་ཚོན་ཕྱེ་འདི་ སླ་བསྲེ་རྐྱབ་འབད་ འ་ནཱི་སྦེ་བཏང་དོ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    དང་ཕུ་གི་ལྷ་ཁང་གི་ ལྡེབས་རི་དང་ འདི་ཚུ་ལུ་འདི་ ཀོ་སྤྱིན་སླ་བསྲེ་སྟེ།
  • དབུ་འཛིན་འོགམ་
    ཧེ་མ་འདི་དེ་ ཀོ་སྤྱིན་འདི་རང་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ཏེ་ད་ བར་སྐབས་ཅིག་ལས་ ཏེ་ ཡུདཔ་ཅིག་ལས་ ཏེ་ ང་བཅས་འ་ནཱི་ ཤིང་སྤྱིན་འདི་ཡང་ འ་་་ གཏང་ནི་གི་སྲོལ་ཅིག་དར་ཡི་ལགས་ ཤིང་སྤྱིན་འ་ནཱི་ང་བཅས་བཟོ་འདི་ཚུ་གིས་ ལག་ལེན་འཐབ་མི་ Fevicol ཕི་བི་ཀོལ་ འ་ནཱི་ཤིང་སྤྱིན་འདི་ ལག་ལེན་འཐབ་ འ་ནཱི་གི་ཡང་བཏང་ཡི་ལགས་ བར་སྐབས་ཅིག་ལས་ ད་ ད་རེས་ནངས་པ་ ད་ ཤུགས་ཆེ་ཤོས་རང་འ་ནཱི་ཡར་སོང་ཡི་ འགྱིབ་ཚོན་འདི་ཡར་སོང་ཡི་ལགས།
  • དབུ་འཛིན་འོགམ་
    མ་པ་འ་ནཱི་ གོ་རིམ་སྦེ་ཞུ་བ་ཅིན་ འ་ནཱི་ འ་ནཱི་བཟུམ་ཅིག་འབད་བ་ཅིན་ཏེ་ མཐུན་པ་སྤུན་བཞི་ལགས་ མཐུན་པ་སྤུན་བཞི་ཟེར་ དེ་ལས་ འ་ནཱི་འདི་ ཚེ་རིང་ཚེ་རིང་རྣམ་དྲུག་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཚེ་རིང་རྣམ་དྲུག་དང་ ཚེ་རིང་དྲུག་སྐོར་འདི་ ཅོག་རང་འཐདཔ་ཨིན་ན་ལགས?
  • དབུ་འཛིན་འོགམ་
    ཅོག་རང་འཐད་ལགས་ མ་པ་འ་ནཱི་ ལ་ལུ་ཅིག་གིས་ དྲུག་སྐོར་ཟེར་ཞུཝ་མས་ ལ་ལུ་གཅིག་གིས་རྣམ་དྲུག་ཟེར་སླབ་མས་ མ་པ་འདི་ནང་ལུ་ ཚང་དགོཔ་འདི་ད་ མི་ཚེ་རིང་དང་ དེ་ལསནི་ ཏེ་ རི་དྭགས་ཚེ་རིང་ དེ་ལསནི་ཏེ་ ཆུ་ཚེ་རིང་ བྲག་ཚེ་རིང་ བྱ་ཚེ་རིང་ ཤིང་ཚེ་རིང་ཟེར་ འ་ནཱི་གི་སྐོར་ དྲང་སྲོང་ཚེ་རིང་ཁོ་ར་སྦེ་འབདཝ་ད་ ཡུདཔ་ཅིག་ ཁོང་དྲུགཔོ་འདི་ཚང་དགོཔ་ཨིན་ལགས།
  • དབུ་འཛིན་འོགམ་
    དེ་ལས་ འ་ནཱི་བཟུམ་ཅིག་འབད་བ་ཅིན་ ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ད་ འ་ནཱི་དཀྱིལ་འཁོར་འདི་ ཏེ་ མ་པ་ཁོང་རང་གི་ རྩ་གཞུང་ རྩ་གཞུང་ནང་ལུ་ཡང་ འ་ནཱི་དཀྱིལ་འཁོར་ལྷབ་དགོཔ་ཡོདཔ་ཨིན་ལགས་ཁོང་རང་ ད་ ནཱ་ལུ་འབད་བའི་བསྒང་ལས་ཁོང་གི་ འ་ནཱི་རྩ་གཞུང་ནང་ལུ་ ངོ་མ་རང་ ཕུར་པ་ དེ་ལསནི་ཏེ་ བདེ་མཆོག་ དེ་ལས་ཏེ་ དཀྱིལ་འཁོར་ འ་ནེམ་ཅིག་ ལྷབ་དགོཔ་ཡོད་ལགས་ཁོང་གིས་ལགས་ དུས་ཅི་ལོ་གཅིག་གི་ནང་།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་
  • ཌོག་ཊར་ཀརྨ་ཕུན་ཚོགས་
    བདེ་མཆོག་དང་ཕུར་པ་བཞེངས་ནི་དང་ དཀྱིལ་འཁོར་བཞེངས་ནི་འབདཝ་ད་ དཀྱིལ་འཁོར་མི་འཇམ་ག་ལགས་ ཐིག་ཕྲང་ཏང་ཏ་ཙམ་ མང་སུ་ཅིག་སྦེ?
  • དབུ་འཛིན་འོགམ་
    མ་པ་ ཨིན་པས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    དཀྱིལ་འཁོར་གྱི་ རིགས་མ་འདྲཝ་དག་པ་ཅིག་རང་ སྦྱང་བ་འབད་ནི་ཡོདཔ་འོང་ལགས་ དཀྱིལ་འཁོར་འདི་ ཚེ་དཔག་མེད་ཀྱི་ དཀྱིལ་འཁོར་རྐྱངམ་གཅིག་བཞེངས་འབད་སྦེ་ དེ་ལས་ གཞན་མི་རིགས་འབྲེལ་བཏངམ་ཨིན་ན?
  • དབུ་འཛིན་འོགམ་
    ད་ ང་བཅས་ནཱ་ལུ་ད་ འ་ནཱི་བདེ་མཆོག་དང་ དེ་ལསནི་ཏེ་ ཕུར་པ་འདི་ཚུ་ལྷབ་དགོ་ནི་འདི་གིས་ ད་ དཀྱིལ་འཁོར་འདི་ གཞན་འདི་ལྷབ་མི་ཚུགས་པས་ལགས་ འ་ནཱི་གཅིགཔོ་འདི་རང་ལྷབ་འབད་སྦེ་ ཏེ་ ཧ་ལམ་ཅིག་ འ་ནཱི་གི་རིགས་འབྲེལ་ཡར་མྱོང་མས་བ་ལགས་ རིགས་འབྲེལ་འགྱོ་འབད་སྦེ་ ད་ འདི་ནང་ལུ་ སོར་དགོཔ་རང་ཟེར་རུང་ འ་ནཱི་ སྟག་འབག་(?)འདི་ཚུ་རྐྱངམ་གཅིག་ཨིན་མས་བ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    སྟག་འབགཔ་བརྒྱད་མ་ལོ་ དགུ་མ་མ་ལོ་ཟེར་ འ་ནཱི་སྦེ་བཀལ་འགྱོ་ནི་ཅིག་རང་ཨིན་མས་བ་ལགས་ མ་པ་ད་ གཞན་མི་ཚུ་ཆ་མཉམ་ ཏེ་ སྤྱིར་བཏང་ ཏེ་ ཡུདཔ་ཅིག་ ཅོག་འཐདཔ་སྦེ་རང་ཨིན་མས་བ་ལགས་ དཔེར་ན་ འ་ནཱི་བཟུམ་ཅིག་འབད་བ་ཅིན་ འ་ནཱ་ལུ་ འ་ནཱི་ཚེ་དཔག་མེད་ཨིན་མས་ ཚེ་དཔག་མེད་མེན་པ་འབད་ དགོངས་འདུས་བཟུམ་ཅིག་བཟོ་དགོ་བ་ཅིན་ ཏེ་ འ་ནཱི་སྦུག་གི་པད་མ་འདི་བཞག་ཞིནམ་ལས་ འ་ནཱི་དཔྱ་དགུ་ལུ་བགོ་བཤའ་རྐྱབ་འབད་སྦེ།
  • དབུ་འཛིན་འོགམ་
    ཏེ་ དགོངས་འདུས་ལུ་འགྱུར་བཏང་ འ་ནཱི་སྦེ་ག་ར་ འ་་་ ནང་ན་གི་འདི་རྐྱངམ་གཅིག་འགྱུར་ཡི་འགྱུར་ཡི་མ་གཏོགས་གཅིགཔོ་ ཏེ་ ཕྱིའི་སྤྱིར་བཏང་ག་ར་ རྩིག་པ་དོན་དམ་ཕ་བུ་བཀྲ་ཤིས་ ཤེས་རབ་ཀྱི་མདའ་ཡབ་ཚུན་ཚོད་འདི་ག་ར་ ཅོག་འཐདཔ་འོང་དགོ་ནི་འདི་གིས་ གཅིག་གི་རང་འགབ་འགྱོ་བཏུབ་པས་བ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཐིག་ཚད་ ཐིག་ཚད་དང་ ལྷ་ཚོགས་ཀྱི་འདི་ཚུ་ནཱ་ རྩ་གཞུང་ནང་ལུ་རང་ དཀྱིལ་འཁོར་གྱི་ གཞུང་འདི་ཚུ་ནང་ལས་ཚུར་ མ་འདྲཝ་མ་འདྲཝ་བཏོན་ཡོདཔ་སྨོ་ ཤུལ་ལས་ཁོང་རང་ད་ ཕར་སྦྱིན་བདག་འདི་ཚུ་གིས་ བཞེངས་པར་ཤོག་ཟེརཝ་ད་ ཁོ་རང་གིས་མཇལ་སྦེ་ བཞེངསམ་ཨིན་ན་ ག་དེ་སྦེ་ཨིན་ན་ལགས?
  • དབུ་འཛིན་འོགམ་
    ད་ ང་བཅས་ནཱ་ལུ་འདི་དེ་ འ་ནཱི་ ཚེ་དཔག་ ཚེ་དཔག་མེད་ཀྱི་འདི་རང་ཨིན་ལགས་ ཏེ་ དེ་འབདཝ་ད་ ད་འ་ནཱི་འདི་ ད་ ད་ལྟོ་ནཱ་ལས་གསུངས་དོ་བཟུམ་སྦེ་ ད་ ཕར་ས་གོ་ནང་ལུ་ ག་དགོ་མི་དང་འཁྲིལ་ཏེ་རང་ ནེམ་འབད་དོ་ལགས་ ཏེ་ མ་པ་འ་ནཱི་ འ་་་ ཐིག་ཚད་འདིནི་ ག་ར་ཅོག་རང་འཐད་ལགས་མ་པ་ ཆེ་ཆེན་དང་ཆེ་ཆུང་གི་སྦེ་ ག་ར་བསྐོར་ར་རྐྱབ་འགྱོ་སྟེ་གིས་སྦེ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    དཔེ་འབད་བ་ཅིན་ འདི་ནང་མེ་རི་ མིན་འདུག་བ་ཏེ་སྨོ་ལགས་ ང་བཅས་ནཱ?
  • དབུ་འཛིན་འོགམ་
    ཨ་ནཱི་ ཨ་ནཱི་མེ་རི།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    མེ་ཁུང་ཨིན་ན?
  • དབུ་འཛིན་འོགམ་
    ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    འེང་འེང་ ལགས་སོ་ལགས་སོ།
  • དབུ་འཛིན་འོགམ་
    ཏེ་ ད་ལྟོ་ འ་ནཱི་སྦེ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ཚོན་རྐྱངམ་གཅིག་བཏང་བཞག་སྦེ།
  • དབུ་འཛིན་འོགམ་
    ད་ ལྟ་མ་འདི་གུ་ལུ་ ཏེ་ད་ གནངམ་ཨིན་ལགས་ འདི་གུ་ལུ་ལགས་ མེ་རི་གི་རི་མོ་འབྲི་དགོ་བ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ནཱ་ བློས་བློངས་སྦེ་བཞེངས་ནི་གི་ སྦྱང་བ་མིན་འདུག་སྨོ?
  • དབུ་འཛིན་འོགམ་
    སྦྱང་བ་མེད་ལགས་ སྲོལ་མེད་ལགས།
  • དབུ་འཛིན་འོགམ་
    ད་ བློས་བླངས་ཀྱི་འདི་ སྦྱང་བ་འབད་དགོ་པ་ཅིན་ དེ་ལས་ ང་བཅས་ཀྱི་ ཅ་ཆས་རང་མཁོ་སྒྲུབ་འབད་མི་ཚུགས་པས་བ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ཧེ་ཧེ་་་ འདི་ནང་ལུ་ བཟོཝ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཤིང་བཟོ་བཙུགས་དགོ་ནི་མས་སྨོ་ལགས?
  • དབུ་འཛིན་འོགམ་
    ཆ་མཉམ་ འཇིམ་བཟོ་ ལྷ་བྲིས་ དེ་ལས་ ཡུདཔ་ཅིག་ བཟོ་རིག་བཅུ་གསུམ་ཆ་མཉམ་རང་ཚང་དགོ་པས་ལགས་ སྤྲོས་བཟོ་ལས་འགོ་བཙུགས་ཏེ་ཆ་མཉམ་ འ་ནཱི་བློས་བླངས་གུ་ལྷོད་པའི་བསྒང་ལས་འདི་དེ་ ད་ ང་བཅས་ར་ འ་ནཱི་ བཟོ་རིག་ཆ་མཉམ་ གཅིག་ཁར་བསྡོམས་ཏེ་གིས་སྦེ་ འབད་དགོ་པའི་ལཱ་ཅིག་ཨིན་མས་བ་ལགས་ དེ་བསྒང་ལས་ ཤིང་བཟོ་ལས་འགོ་བཙུགས་ཏེ་གིས་སྦེ་ ཆ་མཉམ་ཚང་དགོ་པས་དེ་ནང་ལུ།
  • དབུ་འཛིན་འོགམ་
    འ་ནཱ་བཟུམ་ཅིག་འབད་བ་ཅིན་ ང་བཅས་ར་འ་ནཱི་ ང་བཅས་ར་གི་རང་ལུགས་ཀྱི་ གྲྭ་ལྷམ་གྱི་ སྦྱོང་བརྡར་འདི་ཨིན་ལགས་ ད་ འ་ནཱི་འདི་ཁོང་གི་ འ་་་ ཟླཝ་དྲུག་གི་རིང་ལུ་ སློབ་སྦྱོང་འབདཝ་ཨིན་ལགས་ གྲྭ་ལྷམ་གཉིསཔོ་འདི་ལགས་ འ་ནཱི་འདི་ཚུ་ག་ར་ གོ་ལ་ཨིན་པས་ལགས་ ཏེ་ ཐོབ་ཐངས་དང་འཁྲིལ་ཏེ་ ད་ ང་བཅས་ར་གི་ ཡར་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ལས་སྦེ་འགོ་བཙུགས་ འེ།
  • དབུ་འཛིན་འོགམ་
    བཙུགས་ཏེ་གིས་སྦེ་ ཏེ་ བློན་པོ་ལྷན་རྒྱས་དང་ དེ་ལསནི་ ང་བཅས་ར་གི་དྲུང་ཆེན་ དེ་ལསནི་ གཉིས་སྐལམ་འདི་ཚུ་གི་ ཐོབ་ཐངས་ལས་འགོ་བཙུགས་ཏེ་གིས་སྦེ་ ཆ་མཉམ་འ་ནཱི་སྦེ་འབདཝ་ད་ ཧེ་མ་རང་འ་ནཱི་ དྲ་ཐངས་འདི་ཚུ་ག་ར་འ་ནཱི་སྦེ་ཡོད་བ་ བྱ་རིམ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    གྲྭ་ལྷམ་ཟེར་མི་འདི་ ཧེ་མ་གྲྭ་ཚང་ གྲྭཔ་འདི་ཚུ་གིས་ ལྷམ་སྦེ་ཨིན་ན་ལགས་ གྲྭ་གོ་བཟུམ་རྐྱབ་སྦེ?
  • དབུ་འཛིན་འོགམ་
    ཨིན་པས་ལགས་ འ་ནེམ་ཅིག་ ད་ག་ཅིསྨོ་ཟེར་བ་ཅིན་ ག་ར་ཕར་གྲྭ་ཚང་ལས་ཚུར་སྦེ་ དར་དརཝ་འབད་ནི་དེ་གིས།
  • སློབ་སྟོན་པ་
    ཚོས་གཞི་ དང་པ་རང་འ་ནཱི་ དབྱུག་པ་(?)འདི་ཨིན་ལགས་ དབྱུག་པ་འདི་ ང་བཅས་ཚོས་གཞི་འདི་ གནགཔོ་ ཧོནམོ་འ་ནཱི་ཚུ་བཏངམ་ཨིན་ལགས་ དེ་ལས་ འ་ནཱི་འབད་བ་ཅིན་ སྦྱིམ་ཅུང་(?)ཟེར་མི་འདི་ ང་བཅས་ཀྱི་སྦྱིམ་ཅུང་ཟེར་མི་འདི་ དེ་ལས་ འ་ནཱ་ལས་འདི་ གདུང་ལགས་ དེ་ལས་ ང་བཅས་ཐོབ་ཐངས་འདི་ ག་ར་འ་ནེམ་ཅིག་ཨིན་ལགས་ བུན་(?)འདི་གུ་ ཚོས་གཞི་འ་ནཱི་འདི་ཚུ་ཡང་ ང་བཅས་ཀྱི་འ་ནཱི།
  • སློབ་སྟོན་པ་
    མི་སེར་འཐུས་དཔོན་འདི་ཚུ་ལུ་ཨིན་ལགས་ ཚོས་གཞི་ འཇའ་ཚོན་(?)འདི་ ག་གིས་ཡང་བཙུགས་འོང་ལགས་ དེ་ལས་ ཧོནམོ་ འ་ནཱི་ལྗང་ཁ་འདི་འབད་བ་ཅིན་ ང་བཅས་སྤྱིར་བཏང་ག་ར་ལུ་བཟོ་འོང་ལགས་ ཏེ་ དམརཔོ་འདི་ཚུ་ Director མདོ་ཆེན་གྱི་གོ་གནས་ལས་ Secretary དྲུང་ཆེན་འདི་ཚུ་ཨིན་མས་ལགས་ དེ་ལས་ དེམ་བློན་པོ་ལུ་འབད་བ་ཅིན་ orange ལི་ཝང་བཏངམ་ཨིན་ལགས་ ལི་ཝང་འདི་ དེ་ལས་ ང་བཅས་ཀྱི་ ཏེ་ དཔོན་དང་རྗེ་འདི་འབད་བ་ཅིན་སེརཔོ་ ཚོས་གཞི་སེརཔོ་བཏངམ་ཨིན་ལགས།
  • སློབ་སྟོན་པ་
    ཏེ་ རས་དཀར་ཅུང་འདི་ ཅོག་རང་འཐདཔ་སྦེ་ དཀརཔོ་རང་བཏང་དགོ་ལགས་ ཏེ་ ད་ འ་ནཱི་འདི་ཚུ་བཟོ་ རས་དཀརཔོ་འདི་དཔོན་གྱི་འབད་བ་ཅིན་ སེརཔོ་དང་དམརཔོ་ ཁོ་རའི་ཐུགས་ཀྱི་ དགོངས་བཞེད་དང་འཁྲིལ་ཏེ་གིས་སྦེ་ དེ་སྦེ་ཨིན་ཟེར་ཞུ་ནི་ལགས་ དེ་ལས་ འ་ནཱི་འདི་ཀོཝ་ ཏེ་ ང་བཅས་ གླང་གི་ལྷ་པ་བཟུམ་ཅིག་སྦེ་ སྤར་བཏོན་ཏེ་བཟོ་བཟོཝ་ཨིན་མས་ལགས་ ང་བཅས་སེམས་ཅན་ ཡོད་པའི་ནང་ལས་ གླང་གི་ལྷ་པ་བཟུམ་ཅིག་སྦེ་ བཟོ་བཟོཝ་ཨིན་མས་ཟེར་ ཞུ་ནི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་ འ་ནཱི་ལོགས་སུ་ དགོཔ་ཨིན་ན་ལགས?
  • དབུ་འཛིན་འོགམ་
    འ་ནཱི་དཀར་ཅུང་ལགས།
  • སློབ་སྟོན་པ་
    རས་དེ་དཀར་ཅུང་།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    འ་ནཱི་འདི?
  • སྦིམ་ཨིན་ལགས།
  • དབུ་འཛིན་འོགམ་
    བུན།
  • སློབ་སྟོན་པ་
    འོང་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    བུན་ཟེར་ཨིན་ན་ལགས?
  • སློབ་སྟོན་པ་
    བུན།
  • དབུ་འཛིན་འོགམ་
    འ་ནཱི་འདི་ དབྱུག་པ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཨོང་ལགས།
  • དབུ་འཛིན་འོགམ་
    ཏེ་ དབྱུག་པ་འདི་ ཚོས་གཞི་འདི།
  • སློབ་སྟོན་པ་
    གནགཔོ་དང་ཧོནམོ།
  • དབུ་འཛིན་འོགམ་
    གནགཔོ་དང་ཧོནམ་འདི་རང་ཨིན་པས་སྨོ?
  • སློབ་སྟོན་པ་
    ཏེ་ ང་བཅས་ཀྱི་ དགེ་སློང་འདི་ཚུ་འབད་བ་ཅིན་ སྨུགཔོ་བཏང་མས་ལགས།
  • དབུ་འཛིན་འོགམ་
    བཀྱག་སྨུགཔོ།
  • སློབ་སྟོན་པ་
    མཇག་སྨུགཔོ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཏེ་ དང་ཕུ་འབདན་ མར་འོག་གི་འདི་ ཀོཝ་སྦེ་སྡོད་འོང་སྨོ་ལགས?
  • སློབ་སྟོན་པ་
    ཨིན་ལགས་ དང་ཕུ་གི་འདི་འབད་བ་ཅིན་ ཏེ་ འ་ནཱི་བཟུམ་ཅིག་ཨིན་ལགས།
  • སློབ་སྟོན་པ་
    ཧེ་མ་གི་འདི་འབད་བ་ཅིན་ གཡསཔ་གཡོནམ་ཟེར་མེད་ལགས་ ཧེ་མ་གི་འདི་ འ་ནཱི་སྦེ་ཨིན་ལགས་ ཚེམ་རྐྱབ་མི་འདི་ཚུ་ བར་ན་ཀོཝ་འདི་ཚུ་བཙུགས་ དེ་ལས་ཕྲང་དགོ་ལགས་ འ་ནཱི་ཀོཝ་འདི་གུ་ལས་ ཡར་ཁ་ཤ་འ་ནཱི་གོས་ཆེན་གྱི་བསྒྲིལ་བཀལ་ཏེ་གིས་སྦེ་ གཡས་དང་གཡོན་ཡང་མེད་ལགས།
  • དབུ་འཛིན་འོགམ་
    ཧེ་མ་གི་འདི་ འ་ནཱི་སཱོལ་ (ལྷམ་རྟིངམ)རང་མེད་པ་ཏེ་སྨོ་ལགས?
  • སློབ་སྟོན་པ་
    མེད།
  • དབུ་འཛིན་འོགམ་
    ཨ་ཕར་ ཨ་ཕི་བཟུམ་སྦེ་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་ལགས་སོ།
  • སློབ་སྟོན་པ་
    གཡུས་ལྷམ་འདི་ འ་ནཱི་ཨིན་པས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ་ གཡུས་ལྷམ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཨ་ཕི་གྱི་ ཡན་ལག་ཚུ་གསུངས་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ལགས།
  • སློབ་སྟོན་པ་
    གཡུས་ལྷམ་ གཡུས་ལྷམ་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཀོཝ་ལྷམ་ཟེར་ཡང་ སླབ་མེན་ན་ལགས་ དེ་ལས་ གཡུས་ལྷམ་ཟེར?
  • སློབ་སྟོན་པ་
    གཡུས་ལྷམ་ཟེར་རང་སླབ་འོང་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ད་ འ་ནཱི་ ཏེ་ ཅོག་རང་འཐད་པས་སྨོ་ཤིག་ལགས་ དབྱུག་པ་ སྦྱིམ་ཅུ་ དེ་ལས་ཏེ་ བུན་ རས་དཀར་ཅུང་འདི་ཀོཝ་གི་འཁྱབ་སྦེ།
  • སློབ་སྟོན་པ་
    ཐིག་སྦེ་སླབ་མས་ལགས་ ཐིག་ ཀོཝ་བཏབ་ས་ཟེར་ཡང་སླབ་མས་ལགས་ཐིག།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    གཅིག་ཟེར་ཡ?
  • སློབ་སྟོན་པ་
    ཐིག་ ཐིག་ཟེར་སླབ་མས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཐིག་ ལགས་སོ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཏེ་ ད་ དེ་ལས་ འདི་བཞེསཔ་ད་ལུ་ ལྷམ་ཐག་འདི་ཡོད་བ་སྨོ་ལགས? ལྷམ་ཇོ་(?)་རས།
  • ཌོག་ཊར་ཀརྨ་ཕུན་ཚོགས་/Dr. Karma Phuntsho:
  • སློབ་སྟོན་པ་
    ལྷམ་བཅིང་ཟེར་ཡང་སླབ་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལྷམ་བཅིང་ཟེར་ཡང་སླབ་མས་སྨོ་ལགས?
  • བསོད་ནམས་ཆོས་འཕེལ་/Sonam Choephel: འ་ནཱི་འདི་ ལ་གོང་གསུམ་གྱི་ མི་ཚུ་གིས་བཙུགས་མས་སྨོ་ལགས?
  • སློབ་སྟོན་པ་
    ཨིན་མས་ ལ་གོང་གསུམ་ ང་བཅས་ནཱ་ དེ་ བསྒང་མི་ ཕྱུགཔོ་འདི་ཚུ་གིས་ ལ་ལོ་ཚུ་བཙུགས་ནི་འདུག་ལགས་ ནི་ཤུ་ཟེར་མེན་པར།
  • དབུ་འཛིན་འོགམ་
    དང་ཕུ་འབད་བ་ཅིན་ འ་ནཱི་རང་ཨིན་མས་བ་ལགས་ ཡུདཔ་ཅིག་ལས་ ང་བཅས་ར་ འགྱུར་བ་དང་བསྟུན་ཏེ་གིས་སྦེ་ ཏེ་ ད་ ཨ་ཙི་ཅིག་འགྱུར་བཅོས་ ལེགས་བཅོས་འབད་ཡི་འབད་ཡི་འབད་ ད་ འ་ནཱི་གུ་ལྷོད་སོངམ་ཨིནམ་མེན་ན་སྨོ་ལགས།
  • སློབ་སྟོན་པ་
    ཨིན་པས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཨ་ནཱི་བཟོ་ནི་གི་ ཅ་ཆས་འདི་ཚུ་ནཱ་ཡོདཔ་འོང་ལགས་ མེད་བུ་ལགས?
  • སློབ་སྟོན་པ་
    མེད་ལགས་ འ་ནཱི་འདི་མེད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཧེ་ཧེ་་་ ལགས་སོ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    དེནི་ ནཱ་གྲྭ་ལྷམ་གུ་ལྷོདཔ་ད་འདི་ ནང་ན་བཙུགས་ནི་གི་ཤིང་འདི་ མི་དགོ་ནི་མས་བ་ཏེ་སྨོ་ལགས་ཁོ་ར།
  • སློབ་སྟོན་པ་
    མི་དགོ་ལགས་ འ་ནཱི་འདི་གི་ ཕཱེནམ་༼དབྱིབས༽ཟེར་མི་ དེམ་ཅིག་ཡོད་ལགས་ འགྱིབ་ཀྱི་སྦེ་ དེམ་སྦེ་བཟོ་བཟོཝ་ཅིག་ཡོད་ལགས་འགྱིབ་ཀྱི་སྦེ།
  • དབུ་འཛིན་འོགམ་
    རྐངམ་ཁོ་ར་གི།
  • སློབ་སྟོན་པ་
    འོང་ལགས་ པར་དང་འཁྲིལ་ཏེ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    མི་གཅིག་གིས་ ག་དེམ་ཅིག་འགོར་འོང་ལགས་ འ་ནཱི་བཟོ་ནི།
  • སློབ་སྟོན་པ་
    ད་ ང་བཅས་ར་འ་ནཱི་ བཙོང་ནི་ད་རེས་མར་ ནངས་པ་འདི་མར་ལས་ ཐིག་ ད་ སོར་ཟེར་ཡང་སླབ་མས་ ཐིག་ཟེར་ཡང་སླབ་མས་ ད་འ་ནཱི་མར་ལས་ ང་བཅས་ར་ རས་འ་ནཱི་ག་ལོ་ སྦྱར་ཆོགཔ་སྦེ་ཉོ་ནི་འབད་བ་ཅིན།
  • སློབ་སྟོན་པ་
    ཉིནམ་གཉིས་ནང་སྐོར་ཆ་གཅིག་ཐོབ་ལགས་ ཉིནམ་གཉིས་དང་གསུམ་གྱི་ནང་སྐོར་ཐོབ་ལགས་ཆ་གཅིག་ དེ་ལས་ འ་ནཱི་ང་བཅས་ར་ལག་པ་གིས་ ཧེ་མ་གི་བཟུམ་སྦེ་ བཙེམ་པ་ཅིན་ འ་ནཱི་བཟུམ་སྦེ་ བཙེམ་པ་ཅིན་ ཉིནམ་ལྔ་དྲུག་བདུན་འདི་ འགོར་རང་འགོར་བའི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • སློབ་སྟོན་པ་
    འ་ནེམ་ཅིག་འགོར་རང་འགོར་བའི་ལགས་དེ་བསྒང་།
  • དབུ་འཛིན་འོགམ་
    ལག་ཚེམ?
  • སློབ་སྟོན་པ་
    འོང་ལགས་ ག་ར་ལག་ཚེམ་རྐྱབ་དགོ་ལགས་ འ་ནཱི།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    བཙེམ་བཟོ་ཟེར་ བཙེམ་བཟོ་ལོ་རིམ་དང་པ་དང་ གཉིས་པ་ལགས་ཟེར་འབྱུང་ཡི་ལགས་ ད་ འ་ནཱ་ལུ་ ད་ དེ་ནང་ལུ་ང་བཅས་ར་གི་ རྒྱན་ཆས་ རྒྱན་ཆས་འདི་ཚུ་ སྦྱང་བ་འབད་བའི་ལགས་ཁོང་གིས།
  • དབུ་འཛིན་འོགམ་
    ད་ སྦྱང་བ་འབདཝ་ད་ལུ་ ཧེ་མ་རང་མར་ འོན་ཇུ་ལས་སྦེ་ འགོ་བཙུགས་ཏེ་གིས་སྦེ་ ཨ་ཙི་ཅིག་འོན་ཇུ་འདི་འཇམ་པས་བ་ལགས་ འོན་ཇུ་ཧེ་མ་རང་འོན་ཇུ་བཙེམ་ དེ་ལས་ འོན་ཇུ་གི་རྟིང་བདའ་སྟེ་ དེ་ལས་ སྟོད་གོ་བཙེམ།
  • དབུ་འཛིན་འོགམ་
    དེ་ལསནི་ ང་བཅས་ར་ ཨམ་སྲུ་གི་ དཀྱི་ར་འདི་ཚུ་བཙེམ་ དེ་ལས་འབདན་ཏེ་ མཇུག་ར་ དེ་ལས་ ཁོང་གིས་ ང་བཅས་ར་ ཕོ་སྐྱེས་ཀྱི་གོ་འདི་ཚུ་བཙེམ་འབད་སྦེ་ ཁོང་གིས་ ནཱ་བཙེམ་བཟོ་ནང་ལུ་འདི་ སྦྱོང་བརྡར་འ་ནེམ་ཅིག་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    བཙེམ་ནི་དང་ དྲ་ནི་འབདཝ་ད་ལུ་ ག་འདི་ཧེ་མ་འབདཝ་ཨིན་ན་ དྲ་ནི་འདི་ཧེ་མ་ལྷབ་དགོ་འོང་?
  • དབུ་འཛིན་འོགམ་
    ཨིན་པས་ལགས་ ད་ ད་ནཱ་ལུ་འབད་བ་ཅིན་རོགས་ ཧེ་མ་རང་ སློབ་དཔོན་གྱི་ཁ་ཐུགས་ལས་འ་ནཱི་ ནང་སྦྱོང་གི་ཐོག་ལུ་སྦེ་ གནང་ནི་འདུག་ལགས།
  • དབུ་འཛིན་འོགམ་
    ཧེ་མ་རང་ང་བཅས་ དྲཝ་ད་ལུ་ འ་ནཱི་སྦེ་དྲ་དགོ་ཟེར་ ད་ འོན་ཇུ་བཟུམ་ཅིག་ཨིན་པ་ཅིན་ ཏེ་ དྲ་ཐངས་འ་ནཱི་སྦེ་ཨིན་ འ་ནཱི་སྦེ་ཨིན་ཟེར་ ཧེ་མ་དྲ་ཐངས་སྟོན་ དེ་ལས་ བཙེམ་ཐངས་སྟོན་ དེ་ལསནི་ འོན་ཇུ་འདི་ཚུ་ཡུདཔ་ཅིག་ ཉུང་མཐའ་ཚར་གསུམ་གསུམ་དེ་རེ་འདི།
  • དབུ་འཛིན་འོགམ་
    བཙེམ་ཅི་རང་ལོག་ཕྱལ་ བཙེམ་ཅི་རང་ལོག་ཕྱལ་ བཙེམ་བཅུག་འབད་སྦེ་ འ་ནཱི་སྦྱང་བ་མ་ཚུད་ཚོུན་ཚོད་ འ་ནཱི་སྦེ་སྦྱང་བ་འབད་བཅུགཔ་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ད་ སྦྱང་བ་གི་དོན་དག་ལས་ ཁ་ཤ་དང་ གོ་ལ་འདི་ཚུ་ཨ་ཙི་ཅིག་ བོར་དྲག་དགོ་ནི་ཨིན་མས་སྨོ་ལགས?
  • དབུ་འཛིན་འོགམ་
    དགོ་པས་ལགས་ ད་ འ་ནཱི་ ང་བཅས་ནཱ་ལུ་ ད་ འ་ནཱི་ མ་དངུལ་འདི་ ཤུགས་ཆེ་ཤོས་རང་ འ་ནཱི་ང་བཅས་ འ་་་ ཚེམ་གྱི་སྡེ་ཚན་ནང་འགྱོ་བའི་ལགས་ ང་བཅས་ཡར་ལས་ ད་ གཞུང་གི་འཆར་དངུལ་དེ་ནང་ལས་ཡུདཔ་ཅིག་ དཔྱ་བགོ་རྐྱབ་པ་ཅིན་ཡུདཔ་ཅིག་ འ་་་ ཧ་ལམ་ དཔྱ་གསུམ་གུ་རྐྱབ་པ་ཅིན་ ཡུདཔ་ཅིག་དཔྱ་གཅིག་དེ་ཅིག་འདི་ འ་ནཱི་ཚེམ་ནང་རང་འགྱོཝ་མས།
  • དབུ་འཛིན་འོགམ་
    ག་ཅིསྨོ་ཟེར་བ་ཅིན་ ག་ར་རྒྱུ་ཆ་ཉོ་དགོཔ་ཙང་ཙ་སྦེ་ནི་འདི་གིས་ ཏེ་ ཡུདཔ་ཅིག་ལས་ཧ་ལམ་ ཏེ་ ཁོ་ར་སྦྱང་བ་ཚུད་ཚར་ ཧ་ལམ་ཅིག་འབད་བའི་བསྒང་ལས་ ཁོང་གིས་ཡང་འ་ནཱི་ ཁོང་རང་གི་ནཱ་ སློབ་ཁང་ནང་གི་འཐོན་གྲོལ་འདི་ང་བཅས་ ང་བཅས་ར་གིས་ འ་ནཱི་སྤེལ་ཁང་གི་འ་ནཱི་ འགྲེམ་སྟོན་ཁང་གཅིག་ཡོདཔ་ཨིན་ལགས་ འ་ནཱ་ལུ་བསྐྱེལ་བཞག་འབདཝ་ད་ལུ་ ཏེ་ རྒྱུ་ཆ་འདི་ཚུ་ཡང་ ཨ་ཙི་ཅིག
  • དབུ་འཛིན་འོགམ་
    གོས་ཆེན་ཧ་ལམ་ སྤུས་ཚད་ལེགས་ཤོམ་ཙམ་ཅིག་ བཙེམ་བཅུག་འབད་སྦེ་ ང་བཅས་ཡར་འགྲེམ་སྟོན་ཁང་ནང་བཞག་སྦེ་འབདཝ་ད་ལུ་ ཏེ་ འ་ནཱ་ལུ་ཨ་ཙི་ཅིག་འགྱོཝ་མས་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    དེ་ལསནི་ མ་པ་འདི་དང་འཁྲིལ་འཁྲིལ་བའི་འོང་འབབ་ཡང་ ཨ་ཙི་རེ་འོང་དོ་མས་སྨོ་ལགས?
  • དབུ་འཛིན་འོགམ་
    འོང་འབབ་ཡང་ ད་ ཧ་ལམ་ཅིག་ ད་ འ་་་བརྒྱ་ཆ་ལས་བརྒྱ་ལོག་མ་ཚུགས་རུང་ ཡུདཔ་ཅིག་ ཏེ་ དཔྱ་བཞི་དེ་ཅིག་འགྱོ་བ་ཅིན་ དཔྱ་གསུམ་དེ་ཅིག་ད་ དཔྱ་གཉིས་དེ་ཅིག་གི་བརྩི་འདི་ ལོག་ལོག་པའི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ད་ སྦྱང་བ་འགོ་དང་འགོ་ལས་རང་ ཆ་མཉམ་འཕྲུལ་ཚེམ་གུ་སྦེ་རང་གནང་སྨོ་ དོ་རུང་ ལགཔ་གིས་ཡང་ ཨ་ཙི་རེ་གནང་ནི་ཡོདཔ་ཨིན་ན?
  • དབུ་འཛིན་འོགམ་
    ད་ལགཔ་གིས་འདི་ འབད་ནི་མེད་ལགས་ ང་བཅས་ནཱ་ལུ་ ཕྲང་ཕྲང་རང་འཕྲུལ་ཚེམ་འདི་རང་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    གློག་མེ་གུ་བཀལ་བཀལ་བའི་གི་ motor (མོ་ཀྲར་) འཕྲུལ་ཨམ་འོང་མས་བ་ཏེ་སྨོ་ལགས?
  • སློབ་སྟོན་པ་
    མོ་ཀྲར་གུ་འབད་ནི་ཡོད་ལགས།
  • དབུ་འཛིན་འོགམ་
    མོ་ཀྲར་བཙུགས་བཙུགསཔ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ནཱ་ཡོད་ག་ལགས?
  • དབུ་འཛིན་འོགམ་
    ནཱ་ལུ་ཡོད་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    སྦྱང་བ་གཅིག་འདི་ འབད་བཅུག་དགོ་ནི་ཨིན་མས་བ་ཏེ་ལགས་ ཁོང་ཕུད་རྡོག་རེ་རེ་གཉིས་གཉིས་བཞག་སྦེ།
  • སློབ་སྟོན་པ་
    འ་ནཱ་ལུ་གཅིག་འབད་ཅིག་འདུག་བ།
  • འ་ནཱ་ འཕྲུལ་ཆས་ཀྱི།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ལགས་སོ།
  • དབུ་འཛིན་འོགམ་
    ད་ ད་རེས་ནངས་པ་ ད་ ནཱ་ལས་མཐར་ ནཱ་ལུ་འབདཝ་ད་ ང་བཅས་ཀྱི་ རེ་རེ་ལུ་ རེ་རེ་སྤྲོད་མི་ཚུགས་པས་བ་ལགས་ མོ་ཀྲར་གྱི་འདི་ ཨིན་རུང་གཅིག་གཉིས་དེ་ཅིག་བཞག་སྦེ་ འདི་གུ་ལུ་ཨ་ཙི་རེ་སྦྱང་བ་བྱིན་དོ།
  • ཌོག་ཊར་ཀརྨ་ཕུན་ཚོགས་
    ཆུང་ཀུ་ཅིག་ཡོད་མེན་ན་ལགས།
  • དབུ་འཛིན་འོགམ་
    མ་པ་ ཨིན་པས་ལགས་ སྤྱིར་བཏང་མ་པ་ང་བཅས་ར་འ་ནཱི་ རྐང་ཁྲ་འདི་རང་འགྱོ་བཏུབ་ཤེས་ཞིནམ་ལས་ ཁོ་ མོ་ཀྲར་གུ་ལྷོདཔ་ད་འདི་དེ་ ལོག་ཁོ་ར་ ཁོ་ར་མར་ས་གོ་ནང་ལྷོདཔ་ད་ སྦྱང་བ་ཚུདཔ་མགྱོགས་པས་ལགས།
  • དབུ་འཛིན་འོགམ་
    འ་ནཱི་རྐང་ཁྲ་གུ་འབད་ད་ ཏེ་ རྐངམ་སྤར་ཡི་རང་ འ་ནཱི་འབད་འབད་ ན་འཐན་སྦྱང་བ་ཚུད་ཚུདཔ་རིང་ལུ་འདི་ ཏེ་ མོ་ཀྲར་གུ་ལྷོདཔ་ད་འདི་ རྐངམ་ཡ་གཅིག་གིས་ ཨེབ་ནི་ག་ནི་ཡང་མེད་ལགས།