Skip to main content Skip to search
10 Feb 2017
9 min 40 sec
Video Overview
Creators: 
Yeshi Wangchuk, Penchela

In this video, the traditional farm house of Wang Sisina located to the south of Thimphu is described by Dechen Wangmo, who is a descendant of the wealthy family that once owned this property. This five-story house was built in accordance with a traditional system of construction. Dechen Wangmo explains the functions of every room in the house. It used to be a residence for rulers and elite families in the past, but today the house has been converted into a museum and is open to locals and outsiders.

 

གློག་བརྙན་འདི་ནང་ལུ་ ཐིམ་ཕུ་རྫོང་ཁག་གི་ལྷོ་ཕྱོགས་ཁ་ཐུག་ལུ་ ཝང་སིང་སི་ན་ཟེར་ས་ལུ་ སྔར་སྲོལ་གྱི་ཞིང་པའི་སྡོད་ཁྱིམ་གྱི་སྐོར་ལས་ བཟའ་ཚན་ཕྱུགཔོ་གཅིག་གིས་ བརྒྱུད་པ་ཨིན་མི་ བདེ་ཆེན་དབང་མོ་གིས་བཤད་དོ་ཡོདཔ་ཨིན། ཨ་ནཱི་ཐོག་ཚད་ལྔ་འབད་མི་ཁྱིམ་འདི་ རང་ལུགས་ཁྱིམ་བཟུམ་སྦེ་རྐྱབ་སྟེ་ཡོདཔ་ཨིན། བདེ་ཆེན་དབང་མོ་གིས་ ཁྱིམ་ནང་ལུ་ཡོད་པའི་ ཁང་མིག་རེ་རེ་གིས་ ལཱ་འབད་ཐངས་ཀྱི་སྐོར་ལས་ རེ་རེ་བཞིན་དུ་སྦེ་བཤད་དོ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ ཁྱིམ་འདི་ འགོ་ཁྲིད་དང་ མི་ཕྱུགཔོ་ཚུ་གིས་སྡོད་ཁྱིམ་ཨིན་མས། ཨིན་རུང་ ད་རེས་ནང་པ་ ཁྱིམ་འདི་ འགྲེམས་སྟོན་ཁང་སྦེ་བཟོ་བཞག་སྟེ་ཡོདཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་ནཱི་ ང་བཅས་ཁྱིམ་ཨ་ནཱི་འདི་ཨ་ནེ་སྦེ་ཐོག་སྦེ་བརྩི་བ་ཅིན་ཐོག་ལྔ་གི་བརྩིས་འདུག་ལགས།ཏེ་ མར་འོག་ འོག་ཐོག་ལས་ཕར་དང་ཕུ་འབདན་རོགས་ནོར་སེམས་ཅན་འདི་ཚུ་བཙུགས་བཞགཔ་མས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨིན་ནི་འདི་ ཨོག་ཀ་ཨིན་ལགས་ནོར་བཙུགས་སུ་ཏེ་ད་ ཨ་ནཱ་ལས་འཛུལཝ་ད་ ཨ་ནཱི་ཧོངས་མཚོ་གཅིག་ཆགས་ཆགསཔ་ཨིན་ཟེར་སླབ་མས་ལགས།ཧེ་མ་ཨ་ནཱི་མཚོའི་ཁར་ལུ་རྐྱབ་རྐྱབ་ཨིན་ཟེར་སླབ་མས་སླབ་མས་བ་ལགས་ ཕམ་ཚུ་གིས་ཏེ་ འདི་དེ་བདེན་ནི་མས་ཟེར་མནོཝ་མས་ལགས་ད་ལྟོ་བར་ན་ལུ་ཡང་ཨ་ནེ་སྦེ་རློན་ཆག་ཆ་སྦེ་རློནམ་སྦེ་ཡོད་ལགས་འ་ནཱི་སྦེ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ ལོ་རེ་ཚར་རེ་ང་བཅས་ཨ་ནཱི་དཀོན་མཆོག་མཆོད་ནི་ཡོད་བ་ལགས་དཀོན་མཆོག་ཡུདཔ་ཅིག་ཁག་བཅུ་བཞི་བཅོ་ལྔ་དེ་ཅིག་མཆོད་ནི་ཡོད་བ་འ་ནཱི་བསྒང་ནམ་སྲོཔ་ད་དཀར་མེ་གཅིག་འབག་འོང་འབད་སྦེ་ཏེ་ འ་ནཱ་མཆོད་དགོ་ལགས་ འ་ནཱ་ལུ་ འ་ནཱ་མཚོ་ཆགས་ཆགསཔ་ཨིན་ཟེར་སླབ་མས་ཏེ་ ཨ་ནཱི་གཞན་མི་ཚུ་འདི་ག་ར་དེམ་ཨིན་མོན་བྱཱ་ཚུ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་ནཱ་ལས་ཕར་ཧེ་མ་འབདན་ཨ་ནཱི་ཚར་འཐག་སུ་ཡོད་བུ་ལགས?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཚར་ཐག་བཙུགས་འབད་སྦེ་ ནོར་བཏགས་སུ་སྦེ་ བཟོ་བཞག་འོང་མས་བ་ད་འབྱང་དོ་ལགས་ག་ར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ ཨ་ཕར་ལས་གི་ཚུ་འདི་ཨ་ནཱི་ཨིན་མས་ལགས་ནོར་གྱི་རྩྭ་བླུགས་བཞག་འབད་སྦེ་ ཟ་སུ་ཨིན་པས་ལགས་ འ་ནཱ་ལས་ཕར་ ཨ་ནེ་སྦེ་བླུགས་བཞག་སྦེ་ ཏེ་ཨ་ནཱ་ལས་ཟ་ཐགཔ་བཏགས་འབད།
  • བདེ་ཆེན་དབང་མོ་ Dechen Wangmo
    ནོར་འདི་ཚུ་བཙུགས་དེའི་ལྟག་ལུའི་འདི་ནང་ལུ་བར་ཁྱི(ཁྱིམ་)ཟེར་སླབ་ཨིན་ལགས་འ་ནཱ་ལས་ཕར་ག་ར་རེད་འདེགས་བཞགཔ་ཨིན་ལགས།ཏེ་ དང་ཕུ་གི་ཕམ་ཨ་ནཱི་བངམ་འདི་ཚུ་ད་ལྟོ་ཡང་ཡོད།
  • བདེ་ཆེན་དབང་མོ་ Dechen Wangmo
    བར་ཁྱི་ལགས་ཨ་ནཱ་ལས་ཕར་ག་ར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • འ་ནཱི་སྦེ་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འེང་ལགས་སོ་ དང་ཕུ་གི?
  • ཨོང་ལགས་དང་ཕུ་གི་ཨ་ནཱི་བངམ་བཞི་སྐོར་ཁར་སྦེ་འདུག་བ་ལགས་གྱང་ཡར་ནང་ན་ཡང་ཅོག་ར་གཅིག་ཨ་ནཱི་སྦེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་དང་ཕུ་རོགས་ལཱ་འབད་མི་ཡང་རྒྱགས་ཚད་ཡོད་གཞིས་ཡང་སྦོམ་སྦེ་ཡོད་འབད་ཏེ་ག་ར་ལྟེམ་ལྟེམ་སྦེ་ བླུགས་འ་ནཱི་སྦེ་བཞགཔ་ཨིན་ཟེར་ སླབ་མས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་གི་ལྟག་ལུའི་ནང་ཏེ་ ང་བཅས་ར་ཆ་ཁྱབ་སྡོདཔ་ཨིན།མཆོད་བཤམ་ཐབ་ཚང་ཡུང་(ཨེབ་ཅུང་)ཕུག་འདི་ཚུ་ག་ར་འ་ནཱ་ལས་ཕར་ཡོད་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་འདི་ཐབ་ཚང་ཨ་ནཱི་འདི་དང་ཕུའི་ལུགས་སྲོལ་སྦེ་ཨ་ནཱི་བཞེས་སྒོ་འདི་ཚུ་ འ་ནཱི་འབད་ཟ་ང་བཅས་ད་ལྟོ་བར་ན་ཡང་ཆོ་ག་བཏང་འ་ནཱི་འབདཝ་ད་ ཏེ་ནཱ་འབད་རང་འབདཝ་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ མགྱོནམོ་རེ་འོང་འབདཝ་ད་ཁོང་གིས་ ཐབ་གུ་འབད་དགོ་པས་ཟེརཝ་ད་ཏེ་ ཨ་ནཱ་སྦེ་ལྟོ་འབད་དེ་ལས་ཨ་ཡར་ཡུང་ཨ་ཡར་ཡི་འདི་ ཡུང་ཟེར་སླབ་ཨིན་ལགས།ཡར་ལྟག་ལུ་ ཏེ་ འ་ནཱ་བསྐྱེལ་དང་ཕུའི་ལུགས་སྲོལ་སྦེ་རང་ཨེན་ཏ་གུ་སྡོད་འབད་སྦེ་གྱལ་བཅད་དེ་ར་འ་ནེ་སྦེ་ཟཝ་ཨིན་ལགས།
  • ལགས་སོ།
  • དེ་ལས་ཨ་ནཱི་འདི?
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཆུ་ས་འདེགས་སུ་ཨིན་ན?
  • བདེ་ཆེན་དབང་མོ་ Dechen Wangmo
    ཆུ་འདེགས་སུ་ཨིན་ལགས་ ཆུ་རྫ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་འདི་ ཚེ་རིངམོ་ཆགས་ཆགསཔ་ཨིན་ཟེར་སླབ་ཨིན་ལགས་འ་ནཱི་གུ་གནམ་མེད་ས་མེད་ལེགས་ཤོམ་ཨིན་ཟེར་ཨ་རྒས་ཀྱིས་ འ་ནེ་སྦེ་ར་གསུང་ནི་ཡོད་ཨ་རྟག་ར་ཏེ་ ཨ་ནཱི་དུས་བཟང་དུས་བཟང་བསྒང་འཕྱག་དེ་ལས་ བསང་གཏང་སྦེ་བཞག་དགོ་འ་ནཱི་སྦེ་ ཚེ་རིངམོ་ཆགས་ཆགསཔ་ཨིན་ཟེར་ཏེ་ འདི་ནང་ལས་ ཨ་ནཱི་ཆུ་རྫ་ཟེར་མི་འདི་ཨིན་མས་བ་ལགས་ཆུ་རྫ་ཟེར་ཆུ་རྫ་ཟེར་མི་འདི་ནང་ལས་ཆུ་འཐུང་པ་ཅིན་ནད་གདོན་དེ་ཚུ་ཡང་ག་ར་དག་ཟེར་འ་ནེ་སྦེ་ཨ་རྒས་རྒས་ཤོས་ཚུ་གིས་ འ་ནེ་སྦེ་གསུང་ནི་འདུག་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    འམ་་་ ཏེ་ཨ་ནཱ་ཕར་ཚུ་གིནི་རྫམ་མས་སྨོ་ཤིག་ལགས་ད་ད་རེས་འབད་ཚེ་དེ་སྦེ་ གནམ་མེད་ས་མེད་ལཱ་བཀོལ་ནི་མེད་བ་ཏེ་དང་ཕུ་ཏེ་ག་ར་ལྟོ་འབད་རུང་ཚོདམ་བཙོ་རུང་ཇ་སྐོལ་རུང་ག་ར་འ་ནཱ་ཨིན་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ ཨ་ནཱི་ཚུ་འདི་ ཆང་སྐོལ་ནི་མས་སྨོ་ཤིག་ལགས་ཨ་ནཱ་ལུ་ཆང་འདེགས་ནི་རྒྱ་རྫི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་ནི་ཚུ་ཆང་གི་ལྟག་ལས་ཀྱི་ ཨ་ནཱི་རྫམ་འདི་ཚུ་མས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ཨ་ནཱི་རྒྱ་རྫི་ར་ཨིན་ན་ལགས་ཨ་ནཱི?
  • བདེ་ཆེན་དབང་མོ་ Dechen Wangmo
    ཨིན་ལགས་ཨ་ནཱི་ཚུ་ག་ར་རྒྱ་རྫི།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ཆང་གི?
  • བདེ་ཆེན་དབང་མོ་ Dechen Wangmo
    ཆང་གི་རྒྱ་རྫི།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་འདི་ཕུག་ཨིན་ལགས།
  • ཡེ་ཤེས་དབང་ཕྱུ Yeshey Wangchuk
    ཕུག་ཟེར་སླབ་ཨིན་ན?
  • བདེ་ཆེན་དབང་མོ་ Dechen Wangmo
    ཕུང་ཟེར་སླབ་ཨིན་ལགས་ད་ད་རེས་ནངས་པ་འབདན་store room (གཉེར་ཚང་)མས་སྨོ་ལགས།
  • ཡེ་ཤེས་དབང་ཕྱུ Yeshey Wangchuk
    འེང་་་།
  • བདེ་ཆེན་དབང་མོ་ Dechen Wangmo
    ཆུམ་ཤ་འཛརཝ་མར་དར་ཚིལ་ག་ར་ཨ་ནཱ་ལུ་བཞགཔ་ཨིན།
  • ཡེ་ཤེས་དབང་ཕྱུ Yeshey Wangchuk
    འེང་ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་ནཱི་ཨ་ནཱ་ལས་ཕར་གྱི་ཚུ་འདི་ཁྲོ་ཅུང་འདི་ཚུ་ཨིན་ལགས་ཏེ་ ཨ་ནཱི་ཁྱིམ་འདི་ནང་ལུ་ཧེ་མ་རོགས་དང་ཕུ་སྡེཔ་གི་གཟིམ་ཅུང་འབད་ནི་དེ་གིས་ཁྱིམ་འདི་ཨ་ནཱི་སྦེ་ལྷ་ཁང་སྐོར་ཨཱ་་་མཆོད་བཤམ་སྐོར་ར་རྐྱབ་འགྱོ་བཏུབ་འབད་ཨིན་མས་བ་ལགས།
  • ཡེ་ཤེས་དབང་ཕྱུ Yeshey Wangchuk
    འེང་་་ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་མར་ལས་སྦེ་འཛུལ་ཨ་ནཱ་ལས་ཕར་སྦེ་ཕར་འགྱོ་ད་རུང་ཕར་ལས་སྦེ་མཆོད་བཤམ་ནང་ལས་སྦེ་ ཏེ།
  • ཡེ་ཤེས་དབང་ཕྱུ Yeshey Wangchuk
    འེང་་་ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་རེས་ནང་པ་ཡར་རྫོང་ནང་རྣམ་རྒྱལ་སྟོང་མཆོད་བཏང་ནི་འདུག་བུ་ལགས་འ་ནཱི་བསྒང་སྐོར་ར་རྐྱབ་ནི་ཡོད་མེན་ན་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འོང་འོང་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་གི་རྐྱབ་ད་ཏེ་ ང་བཅས་ནཱ་གཡུས་ཁ་གི་ཁྱིམ་འབདཝ་ད་ཏེ་ ཨ་ནེ་སྦེ་མ་པ་ལས་མཆོད་བཤམ་འདི་སྦུག་ལུ་བཞག་སྦེ་ ཏེ་སྐོར་ར་རྐྱབ་འགྱོ་བཏུབ་སྦེ་ ཏེ་ ནཱ་ལས་ཕར་འཛུལ་ཕར་ལས་སྦེ་མར་མཆོད་བཤམ་ནང་ལས་སྦེ་འཐོན་སྦེ་འ་ནེ་སྦེ་ཨིན་ལགས་ཨ་ནེ་སྦེ་མས།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ གཅིག་འདི་ཨ་ནཱ་ཨ་ནཱི་ཡོད་ལགས་དང་ཕུ་གི་ཕྱུགཔོ་འདི་ཚུ་གི་ཁྱིམ་ནང་ལུ་ཨ་ནཱི་སྒོ་དྲེགཔ་ཟེར་ཆགས་ནི་འདུག་བ་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འོང་འོང།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་འ་ནཱི་སྒོ་དྲེགཔ་འདི་ཕུང་ནང་ཁ་བལྟ་འོང་པ་ཅིན་ ཕྱུགཔོ་ཨིན་ཟེར་སླབ་ཨིན་ལགས།ཏེ་ འ་ནཱི་ང་བཅས་ཀྱི་འདི་ནང་ན་ཕུང་ནང་ཁ་བལྟ་སྦེ་འཛུལ་དེས་ཨ་ནེ་སྦེ་ཨེན་ཏ་གུ་ལས་ ཨ་ནེ་སྦེ་སྒོ་དྲེགཔ་ཟེར་ཆགས་ནི་འདུག་བ་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འོང་ལགས།
  • ཏེ་ ཕར་སྒོ་འགྱིམ་འགྱོ་སྟེ་འབད་ ཐོན་ཡར་སོང་པ་ཅིན་ཏེ་ སྤྱང་ཀ་འགྱོཝ་ཨིན་ཟེར་སླབ་མས་ལགས་ཏེ་ འ་ནཱི་འདི་ང་བཅས་ཀྱི་འདི་ནཱ་ཕུང་ནང་ཨིན་ལགས།ཏེ་འ་ནེ་སྦེ་འདུག་འ་ནེ་སྦེ་འ་ནཱི་འདི་ད་ལྟོ་ཡང་མཐོང་མས་སྨོ་ཤིག་ལགས་འ་ནེ་སྦེ་འདུག
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ཕུང་ནང་ཟེར་ཡ?
  • བདེ་ཆེན་དབང་མོ་ Dechen Wangmo
    ཕུང་ཨིན་ལགས་འ་ནཱི།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ཕུང་།
  • བདེ་ཆེན་དབང་མོ་ Dechen Wangmo
    ཕུང་ནང་ལུ་སྦེ་ སྒོ་དྲེགཔ་འདི་ཕུང་ནང་སྦེ་ཆགས་ཏེ་ཡོད་ནི་དེ་གིས་ཏེ་ ཕྱུག་མི་འདི་ འ་ནི་ཨིན་ཟེར་ ཨིན་པས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་ནཱི་འདི་ མཆོད་བཤམ་འདི་ འ་ནཱི་ཨིན་ལགས་དེ་ལསནི་ད་ཅི་ང་ཞུ་དོ་བཟུམ་སྦེ་སྐོར་ར་རྐྱབ་སྟེ་འགྱོཝ་ད་སྒོ་འདི་ འ་ནཱ་སྦེ་ཨིན་ལགས་འ་ནེ་སྦེ་སྐོར་ར་རྐྱབ་འགྱོ་སུ་སྦེ་ཏེ་ ནཱ་གི་རྟེན་གཙོ་བོ་འདི་གུ་རུ་ཨིན།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ ཨ་ནེམ་ཅིག་ཡང་ད་དེ་བསྒང་རོགས་ནཱ་སྡེཔ་འབད་ནི་དེ་གིས་ཏེ་ དགྲ་ལྷ་དེ་ཚུ་འ་ནེ་སྦེ་གསོལ་དོཝ་མས་ལགས།ཏེ་ དགྲ་ལྷ་གཅིག་ཡོད་ལགས་ཨ་ཕར་ལུ་སྐུ་འདི་མཇལ་ཚུགསཔ་འ་ནཱི་ཟླཝ་བཞི་པའི་ནང་ཨ་རྟག་ར།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    མཇལ་ཚུགསཔ་ག?
  • བདེ་ཆེན་དབང་མོ་ Dechen Wangmo
    མཇལ་ཚུགས་ ཟླཝ་བཞི་པའི་ནང་ཨ་རྟག་ར་གསོལ་དགོ་ལགས་འ་ནི་དགྲ་ལྷ་འདི།
  • དཔོན་ཆེ་ལ་ Penchela
    དགྲ་ལྷ་གི་མཚན་ག་ཅི་ཞུ་སྨོ?
  • བདེ་ཆེན་དབང་མོ་ Dechen Wangmo
    དགྲ་ལྷ་དཔང་བསྟོད་ར་ཟེར།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    དགྲ་ལྷ་དཔང་བསྟོད། འེང་་་ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱ་ལས་བྱོན་དགོ་འ་ནཱི་ཨིན་ལགས་ནཱ་གི་དགྲ་ལྷ་འདི་ འ་ནཱི་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་ཨིན་ ད་དགྲ་ལྷ་འདི་བཏབ་རུང་བཏུབ་པས་ད་ཨ་ཡར་ཡི་མཆོད་བཤམ་འདི་མ་བཏབ།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལགས་སོ།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ནམ་གསོལ་དགོ་ལོ་ལགས་དགྲ་ལྷ?
  • བདེ་ཆེན་དབང་མོ་ Dechen Wangmo
    ཟླཝ་བཞི་པའི་ནང་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཟླཝ་བཞི་པའི་ཚེས་འབད་ཚུགསན་ཚེས་བཅོ་ལྔའི་ཚེ་གསོལཝ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འེང་་་།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་འདི།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ག་གིས་ད་ནཱ་གི་རྣལ་འབྱོརམ་གྱིས་སྦེ་གསོལཝ་ཨིན་ན?
  • བདེ་ཆེན་དབང་མོ་ Dechen Wangmo
    མེན་ལགས་ཨ་ནཱི་འདི་ང་རའི་ཧེ་མ་འབདན་ཨ་རྒས་བླམ་གཅིག་བཞུགས་ཡི་བ།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འེང་་་ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ད་འདི་ད་ང་རའི་ཨ་ཞང་ཨའི་གི་སྤུན་ཆ་བླམ་གཅིག་ཡོད་བ་ལགས་ཁོ་གིས་རང་གསོལཝ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་ནཱ་ཁོང་གི་ཁྲི་འདི་ཚུ་ཨ་ནཱ་འོང་མས་ཏེ་ལགས་སྡེ་སྲིད་ཀྱི་ནེམ་གཟིམ་ཅུང་ར་ཨིན་མས་བ་ཏེ་ལགས་འ་ནཱི་འབད་ནི་དེ་གིས་ཏེ་ ཨ་ནཱི་ཚུ་ཁོང་གི།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འེང་་་ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    གཟིམ་གཟིམ་སུ་འོང་མས་ལགས་ཏེ་ ཨ་ནཱི་སྡེ་སྲིད་ཚུའི་ཤུལ་ཤུལ་གི་ཨམ་ ཨམ་འདི་མིང་ར་ཨམ་ རྟ་མགྲིན་བུ་དར་ཟེར་སླབ་ནི་འདུག་བ་ འ་ནཱི་འབད་བའི་བསྒང་ལས་ཏེ་ མོ་ཨམ་སྲུ་འབད་ཞིནམ་ལས་ཨ་ཕར་ཕར་སྡོད་འབད་སྦེ་ཏེ་ ཨ་ཕར་ལས་དེ་བསྒང་གཞུང་ལམ་ཨ་མར་ལས་མས་བ་སྨོ་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འོང་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་འབདཝ་ད་ཏེ་ཨ་ནཱ་ལས་མར་འགྱོཝ་ཅིག་ ཏེ་ ཨ་ཕར་ལས་ མོ་གིས་ ནཱ་གི་ཁྱིམ་འདི་མཐོངམ་ཅིག་ ཏེ་རྟ་གུ་ལས་འབབ་དཔའ་རྟགས་འདི་ཚུ་ཡང་འཕུད་ཞྭམོ་འཕུད་འབད་སྦེ་ཏེ་ རྟའི་དྲིལབུ་འདི་ཚུ་ཡང་སུབ་སྦེ་མར་འབབ་སྦེ་འགྱོ་དགོ་ཟེར་སླབ་མས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་མེན་པ་ཅིན་ མོ་གིས་ནཱ་ལས་མར་ མི་འདི་ཚུ་དཔག་ཏེ་ འ་ནེ་སྦེ་འབད་བའི་ཟེར་སླབ་མས་ཏེ་ མོ་ག་ཅི་འབད་ཟེར་སླབ་པ་ཅིན་རྒྱུད་པ་གི་ དེམ་འབད་ནི་དེ་གིས་འ་ནེ་སྦེ་སླབ་ནི་འདུག་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ དེ་གི་ལྟག་ལུ་ད་ལྟོ་ཨཱ་་་ ཨ་ནེ་སྦེ་ མི་སྡོད་བཏུབ་སྦེ་ར་ཡོད་ལགས་དང་ཕུ་འབདན་ཏེ་རོགས་ཐུན་རེ་བཏང་འ་ནེ་སྦེ་བཞུགས་དོ་འོང་མས་རོགས་བླམ་ཆོསཔ་འདི་ཚུ་ཐོག་ཁར་འདི་ ཏེ་འ་ནེ་སྦེ་ ད་ལྟོ་ག་ནི་ཡང་མེད་སྦེ་སྡོད་མི་འདི་ འ་ནེ་སྦེ་མཐོངམ་མས་ཏེ་དང་ཕུ་འདི་ ཏེ་རོགས་ཨ་ནཱི་ ཨ་ནཱ་ལས་མར་ཐུན་བཏང་འ་ནེ་སྦེ་བཞུགས་དོ་འོང་མས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨེན་ཏ་ཐིང་ཐིང་གཞི་ཨེན་ཏ་ཐིང་སྦེ་རང་འདུག་བ་སྨོ་ཤིག་ལགས་ཏེ་ ཨ་ནཱི་དང་ཨ་ཕི་དེ་དང་ག་ར་ཅོག་ར་གཅིག་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ འདིའི་ལྟག་ལྟག་ལུ་འདི་ནང་ ཏེ་ ཨ་ནེ་སྦེ་ ང་བཅས་ར་གཡུས་ཁར་ལས་ཕར་བཀལ་དོ་བཟུམ་སྦེ་སོག་མ་འདྲཝ་ཀར་ནག་འདི་ཚུ་བཀལ་ཏེ་འ་ནེ་སྦེ་ཨ་ནཱི་ཐོག་ལྔ་གི་བརྩིས་འ་ནེ་སྦེ་ཡོད་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ འ་ནཱ་ལས་ཡར་ཐོག་ཁར་འཛེགཔ་ད་འབདན་ཏེ་ འ་ནཱི་ག་ཅི་ལོ་ཀར་ནག་སོག་མ་འདི་ཚུ་བཀལ་འབད་བཞག་ས་འདུག་བ་ལགས་ཨ་ནཱ་ལས་གཅིག་ཕར་ལས་གཅིག་ཡོད།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ ཨ་ནཱི་འདི་འ་ནེ་སྦེ་འཛུལ་དགོ་ལགས་བལྟ་ཤིག་ད་དང་ཕུ་གི་ཨེ་ཁུ་ཨཱེ་་་།
  • བདེ་ཆེན་དབང་མོ་ Dechen Wangmo
    འམ་་་ད་དང་ཕུ་ད་རེས་ནངས་པ་བཟུམ་སྦེ་ ཨ་ནཱི་མིན་འདུག་བ་ཏེ་སྨོ་ཤིག་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འོང་།
  • བདེ་ཆེན་དབང་མོ་ Dechen Wangmo
    ག་ཅི་ལོ་ འམ་་་ཤ་ཁང་འདི་ཚུ་མེད་པ་ཏེ་སྨོ་ཤིག་ལགས་ཏེ་ དང་ཕུ་ཡོད་མི་གིས་ ཏེ་ཕྱུགཔོ་འདི་ཚུ་གི་ཁྱིམ་ནང་ལུ་ ཏེ་ལ་ཁར་ལས་གཡག་གཡག་དང་ཨ་ནཱི་ཚུནི་ཏེ་ ལོ་རེ་གཡག་ག་དེ་རེ་བཙུགས་ཏེ་ཡོད་རུང་ཏེ་ འ་ནཱི་གཡག་བཙུགས་འ་ནེ་འབདཝ་ད་ཏེ་ ཤ་འདི་ཚུ་འ་ནཱ་བརྡལ་དོ་ཡོདཔ་མས་ཏེ་ ད་ལྟོ་ཨ་ནཱི་སྦེ་ཨ་ནི་ཚུ་ཤ་བརྡལ་ནི་གི།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ཨ་ནཱི་ཨ་ནཱི་ཤིང་ཨིན་མས་སྨོ?
  • བདེ་ཆེན་དབང་མོ་ Dechen Wangmo
    འོང་ལགས་ཨ་ནེ་སྦེ་ཤ་རྐངམ་སྦེ་ཨ་ནེ་སྦེ་དཔྱང་བཞག་ས་ཨིན་མས་ལགས་ཨ་ནཱི་ཚུ་ཨ་ནེ་སྦེ་ཏེ་ ཕར་ཧོངས་ཀྱི་འདི་ནང་ལུ་འདི་ཏེ་ ཨ་ནེ་སྦེ་དེམ་སྦེ་ཡོད་ལགས་ཨ་ནཱི་ག་ཅི་ལོ་ཀར་ ནག་སོག་མ་འདི་ཚུ་བཞག་སུ་མས།
  • བདེ་ཆེན་དབང་མོ་ Dechen Wangmo
    འོག་ཐོག་འོག་ཐོག་འདི་ཨོག་ཀ་ནང་ཨོག་ཀ་ནོར་གྱི་ཨོག་ཀ་སྦེ་དེའི་ལྟག་ལུ་གི་འདི་བར་ཁྱིམ་རེད་འདི་ཚུ་འབྲུ་འདི་ཚུ་བླུགས་བཞག་སུ་དེ་ལསནི་དེའི་ལྟག་ལུ་གི་འདི་ང་བཅས་ར་མི་སྡོད་ས་འདི་མཆོད་བཤམ་དང་ཐབ་ཚང་ག་ར་གཅིག་ཁར་སྦེ་ཨིན་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལསནི་དེའི་ལྟག་ལུ་འ་ནེ་སྦེ་ད་ལྟོ་འདི་ཨ་ནེ་སྦེ་ཨེན་ཏ་ཐིང་འ་ནེ་སྦེ་འདུག་དེ་འབདཝ་ད་ དང་ཕུ་འདི་བླམ་ཆོསཔ་ཚུ་ཐུན་བཏང་ཨ་ནེ་སྦེ་བཞུགས་དོ་ཡོདཔ་འདྲས་ལགས་ཨ་ནཱི་སྦེ་ དེ་སྦེ་ར་འདུག་ཏེ་ དེའི་ལྟག་ལྟག་ལུ་འབདན་ཏེ་ འ་ནེ་སྦེ་སོག་མ་འདི་ཚུ་བཀལ་བྱཱོ་རྒྱ་རེད་ཀར་འདི་ཚུ་འ་ཡར་ལུ་བཞག་སྦེ་འ་ནེ་སྦེ་བཞགཔ་མས་ལགས་ཐོག་ལྔ་འདུག་ལགས།